མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིས་ཅིན་ཕིན་སླེབས་རུང་ཁྱད་པར་ཡོད་མི་སྲིད།

བོད་ཀྱི་དུས་བབ།
༢༠༡༡/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

  བུ་ཆུང་བསོད་ནམས་བརྩམས།   ས་དཀར་བཀྲ་ཤིས་ཀྱིས་བསྒྱུར།

བོད་༼བཅིངས་འགྲོལ༽་བཏང་སྟེ་ལོ་འཁོར་༦༠ ལོན་པའི་མཛད་སྒོའི་སྟེང་ཞིས་ཅིན་ཕིན་གྱིས་གཏམ་བཤད་བྱས་དོན་༼ང་ཚོས་ངེས་པར་ཏུ་ཏྰ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་སྤེལ་བར་འཐབ་རྩོད་བྱ་དགོས་བ་དང་། རིགས་སོ་སོའི་ལས་བྱེད་མང་ཚོགས་དང་ལྷན་དུ་བོད་ཀྱི་བརྟན་ལྷིང་ལ་གཏོར་བརླག་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་གནོད་འཚེ་གཏོང་བའི་འཆར་གཞི་ཐ་དག་ཐལ་བའི་རྡུལ་དུ་བརླག་དགོས།༽ ཁོང་གིས་མུ་མཐུད་དུ་༼བོད་ཀྱི་མི་ལོ་ ༦༠ ཡི་ཆེས་སྤྱིར་བཏང་མ་ཡིན་པའི་ཡར་རྒྱས་བརྒྱུད་རིམ་གྱིས་འགྱུར་མེད་ཀྱི་གཏན་ཚིགས་ཤིག་བཞེངས་ཡོད་དེ།  ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད་ལ།  བོད་ལྗོངས་གསར་བའང་མེད༽ཅེས་བརྗོད།

ལོ་རྗེས་མར་ཞིས་ཅིན་ཕིན་གྱིས་ཧོའུ་ཅིན་ཐོ་ཡི་རྒྱུད་བཟུང་སྟེ་རྒྱ་ནག་གི་སྲིད་འཛིན་དང་དམར་ཤོག་ཚོགས་པའི་འགོ་ཁྲིད་ཆགས་རྒྱུ་རེད། ཡིན་ནའང་།  ངྷ་རམ་ས་ལའི་མཐོ་རིམ་མགོ་ཁྲིད་ཁྲོད་བརྗོད་མི་ཤེས་པའི་སྤྲོ་སྣང་དང་རེ་བ་ཞིག་འཁྱིལ་འདུག་ལ།  རེ་བའི་འོད་སྣང་དེ་ཕལ་ཆེར་པེ་ཅིན་ཕྱོགས་ནས་ཡོང་བ་འདྲ།  བློ་བཟང་སེང་གེ་ཡིས་བཙན་བྱོལ་བོད་ཀྱི་སྲིད་བློན་འོས་མིའི་འགྲན་བསྡུར་སྐབས་༼ཁོང་ད་ལྟ་སྲིད་བློན་དུ་བདམས་ཟིན༽ཐེངས་མང་པོིར་ ༢༠༡༢ ལོར་ཞིས་ཅིན་ཕིན་གྱིས་སྣེ་ཁྲིད་པའི་དཔོན་རིགས་ཚོ་སྡིངས་ཆའི་སྟེང་སླེབས་རྗེས་གནས་ཚུལ་ལ་འགྱུར་ལྡོག་འབྱུང་ངེས་བ་རེད་ཅེས་བརྗོད་ལ།  དེ་དང་མཚུངས་བར། ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཡིས་གྲོས་ཚོགས་སྐབས་བཅོ་ལྔ་བའི་ཚོགས་འདུ་ཞིག་གི་སྟེང་ཁོང་གི་ཆེས་མཐའ་མའི་གཏམ་བཤད་སྤེལ་སྐབས་འདི་ལྟར་བརྗོད་ཡོད་དེ་༼འཛམ་གླིང་གི་གནས་སྟངས་ལ་འགྱུར་ལྡོག་འགྲོ་བཞིན་ཡོད། ལྷག་པར་དུ་དཀྱིལ་ཤར་ཡུལ་གྲུ་ཁག་ལ་འགྱུར་བ་འགྲོ་བཞིན་པ་རེད།  མ་འོངས་བའི་ལོ་འགའི་ནང་རྒྱ་ནག་ལའང་འགྱུར་བ་འགྲོ་སྲིད་པ་རེད།༽ཞེས་གསུངས་ཡོད།

ཡིན་ནའང་།  མིག་སྔར་གྱི་གནས་སྟངས་ལ་གཞིགས་ཚེ།  བོད་རང་དབང་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་རྡོ་རྗེ་ཡིས་རེ་བ་ཆེན་པོ་བཟུང་ཡོད་པ་དེ་ལ་མོས་མཐུན་མེད་པ་དང་།  བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་ཁུངས་ལྟེ་བ་ནེའུ་ཡོག་ཏུ་ཡོད་ལ།  ཚོགས་པ་འདིས་འཚེ་མེད་ཞི་བའི་སྒོ་ནས་ལས་འགུལ་སྤེལ་ཏེ་བོད་རང་དབང་རྩོད་ལེན་བྱེད་ཀྱི་ཡོད། བསྟན་འཛིན་རྡོ་རྗེ་ཡིས་༼ཞིས་ཅིན་ཕིན་གྱི་ཕ་རྒན་ནི་བཅོས་བསྒྱུར་མཁན་ཞིག་རེད།  ཁོང་གི་ཆུང་མ་ནི་སྒྱུ་རྩལ་བ་ཞིག་རེད།  ཁྱིམ་རྒྱུད་ཀྱི་འབྲེལ་བ་འདིས་མི་ཁ་ཤས་ཤིག་ལ་ཁོ་རང་མགོ་ཁྲིད་ཆགས་རྗེས་འགྱུར་བ་ཞིག་ཡོང་གི་རེད་བསམ་པའི་རེ་བ་ཞིག་སླེབས་ཏུ་འཇུག་མོད།  ཡིན་ནའང་ཞིས་ཅིན་ཕིན་ནི་མཁྲེགས་འཛིན་ཅན་གྱི་ཆབ་སྲིད་པ་ཞིག་རེད་ལ། རྒྱ་ནག་དང་བོད་གཉིས་གར་མཚོན་ན་ཁོང་གིས་རླབས་ཆེ་བའི་བསྒྱུར་བཅོས་ཞིག་བྱ་རྒྱུའི་རེ་བ་དང་འཆར་སྣང་ཡོད་མི་སྲིད་པ་ཞིག་རེད།༽ཅེས་བརྗོད།  

ཞིས་ཅིན་ཕིན་གྱི་ཕ་རྒན་ཞིས་ཀྲོན་ཡན ་ནི་རྒྱ་ནག་གི་སྲིད་བློན་ཟུར་བ་ཞིག་ཡིན་ལ། ༡༩༥༤དང་༥༥ལོའི་དབར་པེ་ཅིན་དུ་ཏྰ་ལའི་བླ་མ་དང་ལྷན་མཇལ་འཕྲད་གནང་མྱོང་བ་དང་།  ཏྰ་ལའི་བླ་མས་ཁོ་ལ་Rolex རྟགས་ཅན་གྱི་ཆུ་ཚོད་ཞིག་ལག་རྟགས་སུ་སྤྲད་ཡོད་པར་བརྗོད།  དུས་རབས་སྔ་མའི་ལོ་རབས་༨༠ནང་། རྡ་རམ་ས་ལའི་སྐུ་ཚབ་ཚོགས་པ་པེ་ཅིན་དུ་གཟིགས་སྐོར་ལ་བསྐྱོད་སྐབས།  ཞིས་ཀྲོན་ཡན་ནི་རྒྱ་ནག་གཞུང་འབྲེལ་གྱི་གྲོས་མོལ་གནང་མཁན་ཡིན་ལ།  ཁོ་ཉིད་རང་དབང་གི་ལྟ་བ་དང་བསམ་བློ་ལྡན་མཁན་ཞིག་ཡིན་པར་གྲགས།  ཡིན་ནའང་ཞིས་ཅིན་ཕིན་སྒེར་གྱི་ཆབ་སྲིད་ལྟ་བ་ནི་རབ་རིབ་ཅིག་ཡིན་ལ།  ལོ་རྗེས་མ་ཁོ་རང་རྒྱ་ནག་གི་འགོ་ཁྲིད་ཆགས་ནའང་མུ་མཐུད་དེ་ལྟར་ཡིན་ངེས་རེད།

ཞིས་ཅིན་ཕིན་གྱི་ཆབ་སྲིད་ལྟ་བ་ད་རུང་གསལ་བོ་མིན་པས་ཁོང་གིས་རང་ཉིད་ཀྱི་དབང་ཆའི་རྨང་གཞི་སྲ་བརྟན་གཏོང་དགོས་བ་དང་།  ཁོང་གིས་ཉེ་ཆར་ལྷ་སར་སྤེལ་བའི་གཏམ་བཤད་ལས་ཁོ་རང་ལྡིངས་ཆའི་སྟེང་སླེབས་རྗེས་མུ་མཐུད་པེ་ཅིན་གྱིས་བོད་ལ་འཛིན་པའི་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།  དངོས་ཡོད་གནས་ཚུལ་འདི་དག་ལ་གཞིགས་ནས་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་ཐུབ་བསྟན་བསམ་འཕེལ་གྱིས་བརྗོད་དོན།  ༼ཞིས་ཅིན་ཕིན་གཅིག་པུ་ཡིས་བོད་ཐོག་འཛིན་པའི་སྲིད་བྱུས་གུ་ཡངས་ཏུ་གཏོང་མི་ཐུབ་ལ།  ཁོང་གིས་ངེས་པར་ཏུ་དབུས་ཆབ་སྲིད་ལྷན་ཁང་གི་ལས་རོགས་ཚོ་ལ་བསྟུན་མཁས་བྱེད་དགོས་བ་དང་།  ཁོང་ཚོས་བསམ་འཆར་ལ་ཉན་དགོས།  ངས་འདོད་ཚུལ་ནི་ཞིས་ཅིན་ཕིན་དང་ཁོང་གི་ལས་གྲོགས་ཚོའི་མུ་མཐུད་དུ་མིག་སྔར་བོད་ལ་བཟུང་བའི་མཁྲེགས་འཛིན་སྲིད་བྱུས་དེ་རྒྱུན་འཁྱོངས་དང་བརྟན་སྲུང་བྱ་རྒྱུ་ཡིན་པ་རེད།༽ཅེས་བརྗོད།

དེ་ལྟར་ན་ཐེངས་རྗེས་མའི་བོད་རྒྱ་འབྲེལ་མོལ་གྱི་རེ་བ་ནི་ཤིན་ཏུ་ཕྲ་ལ། ཞིས་ཅིན་ཕིན་གྱིས་ད་རུང་གདོང་ལེན་བྱ་དགོས་བའི་གནད་དོན་ཚབས་ཆེན་མང་སྟེ།  ལོ་ངོ་བཅུ་ཕྲག་རིང་ཚད་བཀག་མེད་པར་ལང་ཤོར་ཏུ་བཏང་བའི་དཔལ་འབྱོར་འཕེལ་རྒྱས་དང་།  ཐོན་ཁུངས་ཆུད་ཟོས་སུ་བཏང་བ་དེས་ཁོར་ཡུག་ཉམས་གསོ་དཀའ་བའི་གཏོེར་བརླག་ཚབས་ཆེན་བཏང་བ།  སྤྱི་ཚོགས་ཀྱི་ཟུངས་ཟད་ཅིང་།  བོད་དང་ཞིན་ཅིང་།  ནང་སོག་ལས་གཞན།  ལོ་ལྟར་ཁྲི་ ༡༠ ལས་བརྒལ་བའི་སྤྱི་ཚོགས་སྟེང་གི་ངོ་རྒོལ་ལས་འགུལ། དཔལ་འབྱོར་ལ་ཁྱོན་ཡོངས་ནས་སྙོམས་སྒྲིག་བྱེད་དེ་མུ་མཐུད་གོང་འཕེལ་གཏོང་དགོས་བ་སོགས་ཡོད།

བཙན་བྱོལ་བོད་མིའི་མཐོ་རིམ་མགོ་ཁྲིད་ཚོའི་ང་ཚོས་གདེང་ཚོད་ལྡན་པ་དང་འགན་འཁྲི་ཡོད་པའི་རྒྱ་ནག་ཞིག་དང་འབྲེལ་བ་གནང་གི་ཡོད་ལ། དེ་ནི་དཔལ་འབྱོར་སྟོབས་ཤུགས་ཀྱིས་རྒྱབ་རྩ་བྱེད་ཅིང་ཆེ་མཐོང་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པར་ཚོད་དཔོག་བྱེད་ཀྱི་ཡོད།  ང་ཚོས་རྒྱུན་དུ་གླེང་བཞིན་པ་དང་།  ད་ལྟ་ད་དུང་བསྐྱར་བཟློས་བྱེད་བཞིན་པའི་སྐད་ཆ་ཞིག་ནི།  གལ་སྲིད་བོད་འདི་རྒྱ་ནག་དང་མཉམ་གནས་བྱེད་ཚེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཁེ་ཕན་ཡོད་པ་རེད་ཅེས་བརྗོད་ཀྱིན་ཡོད།  ཡིན་ནའང་།  ཚོད་དཔོག་འདི་དང་དངོས་ཡོད་གནས་ཚུལ་དབར་ཁྱད་པར་ཤིན་ཏུ་ཆེ།  དེ་རིང་གི་རྒྱ་ནག་ནི་སྤྱི་ཚོགས་ཀྱི་སྒྲིག་གཞི་ཚད་མཐོའི་འདྲ་མཉམ་མིན་པ་དང་།  ན་ཚོད་མ་སྨིན་པའི་རྒྱལ་ཁབ་ཞིག་རེད་ལ།  ཧྥི་མེའུ་ཞེ་ཡིས་༼ཕྱོགས་ཞེན་ཅན་གྱི་མགོ་ཁྲིད་ཚོའི་ནམ་ཡང་རང་ཉིད་ཀྱི་སྲིད་དབང་དེ་སོ་སོའི་རྒྱལ་ཁབ་ཀྱི་མི་མང་གིས་མགོ་རྟིང་སློག་གི་རེད་བསམ་སྟེ་བློ་འཚབ་སྐྱེས་བཞིན་པ་རེད་༽ཅེས་བརྗོད།

ངྷ་རམ་ས་ལའི་སྤྲོ་སྣང་དང་རེ་བ་དེ་རྒྱ་ནག་ནང་ཆབ་སྲིད་བསྒྱུར་བཅོས་ཤིག་སླེབས་པར་རེ་ལྟོེས་བཅོལ་ཡོད་ལ།  དེ་ལྟར་ན་བོད་རྒྱ་འབྲེལ་མོལ་ལ་ཤུགས་རྐྱེན་ཅུང་ཙམ་འབྱུང་ལ།  བོད་ཀྱི་གནད་དོན་ཐད་ལའང་རྣམ་པ་གསར་བ་དང་དོན་ཕན་ལྡན་པའི་ཡར་རྒྱས་ཤིག་འབྱུང་སྲིད་པ་རེད།  དོན་དངོས་སུ།  རྒྱ་ནག་གི་མགོ་ཁྲིད་ཚོས་ཆབ་སྲིད་བསྒྱུར་བཅོས་གླེང་ནས་ལོ་ངོ་སུམ་ཅུ་འགྲོ་བཞིན་ཡོད་ནའང་ཡར་རྒྱས་ཏིལ་བྲུལ་ཙམ་ཕྱིན་མེད་ལ།  སྲིད་བློན་བིན་ཅྰ་པོ་ཡིས་རྟག་ཏུ་ཆབ་སྲིད་བསྒྱུར་བཅོས་དགོས་བའི་འབོད་སྐུལ་བྱེད་ཀྱིན་ཡོད།  ཁོང་གིས་ད་རུང་དམར་ཤོག་མཐོ་རིམ་མགོ་ཁྲིད་ཚོའི་ལས་ཡུན་རྒྱས་བཅད་དགོས་བའི་འབོད་སྐུལ་བྱེད་ཀྱི་ཡོད་མོད།  རང་དབང་རིང་ལུགས་ཀྱི་འབོད་སྐད་འདི་ལ་ནུས་ཤུགས་ཅི་ཡང་ཐོན་གྱི་མེད་པ་རེད།  ༢༠༡༠ ལོའི་ཟླ་ ༡༠ པར་དམར་ཤོག་ཚོགས་ཆེན་ཐེངས་ལྔ་བ་ཚོགས་ཏེ་ཡིག་འབྲུ་ ༤༦༠༠ ཅན་གྱི་སྙན་ཐོ་ཞིག་བཏོན་པ་དང་།   རྒྱ་ནག་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ནི་ཁྱད་དུ་འཕགས་པ་ཞིག་ཡིན་པར་གཏན་དུ་འཁེལ།  འདི་ལྟར་ཆབ་སྲིད་བསྒྱུར་བཅོས་གང་ཡིན་རུང་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་གནས་སྟངས་འོག  ཞིས་ཅིན་ཕིན་གྱིས་མུ་མཐུད་ད་ལྟའི་གནས་སྟངས་འདི་རྒྱུད་འཛིན་བྱ་ངེས་ལ། དེ་ལྟར་ན་ངྷ་རམ་ས་ལའི་རེ་བའང་བློ་འཚབ་ངང་ནས་བློ་ཕམ་དུ་གྱུར་ངེས་སོ།།

༼རྩོམ་པ་པོ་ནི་ངྷ་རམ་ས་ལར་བཞུགས་པའི་སྙན་ངག་པ་ཞིག་ཡིན།༽

མ་རྩོམ་འབྲེལ་ཐག  http://www.phayul.com/news/article.aspx?id=29798&t=1

http://www.rangzen.net/2011/07/27/xi-is-no-different/

བསྒྱུར་མཁན་གྱི་གསལ་བཤད།  གོང་གི་དཔྱད་བརྗོད་དེ་ནི་ཞིས་ཅིན་ཕིན་ལྷ་སར་བསྐྱོད་པའི་སྐབས་ཐོག་སྲིད་དོན་དཔྱད་བརྗོད་ཞིག་རེད།  འདིའི་སྐོར་ལ་ད་རུང་རྒྱ་གར་གྱི་དྲ་རྒྱ་གྲགས་ཅན་(Rediff )ཡིས་ཁ་བྱང་ལ་༼ཅིའི་ཕྱིར་ཞིས་ཅིན་ཕིན་བོད་དུ་བསྐྱོད་པ་གལ་ཆེན་ཡིན་ནམ། ༽ཅེས་བའི་དཔྱད་བརྗོད་རིང་པོ་ཞིག་སྤེལ་ཡོད་པ་དང་།  (The New York Review of Books)ཞེས་བའི་དྲ་རྒྱའི་སྟེང་བོད་དོན་དཔྱད་བརྗོད་པ་གྲགས་ཅན་སྐུ་ཞབས་(Robert Barnett )ཡིས་ཁ་བྱང་ལ་༼རྒྱ་ནག་གིས་བོད་བཅིངས་འགྲོལ། རྩེད་མོའི་སྒྲིག་གཞི་༽ཞེས་བའི་དཔྱད་གཏམ་ཞིག་སྤེལ་འདུག  དེ་ལྟར་ལགས་མོད་བོད་མིའི་ཁྲོད་འདིའི་སྐོར་ལ་དཔྱད་བརྗོད་སྤེལ་བ་ད་སྔ་གོང་གི་དབྱིན་རྩོམ་དེ་ལས་མཐོང་མ་སོང་ལ། ལྷག་པར་བོད་ཡིག་སྟེང་ནས་དཔྱད་བརྗོད་སྤེལ་བ་ཞིག་མིག་ལ་ཐོགས་མ་སོང་། དེ་བས་གནད་དོན་འདིའི་ཁ་སྐོང་ཕྱིར་ཆེད་དུ་བོད་བསྒྱུར་བྱས་པ་ཡིན།

(Rediff) སྟེང་གི་དཔྱད་བརྗོད་འབྲེལ་ཐག http://www.rediff.com/news/slide-show/slide-show-1-why-xi-jinpings-visit-to-tibet-is-important/20110725.htm

སྐུ་ཞབས་(Robert Barnett)ཡིས་སྤེལ་བའི་དཔྱད་བརྗོད་འབྲེལ་ཐག http://www.nybooks.com/blogs/nyrblog/2011/aug/22/chinas-liberation-tibet-rules-game/

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༢༡ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 4

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྒྱ་ནག་གི་དབུ་ཁྲིད་གཅིག་གཉིས་རེས་བཟང་ངན་གྱི་གཡོ་འགུལ་ཆེན་པོ་ཞིག་བསླངས་དཀའ། གཙོ་བོ་ཆབ་སྲིད་ཀྱི་རྒྱབ་རྫོང་མཐུག་པའི་དཔོན་རབས་དག་ལ་རེ་བ་ཆེ། ང་ཚོའི་འོས་འགན་དང་རེ་བ་གཙོ་བོ་དེ་རྒྱ་ནག་དམར་གཞུང་ལ་མི་དགའ་བའི་མི་རིགས་ཁག་གམ་མི་དམངས་ཡོངས་ལ་མཐུན་སྒྲིལ་གྱིས་རྒྱ་ནག་དམངས་གཙོ་ཅན་འགྱུར་རྒྱུར་མང་ཚོགས་ཀྱི་རྨང་གཞི་འདིང་རྒྱུ་འདི་རང་ཡིན།

    Reply
  2. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    རྩོམ་པ་པོ་དང་སྒྱུར་བ་པོ་གཉིས་ཀ་ལ་ཡི་རངས་ཞུ་རྒྱུ་ཡིན།
    རྒྱ་ནག་གི་སྲིད་འཛིན་གསར་རྙིང་འཕོར་སྒྱུར་འགྲོ་བའི་འབྱུང་འགྱུར་གྱི་ལོ་རྒྱུས་ཀྱི་རྒྱུད་རིང་ནང་རྒྱ་ནག་དམར་གཞུང་གི་སྲིད་བྱུས་ལ་འགྱུར་བ་མི་འགྲོ་ཅེས་ཐག་བཅད་པ་ནི།འབྱུང་འགྱུར་ལ་དཔྱད་པའི་མཁས་པའི་གཏམ་ཞིག་མིན་ལ་རྒྱུ་མཚན་དེ་བས་མེད།མ་འོང་པ་ལ་དངོན་སུམ་པ་མ་ཡིན་ཏེ།དེ་ལ་འཁྲུལ་པའི་ཕྱིར་ཞེས་གསུངས་པ་ལྟར་མ་འོང་པར་འདི་ཡོང་དང་མི་ཡོང་ཅེས་ཁ་ཚོན་གཅོད་ནས་བཤད་པ་ནི་དོན་དངོས་དང་མཐུན་པའི་གཏམ་ཞིག་ཏུ་སྣང་མི་སྲིད་།
    ཆོས་ལུགས་ཀྱི་དཔྱད་གཞུང་དང་འཇིག་རྟེན་སྲིད་ལུགས་ཀྱི་དཔྱད་གཞུང་གང་ལ་གཞིག་བཅོལ་ནས་ལྟས་ཀྱང་འབྱུང་འགྱུར་རྒྱ་ནག་གི་ཆབ་སྲིད་མི་སྣ་འགྱུར་བ་འགྲོ་བའི་སྐབས་ཆབ་སྲིད་ལ་ཡང་འགྱུར་བ་འགྲོ་རྒྱུར་རེ་བ་རྒྱབ་ཆོག་པ་རེད།
    མ་ཟད་༸་གོང་ས་མཆོག་ནས་གྲ་སྒྲིག་སྡུག་ས་དང་རེ་བ་བཟང་ས་རྒྱབ་དགོས་གསུངས་པ་ལྟར་བོད་ཀྱི་སྲིད་ལུགས་ལ་མཁས་པ་རྣམས་ནས་འབྱུང་འགྱུར་སྐབས་དེར་འགྱུར་བ་འགྲོ་བའི་རེ་རྒྱབ་པ་ནི་རྒྱུ་མཚན་ལྡན་ཡོད།
    རེ་བ་རྒྱབ་པ་བཞིན་ཡོང་གི་ཡོད་མེད་སུ་གང་གིས་ཐག་བཅད་མི་ཐུབ་ལ་ཐག་གཅོག་མཁན་ཡང་བྱུང་མེད།
    འཛམ་གླིང་སྒང་གི་འདས་ཟིན་པའི་ལོ་རྒྱུས་དག་ལ་གཞིགས་ན་བོད་པ་ཚང་ལ་རེ་བ་ཡོད་པ་ཞིག་ཡིན།འགྱུར་བ་གཏན་ནས་མེད་པའི་རྟག་པའི་རང་བཞིན་དུ་གནས་པའི་སྲིད་ལུགས་ཤིག་བྱུང་མྱོང་མེད།དུས་ཚོད་ལ་ངེས་པ་མེད་མོད་སྲིད་ལུགས་ཡོད་ཚད་འགྱུར་བ་འགྲོ་རྒྱུ་རེད།དེ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད་ལ་མི་རྟག་པའི་རང་བཞིན་ལས་མ་འདས་པ་ཤིག་རེད།
    རྒྱུ་མཚན་དེ་དག་ལ་བསམ་ན་རེ་བ་ཡོད་ལ་རེ་བ་རྒྱབ་ཆོག།རྒྱ་ནག་གི་ལོ་རྒྱུས་ནང་ཏང་གཉིས་བར་འཕོར་འགྱུར་དང་ཨོ་རུ་སུའི་སྲིད་ལུགས་འཕོར་འགྱུར་སོགས་ནི་མི་རྣམས་ཀྱིས་འཆར་སྣང་བྱུང་བའི་འཕོར་འགྱུར་ལས་བརྒལ་ཡོད།འཆར་སྣང་བྱུང་བ་རྣམས་སྐབས་རེ་དོན་དངོས་དང་མཐུན་པ་དང་སྐབས་རེ་དོན་དངོས་དང་མི་མཐུན་པ་ཡོང་གི་ཡོད་པ་ནི་ཆོས་ཉིད་རེད་ཅེས་བཤད་རྒྱུ་ཡིན།

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    སྤྱིར་བཏང་བསྒྱུར་མཁན་དང་རྩོམ་མཁན་ལ་རྗེས་སུ་ཡི་རངས་ཡོད།
    འོན་ཀྱང་། དཔྱད་པ་གནད་ལ་མ་ཁེལ་བ་རེ་ཟུང་རེ་འདུག་ཀྱང་བཤད་དགོས་དོན་མི་འདུག བསམ་འཆར་ཞིག་ལ། གོང་དུ་༼བུ་ཆུང་བསོད་ནམས་བརྩམས་༽ཞེས་པ་བུ་ཆུང་བསོད་ནམས་ཀྱིས་བརྩམས་ཞེས་པར་བཅོས་ན་ལེགས་པར་མཐོང་།

    Reply
  4. གཡུ་རྔོགས། says:
    ལོ་ 14 སྔོན།

    རྩོམ་མཁན་དང་ཡིག་བསྒྱུར་མཁན་གཉིས་ཆ་ལ་ཐུགས་རྗེ་ཤིན་ཏུ་ནས་ཆེ་ཞུ་འདོད་བྱུང་། དེ་ཡང་ཡིག་བསྒྱུར་ལགས་ཀྱིས་གསལ་འགྲེལ་༼བོད་མིའི་ཁྲོད་འདིའི་སྐོར་ལ་དཔྱད་བརྗོད་སྤེལ་བ་ད་སྔ་གོང་གི་དབྱིན་རྩོམ་དེ་ལས་མཐོང་མ་སོང་ལ། ལྷག་པར་བོད་ཡིག་སྟེང་ནས་དཔྱད་བརྗོད་སྤེལ་བ་ཞིག་མིག་ལ་ཐོགས་མ་སོང་། དེ་བས་གནད་དོན་འདིའི་ཁ་སྐོང་ཕྱིར་ཆེད་དུ་བོད་བསྒྱུར་བྱས་པ་ཡིན། ༽ འདི་ནི་ཁ་སང་དེ་རིང་གི་དཔྱད་བརྗོད་པ་དག་ལ་མཁོ་བའི་བསླབ་བྱ་ཞིག་ཅི་ལ་མིན། དེ་བཞིན་དཔྱད་བརྗོད་འདི་རིགས་ཅིས་ཀྱང་མང་ཙམ་སྤེལ་ཐུབ་པ་ནས་མཐོང་ཆེན་བྱེད་འོས་མོད། རུལ་དྲི་ཁ་ས་ལ་འཁོར་འགྲོ་བའི་སྦྲང་ནག་དཔྱད་མཆན་པ་དག ཆེས་གལ་ཆེ་ས་དང་གནད་ལ་བབ་པའི་བརྗོད་གཞི་འདི་རིགས་དང་རང་དུ་གྱེས་ནས་གྲགས་མེད་འགུལ་མེད་དུ་རང་རང་ས་ལ་འཕུར་འགྲོ་བ་ཡིན། རྒྱུ་མཚན་སྦྲང་ནག་གི་ལས་བླངས་བའི་དཔྱད་མཆན་པ་དག་གིས་རུལ་དྲི་དྲོ་བའི་ཁ་ཟས་མ་གཏོགས་ལོངས་སྤྱོད་ཀྱི་ནུས་བ་དེ་མེད་པའི་རྟགས་རེད།
    རྩོམ་པ་པོ་དང་ཡིག་བསྒྱུར་མཁན་གཉིས་ལགས། སྐབས་དོན་དང་འགྲེལ་མེད་ཀྱི་ཚིག་རེ་ཟུང་ཤོར་སོང་མོད་དགོངས་འགལ་མེད་པ་ཞུ། བརྗོད་གཞི་དང་འབྲེལ་བའི་གླེང་སློང་ཞིབ་འདང་རེ་བརྒྱབ་རྗེས་ག་ལེར་ཞུ་ཆོག་བ་བྱས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese