མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུན་ནན་དུ་གཏེར་ཁ་སྔོག་འདོན།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁོང་གཏོགས་ཀྱི་གནས་རི་དང་དགོན་སྡེ་ཁག་གི་ཉེ་འདབས་སོགས་སུ་གཏེར་ཁ་སྔོག་འདོན་བྱས་ཏེ་དགོན་གྲོང་གཉིས་ལ་དཀའ་ངལ་འཕྲད་ཀྱི་ཡོད་འདུག

ཉེ་ཆར་བོད་ནས་གསར་དུ་འབྱོར་ཞིང་ད་ལྟ་བཞུགས་སྒར་དབུས་སྣེ་ལེན་ཁང་དུ་ཡོད་པའི་བྱམས་པ་ཐོགས་མེད་ལགས་ཀྱིས་འདི་གར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་འདས་པའི་ལོ་དུ་མའི་ཡར་སྔོན་ནས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གཡག་རྭ་ཞིང་བུ་བསྟན་དགོན་པའི་ཉེ་འདབས་ཀྱི་ལེ་གྲོང་ཚོའི་ནང་གཏེར་ཁ་སྔོག་འདོན་རུ་ཁག་བཏང་སྟེ།  ཕྱི་ལོ་ ༢༠༠༡ ལོ་ནས་མགོ་བཙུགས་ཏེ་འདས་པའི་ལོ་ ༨ ལྷག་གི་རིང་དགོན་གྲོང་གཉིས་ཀྱི་མི་མང་ལ་མོས་མཐུན་ཡོད་མིན་ལ་མ་ལྟོས་པར་བཙན་ཤུགས་ཀྱིས་གསེར་དངུལ་ཟངས་ལྕགས་གཙོས། རང་བྱུང་གཏེར་ཁ་འདྲ་མིན་རྒྱ་ནག་ནང་དབོར་འདྲེན་བྱས་དང་བྱས་ཡོད་པར་མ་ཟད། ༢༠༠༩ ལོར་ཡང་བསྐྱར་རྟོགས་ཞིབ་ཚོགས་ཆུང་ཞིག་གིས་བྱམས་བསྟན་དགོན་པའི་ཉེ་འདབས་ཀྱི་གཉེ་སྨད་གྲོང་ཚོའི་གནས་རི་རྫི་རིང་དུ་གཏེར་ཁ་གསར་བ་ཞིག་རྙེད་སོན་བྱུང་ཡོད་ཚུལ་བརྗོད་དེ།  ཁུལ་དང་རྫོང་། ས་གནས་ཞིང་བཅས་ཀྱི་དཔོན་རིགས་ཚོ་དཔུང་སྦྲེལ་ཐོག་སྔོག་འདོན་བྱ་འཆར་བྱས་ཡོད་ཀྱང་། སྐབས་དེར་དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་ཀྱིས་ངོ་རྒོལ་བྱས་སྟབས་བསྔོག་ཐུབ་མེད་པ་རེད། ཡིན་ནའང་། ད་ལྟའི་ཆར་རྒྱ་གཞུང་གིས་ས་གནས་མི་མང་ལ་དངུལ་འབོར་ཆེན་སྤྲོད་པ་སོགས་ཞི་དྲག་གཉིས་ཀྱི་ཐོག་ནས་གཏེར་ཁ་སྔོག་འདོན་བྱ་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། ད་ལྟའི་བར་རྒྱ་ནག་གཞུང་གིས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་མང་པོའི་ནང་བཙན་ཤུགས་ཀྱིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྣ་ཚོགས་ལག་བསྟར་བྱས་ཏེ། བདེ་ཆེན་རྫོང་གཡག་རྭ་ཞིང་ལེ་གྲོང་ཚོ་དང་གཉེ་སྨད་གྲོང་ཚོ་གཙོས་པའི་ས་ཁུལ་ཁག་ནང་གཏེར་ཁ་སྔོག་འདོན་ལ་བཀག་འགོག་བྱེད་མཁན་བོད་མི་མང་པོ་འཇུ་བཟུང་བྱེད་བཞིན་པའི་གནས་ཚུལ་བྱུང་ཡོད་འདུག  གནས་སྟངས་འདིའི་ཐད་ས་གནས་བོད་རིགས་མང་ཚོགས་ཀྱིས་རྒྱ་གཞུང་ལ་སྙན་ཞུ་ཐེངས་མང་ཕུལ་ཏེ་གཏེར་ཁ་སྔོག་འདོན་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་ཡོད་ནའང་།   རྒྱ་གཞུང་གིས་མང་ཚོགས་ཀྱི་རེ་སྐུལ་དང་ལེན་མ་བྱས་པའི་ཁར་ས་རྒྱལ་ཁབ་ཀྱི་ས་ཡིན་ཚུལ་དང་། མི་མང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ངོ་རྒོལ་རིགས་བྱས་ཚེ་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཚུལ་འཇིགས་སྐུལ་བྱས་པར་བརྟེན།  ད་ལྟའི་ཆར་དགོན་གྲོང་གཉིས་ཀ་ཐབས་ཟད་འུ་ཐུག་གི་གནས་སུ་ལྷག་ཡོད་འདུག

ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གཡག་རྭ་ཞིང་ནི། བོད་རང་སྐྱོང་ལྗོངས་དང་ཡུན་ནན་གྱི་ས་མཚམས་སུ་ཡོད་པ་དང་། ད་ལྟའི་ཆར་ཞིང་དེའི་ཁོངས་སུ་བོད་རིགས་གྲོང་ཚོ་ ༣ ལྷག་ཡོད་འདུག དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་དང་མི་མང་འདུ་འཛོམས་སྐབས་ཡུན་ནན་མཐའ་མཚམས་སུ་ཡོད་པའི་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་བོད་མི་དག་ཀྱང་མཉམ་ཞུགས་བྱེད་ཀྱིན་ཡོད་འདུག

 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༡༤ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

མཆན། 1

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བོད་ཀྱི་ས་དང་མི་དང་བཅས་པ་དབང་དུ་བསྒྱུར་ཚར་བས་ང་ཚོར་རང་ལུས་སྲུང་དབང་མེད་པར་རང་ས་སྲུང་དབང་ཞིག་གང་ན་ཡོད་མོད། ད་དུང་ཡང་གཞུང་གི་སྐྱོན་མཚང་ཐེར་འདོན་གྱིས་མི་མང་གིས་ངོ་རྒོལ་མུ་མཐུད་བྱེད་ཐུབ་ན་བཟང། དེ་བཞིན་ས་ཆ་གཞན་དག་ལ་ཡང་རང་སྲུང་ཅི་ནུས་བྱེད་དགོས། མ་མཐར་ཡང་རྒྱ་ནག་རང་གི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་་ཁྲིམས་དོན་ཁེ་དབང་སྲུང་ཅི་ཐུབ་བྱེད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese