མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་བཀག་སྡོམ་ལ་བསྐྱར་ཞིབ་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་གར་གློག་བརྙན་ཞིབ་བཤེར་ལྷན་ཚོགས་ཀྱིས་བོད་ནང་ཛ་དྲག་གི་གནས་སྟངས་འབྱུང་བཞིན་པའི་སྐབས་འདིར། བོད་དོན་དང་འབྲེལ་བའི་གློག་བརྙན་བཀག་སྡོམ་བྱས་པར་བློ་ཕམ་ཡོད་ལ། ང་ཚོའི་ངོས་ནས་རྒྱ་གར་གཞུང་གིས་ཐད་གཅོད་དེར་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཟེར།  
དེ་རིང་ཉིན་གུང་ཆུ་ཚོད་༡༡།༣༠སྟེང་བཞུགས་སྒར་ངྷ་རམ་ས་ལའི་རླངས་འཁོར་འབབ་ཚིགས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་གར་གྱི་གློག་བརྙན་ཞིབ་བཤེར་ལྷན་ཚོགས་སེན་སོར་སྦོར་ཊིར་སི(CENSOR BOARD’S) ཡིས།རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རེམ་བྷིར་ཀཱ་པོར་ (Ranbir Kapoor) ལགས་ཀྱིས་འཁྲབ་སྟོན་དང་། སྐུ་ཞབས་ཨེམ་ཁྲེལ་ཙི་ཨ་ལེལ་( ImtiazAli) ལགས་ཀྱིས་འཁྲབ་འཁྲིད་བྱས་པའི་གློག་བརྙན་ (ROCKSTAR) ཞེས་པའི་གློག་བརྙན་ནང་བོད་དོན་དང་འབྲེལ་བའི་གླུ་གཞས་དང་། བོད་ཀྱི་རྒྱལ་དར་བསྒྲེངས་པའི་བརྙན་རིས་འཁོད་ཡོད་པ་དག་གློག་བརྙན་ལས་བཏོན་རྒྱུའི་ཐག་གཅོད་དང་གཏན་འབེབས་ལ་བློ་ཕམ་དང་། རྒྱ་གར་གཞུང་ཕྱོགས་ནས་ཐག་གཅོད་དེར་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།   

དེ་རིང་གི་གསར་འགོད་གསལ་བསྒྲགས་ཐོག་ཕྱི་རྒྱལ་དང་རྒྱ་གར།བོད་པའི་གསར་འགོད་པ་དང་མི་མང་བཅས་མི་གྲངས་ ༡༠༠ མ་ཟིན་ཙམ་འདུ་འཛོམས་བྱུང་འདུག སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་གློག་བརྙན་གྱི་པར་རིས་དང་བོད་ཀྱི་རྒྱལ་དར་འཕྱར་དེ་གློག་བརྙན་ཞིབ་བཤེར་ཚན་པའི་བྱ་སྤྱོད་དེར་ངོ་རྒོལ་ལས་འགུལ་སྤེལ་བ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ས་གནས་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། “ ཉེ་ཆར་རྒྱ་གར་གྱི་གློག་བརྙན་ཞིབ་བཤེར་ཚོགས་པ་སེན་སོར་སྦོར་ཊིར་སི་ཡིས།  བོད་ནང་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ་བོད་མི་མང་པོ་འདས་གྲོངས་སུ་གྱུར་བའི་ཛ་དྲག་གི་སྐབས་འདིར། (ROCKSTAR) ཞེས་པའི་གློག་བརྙན་ནང་བོད་དོན་དང་འབྲེལ་བའི་གླུ་གཞས་དང་བོད་ཀྱི་རྒྱལ་དར་ཡོད་པ་དག་ཕྱིར་འདོན་རྒྱུའི་ཐག་གཅོད་ལ་བློ་ཕམ་ཡོད་པ་དང་།ང་ཚོའི་ངོས་ནས་ད་ལྟའི་བར་རྒྱ་གར་གཞུང་གིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བ་ལྟར།  རྒྱ་གར་ནི་འཛམ་གླིང་ནང་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཆགས་ཡོད་སྟབས།མ་འོངས་པར་ཡང་དུས་ནམ་ཡང་རྒྱ་ནག་གི་གནོན་ཤུགས་འོག་མི་འགྲོ་བའི་རེ་བ་དང་། རྒྱ་གར་གློག་བརྙན་ཞིབ་བཤེར་ལྷན་ཚོགས་ཀྱི་ངོས་ནས་ཐེངས་འདིའི་ཐག་གཅོད་ལ་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ” ཅེས་བརྗོད་བྱུང་།   

སྐུ་ཞབས་ཨེམ་ཁྲེལ་ཙི་ཨ་ལེལ་ལགས་ཀྱིས་འཁྲབ་འཁྲིད་བྱས་པའི་(ROCKSTAR) ཞེས་པའི་གློག་བརྙན་དེ་ནི། ཟླ་འདིའི་ཕྱི་ཚེས་  ༡༡ ཉིན་རྒྱ་གར་རྒྱལ་ཡོངས་ནང་དངོས་སུ་དབུ་འབྱེད་གནང་འཆར་ཡོད་སྟབས། དེ་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པས་བཞུགས་སྒར་ཁུལ་དུ་གསར་འགོད་གསལ་བསྒྲགས་དང་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་།  སང་ཉིན་ཕྱི་ཚེས་ ༧ ནས་ ༡༡ བར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་མཉམ་འབྲེལ་ཐོག་རྒྱ་གར་གྱི་གློག་བརྙན་ཞིབ་བཤེར་ལྷན་ཚོགས་ཀྱི་ཚོགས་གཙོ་དང་།   རྒྱ་གར་གཞུང་གི་དཔོན་རིགས་བཅས་ལ་ཐུག་འཕྲད་བྱ་འཆར་ཡོད་པ་མ་ཟད། རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་དང་བྷེང་ལོར། ཅི་ནེ། ཀཱ་ལི་ཀ་ཏ། རྒྱལ་ས་ལྡི་ལི་བཅས་ས་གནས་མི་འདྲ་བའི་ནང་གསར་འགོད་གསལ་བསྒྲགས་དང་འབོད་སྐུལ་གྱི་ལས་འགུལ་སྤེལ་འཆར་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 6

  1. གྲགས་བསོད་ says:
    ལོ་ 14 སྔོན།

    རྙིང་རྗེ་རྒྱལ་གར་རྒྱ་ནག་ལ་དེ་འདྲའི་སྐྲག་གི་ཡོད་རེད་ བོད་པ་བླུན་པོ་ཚོ་ང་ཚོའི་མི་རིགས་ཀྱི་གནད་དོན་དེ་སུ་ལ་ཡང་རེ་བ་མ་རྒྱག།

    Reply
  2. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    དེ་རིང་གི་གསར་འགྱུར་འདི་དང་འབྲེལ་ནས་གལ་ཆེ་བའི་ལོ་རྒྱུས་ཀྱི་གནད་དོན་ཁ་ཤས་དྲན་གསོ་དང་འབྲེལ་བསམ་ཚུལ་ཐུང་ཐུང་ཞིག་ཤོད་འདོད་བྱུང་།
    ༡ ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་དམག་བོད་བསྐྱོད་དཔུང་སྡེས་མདོ་ཁམས་ཁུལ་དུ་བཙན་འཛུལ་འགོ་འཛུགས་ཀྱིས་བོད་ཁུལ་ཡོངས་ཀྱི་ཡུན་རིང་གི་བདེ་འཇགས་ལ་ཉེན་ཁ་བྱུང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་ངོས་ནས་རྒྱལ་སྤྱིར་ཞུ་གཏུགས་གནང་། ཡིན་ནའང་ཕྱི་ལོ་ ༡༩༥༠ ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་བོད་ཀྱི་བདེ་སྡུག་སྙན་ཞུ་དེ་འཇམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་སླེབས། ཡིན་ནའང་བོད་ལ་རྒྱུས་མངའ་དང་འབྲེལ་བ་ཆེ་ཤོས་ཡིན་པའི་དབྱིན་དང་རྒྱ་གར་གྱིས་ཚོགས་ཆེན་ཐོག་བོད་ཀྱི་ཁྲིམས་མཐུན་གྱི་གནས་བབ་དེ་ནི་གསལ་ཁ་མེད་པར་བཤད་པར་བརྟེན་ཟུར་འཇོག་བྱས། དུས་དེ་ནས་བཟུང་རྒྱལ་སྤྱིའི་བོད་ཀྱི་གནད་དོན་ལ་ཆབ་སྲིད་ཀྱི་ཐོག་ནས་མཐུན་ཕྱོགས་ཚོས་བདག་སྤྲོད་བྱེད་མི་བདེ་བ་ཆགས།
    ༢ ཕྱི་ལོ་ ༡༩༥༤ ཕྱི་ཟླ་ ༤ ཚེས་ ༢༩ ཉིན་རྒྱ་གར་དང་རྒྱ་ནག་དབར་བསླབ་པ་ལྔ་ཟེར་བའི་ཚོང་དོན་གྱི་མིང་ཐོག་ནས་ཆིངས་ཡིག་གཅིག་བཞག ཆིངས་ཡིག་དེའི་ནང་རྒྱ་གར་གྱི་ངོས་ནས་རྒྱ་ནག་གི་མངའ་ཁོངས་ཡིན་པའི་བོད་ཀྱི་ས་ཁུལ་དུ་ཟེར་བ་བྲིས་པ་འདི་རྒྱལ་ཁབ་གཅིག་གིས་གཞུང་འབྲེལ་ཆིངས་ཡིག་གི་ལམ་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་བླངས་པ་དང་པོ་ཆགས་ཀྱི་ཡོད།
    ༣ ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༤ ཚེས་ ༢༤ ཉིན་༸གོང་ས་མཆོག་གིས་བཙན་བྱོལ་དུ་བོད་གཞུང་གི་ལས་དོན་རྒྱུན་སྐྱོང་གི་བྱེད་སྒོ་དབུ་འཛུགས་བསྐྱངས་པར་རྒྱ་གར་གཞུང་གིས་ངོས་ལེན་མེད་པའི་གསལ་བསྒྲགས་བསྐྱངས། སྔ་ཕྱིར་བོད་ཀྱི་རྒྱལ་གླུ་ཞལ་འདོན་ཡིན་སྐོར་སོགས་ལས་དོན་སྣེ་མང་ཞིག་བྱེད་དགོས་བྱུང་། ༤ ༡༩༦༢ ལོར་རྒྱ་ནག་གིས་རྒྱ་གར་ལ་བཙན་འཛུལ་བྱས། ལོ་དེའི་གཡས་གཡོན་དུ་ནེ་རུ་སྙིང་རྩ་གས་ནས་གྲོངས་པར་གྲགས། རྒྱ་གར་གྲོས་ཚོགས་ཀྱིས་རྒྱ་དམར་ནས་རྒྱ་གར་གྱི་ས་ཆ་བཟུང་བ་ཕྱིར་ལེན་བྱེད་རྒྱུའི་སྤྱི་མོས་གྲོས་ཆོད་བཞག ༡༩༧༠ དོན་གྲངས་ནང་རྒྱ་གར་གྲོས་ཚོགས་སུ་༸གོང་ས་མཆོག་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དུ་ངོས་འཛིན་མིན་ཐད་འོས་བསྡུ་བྱས་པ་བརྒྱུད་བོད་ལ་རྒྱལ་ཁ་མ་ཐོབ། དེ་ནས་བཟུང་བོད་ཀྱི་གནད་དོན་ལ་རྒྱ་གར་ནང་གི་ཆབ་སྲིད་པ་ཚོ་དོ་སྣང་དེ་ཙམ་མེད་པ་ལྟ་བུར་གྱུར།
    ༥ དེ་རྗེས་ར་ལྗིབ་གྷན་དྷི་སྲིད་བློན་དུ་སླེབས་ནས་བསླབ་པ་ལྔའི་ཆིངས་ཡིག་གི་ནང་དོན་བསྐྱར་གསོ་བྱས། དེ་ནས་བཟུང་ད་བར་ལོ་ལྟར་ཕྱི་ཟླ་བཞི་པའི་ནང་ཕན་ཚུན་ལ་སྐུ་མགྲོན་འགྲོ་རེས་བྱེད། ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་ཡོད་སའི་ལམ་ཆེན་གྱི་ཁུག་མཚམས་གཅིག་ལ་ PACHSHEEL MARG ཟེར། དེས་ཆིངས་ཡིག་ལ་དྲན་གསོ་བྱེད། མཐའ་ན་རྒྱ་གར་གྱི་ངོས་ནས་རང་གི་དཀའ་ངལ་ལ་མ་ལྟོས་པར་༡༩༡༤ ཕྱི་ཟླ་ ༣ ཚེས་ ༡༤ ལ་གཏན་འཁེལ་བའི་རྒྱ་གར་དང་བོད་ཀྱི་ས་མཚམས་གསལ་བར་བཟོས་པའི་མེག་མོ་ཧན་ས་ཐིག་ལ་ཆ་འཇོག་མེད་པར་བརྗོད་ཅིང་། དེང་སང་Actual control line ཟེར་བ་གཞི་ལ་འཇོག འདི་ལྟར་རྒྱ་གར་རང་ཉིད་ལ་ཁེ་ཕན་ཡོད་མེད་ལ་མ་ལྟོས་པར་ནེ་རུའི་ཆབ་སྲིད་ལངས་ཕྱོགས་རྒྱུན་བསྐྱངས། གནད་དོན་དེའི་དབང་གིས་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་གཞུང་ཟེར་བ་དེ་ཡང་བེད་སྤྱོད་མུ་མཐུད་བྱེད་རྒྱུར་དཀའ་ངལ་འཕྲད་སྲིད་པར་དགོངས་ནས་འདི་ལོ་བཙན་བྱོལ་བོད་གཞུང་ཟེར་བའི་མིང་བྱང་ཕྱིར་བསྡུ་བྱས།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བཀའ་སྤྱི་གཉིས་ཀྱིས་ཀྱང་གནད་འདིའི་ཐོག་ཏུ་ཤུགས་རྒྱབ་དགོས་པ་རེད་བསམ་གྱི་འདུག སྤྱི་ཚོགས་ནང་དུ་ཤུགས་རྐྱེན་སྤྲོད་ཐུབ་པའི་གློག་བརྙན་གལ་ཆེན་འདི་སྟོན་ཐུབ་བྱུང་ན་ཅི་འདྲ་ཡག་བ་ལ་ཨང་།

    ཤུགས་རྒྱབ་རོགས།

    Reply
  4. བསེ་རུ། says:
    ལོ་ 14 སྔོན།

    བོད་མི་ཚོར་རྐྱེན་ངན་གོད་ཆག་འབྱུང་བཞིན་པའི་དུས་འདིར།
    གནས་ཚུལ་འདི་ལྟ་བུ་ནི་འགྱེལ་བའི་སྒང་ལ་རྡོག་བརྗིས་ཞེས་པའི་དཔེ་དོན་དུ་སོང་འདུག
    འདི་དང་འདི་འདྲ་བའི་གནས་སྟངས་མང་པོ་ཞིག་འབྱུང་འགྱུར་ཡང་ཆུ་ཡི་གཉེར་རིས་བཞིན་འཐོན་ངེས་པས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གདོང་ལེན་མཐའ་གཅིག་ཏུ་བྱ་དགོས་པར་སེམས་སོ། །

    Reply
  5. སྟོང་བཙན་མགར་བུ། says:
    ལོ་ 14 སྔོན།

    རྒྱ་གར་གཞུང་གིས་བོད་དོན་འདི་ཙམ་ལའང་ཐག་གཅོད་བྱེད་ཡོད་པའི་གནས་ཚུལ་འདིའི་ཐད་ནས་ང་ཚོས་རྟོགས་དགོས་བ་ནི།རྒྱ་གར་གཞུང་གིས་བོད་དོན་རྒྱབ་སྐྱོར་བྱེད་སྟངས་ལ་ད་བར་དུ་བོད་དང་རྒྱ་ནག་བར་ལ་ཁ་དྲང་བདེན་ཅི་ཡང་གྲགས་མེད་པ་དེའི་སྟེང་ནས།འདས་བའི་མི་ལོ་དྲུག་ཅུའི་རིང་བོད་པས་རྒྱ་གར་ལ་རྒྱབ་བསྟོད་བྱེད་ནས་དོན་འབྲས་ཅི་ཡང་སྨིན་མེད་པ་མ་ཟད།མ་འོངས་བར་ཡང་རྒྱ་གར་གྱིས་རྒྱ་ནག་གི་ཁ་ཕྱོགས་སུ་གཡོན་ཐལ་དུ་འགྲོ་བའི་མངོན་རྟགས་རང་རེད།
    དུས་ད་ལྟའི་བར་བོད་དོན་འདི་འཛམ་གླིང་དུ་ཁྱབ་དང་ཁྱབ་བཞིན་པ་འདི་ཡང་༸གོང་ས་མཆོག་གི་བླ་ན་མེད་པའི་མཛད་འཕྲིན་ཁོ་ན་ལ་བརྟེན་པ་མ་གཏོགས་རྒྱ་གར་གཞུང་གིས་བོད་ཀྱི་སྲིད་དོན་ཐད་ནས་ཅི་ཡང་མི་སྙམ་པར་རང་ས་རུ་གཞག་ཡོད་པ་གསལ་བོ་ཡིན།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གློག་བརྙན་དེ་རིགས་ཧ་ཅང་གལ་ཆེན་རེད། གློག་བརྙན་འཁྲབ་སྟོན་གྱི་རང་དབང་བཀག་ན་དེ་ཡང་སྨྲ་བརྗོད་རང་དབང་བཀག་པ་དང་གཅིག་པ་རེད། ད་ལྟའི་སྤྱི་ཚོགས་ཀྱི་བསམ་སྤྱོད་དེ་གློག་བརྙན་གྱིས་གསལ་བཤད་དང་ཁྱབ་བསྒྲགས་བྱེད་ཀྱིན་པས། གློག་བརྙན་ནི་སྤྱི་ཚོགས་ཀྱི་ཐུན་མོང་གི་སྨྲ་བརྗོད་རང་དབང་རེད་ལབ་ན་ཆོག
    ངས་བལྟས་ན་གནད་དོན་དེ་རྒྱ་དམར་གྱི་ཤོག་དངུལ་ལ་ཐུག་ལོས་ཡོད་སྙམ།
    གང་ལྟར་འདི་ལ་ངོ་རྒོལ་ཤུགས་ཆེན་བྱེད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese