མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨེ་ཝེ་ཝེ་ལ་རྒྱ་སྒོར་ཁྲི་ ༡༥༠༠ ཉེས་ཆད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་གི་སྒྱུ་རྩལ་བ་ཨེ་ཝེ་ཝེ་ཡིས་གསར་ལམ་ཁག་ཏུ། པེ་ཅིན་ཁྲལ་བསྡུ་སྡེ་ཁག་གིས་ཁོང་ལ་རྒྱ་སྒོར་ཁྲི་ ༡༥༠༠ དཔྱ་ཁྲལ་གུན་གསབ་སྤྲོད་དགོས་པའི་བཙན་བཀའ་བཏང་ཡོད་པ་བསྒྲཊ་འདུག

ཟླ་འདིའི་ཚེས་ ༡ ཉིན། རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཨེ་ཝེ་ཝེ་ལགས་ཀྱིས་རོའུ་ཊིར་གསར་ཁང་ལ།  ཉེ་ཆར་རྒྱ་གཞུང་གིས་ཉིན་ ༡༥ དུས་བཅད་ནང་ཁྲལ་དངུལ་རྒྱ་སྒོར་ཁྲི་ ༡༥༠༠ གུན་གསབ་སྤྲོད་དགོས་པའི་བརྡ་ཡིག་སྤྲད་དེ།  རྒྱལ་ཁབ་ཀྱིས་ཁྱོད་ཀྱིས་ཁྲལ་དངུལ་ཆད་འདུག་ལབ་དུས་ཁྲལ་དངུལ་ཆད་པར་ངོས་འཛིན་དགོས་པ་རེད། རྒྱལ་ཁབ་ཀྱི་ཐག་གཅོད་ལ་འགྱུར་བ་འགྲོ་མི་སྲིད་པས།  ཁྱོད་ཀྱིས་ཁྲལ་དངུལ་སྤྲོད་མི་དགོས་བའི་རེ་བ་མ་འཆིང་ཞེས་བཙན་སྐུལ་བྱས་པའི་སྐོར་བརྗོད་འདུག 

རྒྱ་གཞུང་གི་བརྡ་ཡིག་དེའི་ནང་། ཨེ་ཝེ་ཝེ་ནི་པེ་ཅིན་དུ་ཡོད་པའི་རིག་གནས་དར་སྤེལ་བཟོ་གྲྭར་རྒྱབ་ལོག་ནས་སྟངས་འཛིན་བྱེད་མཁན་གཙོ་བོ་ཡིན་སྐོར་བརྗོད་པ་རེད། ཡིན་ནའང་། ཨེ་ཝེ་ཝེ་ལགས་ཀྱིས་རྒྱ་གཞུང་གི་ཉེས་འདོགས་དེ་ནི། ཡང་བསྐྱར་བཀག་སྡོམ་གཅར་རྡུང་བྱ་འདོད་ཀྱི་བྱེད་ཐབས་ཤིག་ཡིན་པར་ངོས་འཛིན་དང་།  ཁོང་གིས་པེ་ཅིན་གྱི་རིག་གནས་དར་སྤེལ་བཟོ་གྲྭའི་ཁྲིམས་མཐུན་འགན་ལེན་པ་ནི་ཁོང་གི་ཆུང་མ་ཡིན་པ་དང་། ཁོང་ལ་སྒྱུ་རྩལ་གསར་རྩོམ་དང་ལྟ་རྟོག་གི་ལས་འགན་མ་གཏོགས་མེད་སྐོར་གསལ་བཤད་བྱས་ཡོད་པ་རེད། 

ཨེ་ཝེ་ཝེ་ལགས་ཀྱིས་ཋེ་ཋིར་བརྡ་འཕྲིན་དྲ་བའི་སྟེང་བསྒྲགས་གཏམ་སྤེལ་ཏེ།  བཟོ་གྲྭར་རྒྱུན་རིང་པོ་ཞིག་ལ་སུར་གཙེར་བཟོས་ཏེ་རྩིས་ཐོ་འཕྲོག་རྗེས་ད་དུང་ཕྱིར་སྤྲད་ཡོད་པ་མ་རེད།  རྩིས་པ་དང་དངུལ་གཉེར་གཉིས་ཀྱང་འཛིན་བཟུང་བྱས་ཏེ་ད་ལྟའི་བར་གློད་མེད་པར་མ་ཟད།  བཟོ་གྲྭའི་འབྲེལ་ཡོད་མི་སྣ་གཅིག་ལའང་ཐུག་འཕྲད་བྱེད་བཅུགས་མེད་པ་རེད། འདི་ནི་རྒྱ་གཞུང་གིས་མཐའ་གཅིག་ཏུ་དབང་ཡོད་སྒེར་གཅོད་བྱས་པ་ཞིག་རེད། ཅེས་བྲིས་ཡོད་འདུག 

ཨེ་ཝེ་ཝེ་ལགས་ཀྱིས་གསར་ལམ་ཁག་ཏུ། “ གལ་སྲིད་དངོས་གནས་ཁྲལ་དངུལ་ཆད་པའི་གནས་ཚུལ་ལྷག་ཡོད་ཚེ་ང་ལ་གུན་གསབ་སྤྲོད་རྒྱུར་འདོད་པ་ཡོད། ཡིན་ནའང་། ཁྲལ་དངུལ་གྱི་གནད་དོན་མ་ཡིན་པ་ཞིག་ལ་ངས་དངུལ་གྱི་གུན་གསབ་སྤྲོད་མི་སྲིད། གནད་དོན་འདིའི་མགོ་འཇུག་བར་གསུམ་སྐྱུག་བྲོ་ལ་དགོད་འཆོར་བ་ཞིག་རེད ” ཅེས་བརྗོད་དེ།  རྒྱ་གཞུང་གིས་ཉེས་མེད་ཉེས་འདོགས་བྱས་པ་ཞིག་ཡིན་པ་ལས།  དོན་གྱིས་ད་ལྟའི་བར་རིག་གནས་དར་སྤེལ་བཟོ་གྲྭས་ཁྲལ་དངུལ་སྤྲད་མེད་པའི་དཔང་ཡིག་གཅིག་ཀྱང་སྟོན་རྒྱུ་མེད་པར་གྱུར་ཡོད་སྟབས།   ཁོས་ཁྲལ་དངུལ་སྤྲོད་རྒྱུ་ཡིན་པའི་སྐོར་གསལ་བཤད་བྱས་ཡོད་པ་རེད། 

རང་ལོ་ ༥༤ ལ་སོན་པའི་རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཨེ་ཝེ་ཝེ་ལགས།  ད་ལོའི་ཕྱི་ཟླ་ ༤ ཚེས་ ༣ ཉིན་པེ་ཅིན་གནམ་ཐང་དུ་འཇུ་བཟུང་གིས་ཉིན་ ༨༠ ལ་བཀག་ཉར་བཙོན་འཇུག་བྱས་རྗེས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གླེང་སློང་གནོན་ཤུགས་ཆེན་པོ་བྱུང་བར་བརྟེན། ཨེ་ཝེ་ཝེ་ལགས་ཀློད་གྲོལ་གཏོང་དགོས་བྱུང་ཡོད་པ་རེད།  ཡིན་ནའང་། རྒྱ་གཞུང་གིས་ཨེ་ཝེ་ཝེ་བཀག་ཉར་བྱས་པ་དེ་ནི་དཔལ་འབྱོར་གྱི་གནད་དོན་ཡིན་ཚུལ་བསྒྲགས་ཡོད་པ་རེད།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་གཞུང་གིས་ཨེ་ཝེ་ཝེ་བཀག་ཉར་བྱས་པ་དེ་ནི་རྒྱ་ནག་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་ཤེས་ལྡན་པ་དག་ལ་ཕྱོགས་ཡོངས་ནས་བཀག་སྡོམ་བྱེད་བཞིན་པའི་མཚོན་རྟགས་གསལ་ཤོས་ཤིག་ཡིན་པར་བརྗོད་ཡོད། 

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 2

  1. ཁང་མུན་གྲོལ། says:
    ལོ་ 11 སྔོན།

    ཨེ་ཝེ་ཝེ་ལྟ་བུའི་སྤོབས་པ་ཅན་འགའ་རེ་ཡོད་ན་། རྒྱ་ནག་གི་མི་མང་ཚོར་སྨྲ་བརྗོད་རང་དབང་གི་གོ་རྟོགས་ཤིག་འཕེལ་ངེས་ནའང་། ད་དུང་ དུས་ཚོད་ཅུང་འགོར་ས་རེད།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    ངས་བལྟས་ན་འདི་དང་འདི་ལས་སྡུག་པའི་གཉའ་གནོན་མྱོང་མཁན་མི་སེར་བགྲང་ལས་འདས་པ་ཞིག་ཡོད་ངེས། ཚང་མས་འདི་ལྟར་སྡུག་བསྔལ་ཕྱིར་འདོན་དང་གསལ་བསྒྲགས་ཐུབ་ཚེ་གདུང་སེམས་མཉམ་སྐྱེད་ཀྱི་འཐབ་གྲོགས་ཅི་འདྲའི་མང་པོ་ཞིག་ཐོན་ཐུབ་ཨང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist