མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགོད་པའི་ཁ་ཚུམས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༩
Share on FacebookShare on TwitterShare on EmailShare on Whatsapp
ཉེ་ཆར་ལྡི་ལིར་རྒྱ་དཀར་ནག་གི་མཉམ་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་། རྒྱ་གར་གསར་འགོད་པས་རྒྱ་ནག་གཞུང་ཚབ་ཀྲང་ཡཱན་ལ་རྒྱ་ཕྱོགས་ཀྱི་ཁྱབ་བསྒྲགས་ས་ཁྲའི་སྟེང་རྒྱལ་ཁོངས་ས་ཐིག་འགོད་སྟངས་ཐད་ཚ་འདྲི་བྱས་སྐབས། རྒྱ་ནག་གཞུང་ཚབ་ཁོང་ཁྲོ་ལངས་ཏེ་ “ཁ་ཚུམས” ཞེས་རྩུབ་སྤྱོད་སྤེལ་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་གར་ཧིན་དྷི་གསར་ཤོག་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ནང་མཉམ་འབྲེལ་མ་དངུལ་འཇོག་མཁན་རྒྱ་ནག་བཟོ་གྲྭའི་ཁྱབ་བསྒྲགས་ས་ཁྲའི་སྟེང་བཀོད་པའི་རྒྱ་དཀར་ནག་གི་མངའ་ཁོངས་ས་ཐིག་གནད་དོན་ཐད། རྒྱ་གར་གྱི་གསར་འགོད་པས་རྒྱ་ནག་གཞུང་ཚབ་ཀྲང་ཡཱན་ལ་ཚ་འདྲི་བདའ་འདེད་བཏང་སྐབས།  རྒྱ་ནག་གཞུང་ཚབ་ཁོང་ཁྲོ་ལངས་ཏེ་ “ ཁ་ཚུམས ” ཞེས་གསར་འགོད་པའི་ཐོག་ལ་རྩུབ་སྤྱོད་སྤེལ་བར་བརྟེན། གསར་འགོད་པས་ “ ལུང་པ་འདི་རྒྱ་ནག་ནང་བཞིན་མ་རེད། རྒྱ་གར་ནི་རང་དབང་ལུང་པ་རེད།  གསར་འགོད་པས་ཁྱོད་ལ་སྐད་ཆ་དྲིས་དུས། ཁྱོད་ཀྱིས་ག་རེ་བྱས་ནས་ཁ་ཚུམས་ཟེར་གྱི་ཡོད། ” ཅེས་ཚིག་ལན་སློག་ཡོད་པ་རེད།    
ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་རྒྱ་ནག་གི་གློག་ལས་འཛུགས་སྐྲུན་མ་དངུལ་བཟོ་གྲྭ་ཞིག་གིས། རྒྱ་གར་གྷོ་ཇི་ར་ཐི་མངའ་སྡེ་ནང་བཟོ་སྐྲུན་རྣམ་གྲངས་ཤིག་གི་ཐད་ཨ་སྒོར་དུང་ཕྱིར་ ༤ ཡི་མཉམ་ལས་མ་དངུལ་གཏོང་བའི་གན་རྒྱ་བཞག་སྟེ། ལས་གཞི་དེར་མིང་རྟགས་འགོད་པའི་མཛད་སྒོ་དེ་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་ཡོད་པ་དང་། སྐབས་དེར་རྒྱ་ནག་བཟོ་གྲྭའི་ཁྱབ་བསྒྲགས་ཀྱི་དེབ་ནང་བཀོད་པའི་ས་ཁྲའི་སྟེང་། རྒྱ་གར་ཨ་རི་ཎ་ཅལ་མངའ་སྡེ་དང་ལ་དྭགས་གཉིས་རྒྱ་ནག་གི་ས་ཁོངས་སུ་བྲིས་ཡོད་པར་མ་ཟད། རྒྱ་གར་དང་པ་ཀི་སི་ཐན་བར་བདག་དབང་རྩོད་རྙོག་ཅན་གྱི་ཀ་ཤི་མའེ་རིག་མངའ་སྡེ་ཡང་པ་ཀི་སི་ཐན་གྱི་ས་ཁོངས་སུ་བྲིས་ཡོད་པར་བརྟེན། རྒྱ་གར་གསར་འགོད་པས་གནད་དོན་དེའི་ཐད་རྒྱ་ནག་གཞུང་ཚབ་ལ་ཚ་འདྲི་བདའ་འདེད་བཏང་བར་བརྟེན།  རྒྱ་ནག་གཞུང་ཚབ་ཀྲང་ཡཱན་དང་གསར་འགོད་པའི་བར་ཚིག་རྩོད་ཤོར་ཡོད་པར་མ་ཟད། མཛད་སྒོའི་ལས་གཞི་ཁག་རྒྱུན་ལྡན་ལྟར་འགྲོ་མ་ཐུབ་པར་ཆུ་ཚོད་གཅིག་རིང་ཟང་ཟིང་དུ་གྱུར་ཡོད་འདུག 
རྗེས་སུ་རྒྱ་ནག་གཞུང་ཚབ་ཀྲང་ཡཱན་གྱིས་ཁྱབ་བསྒྲགས་ས་ཁྲའི་སྟེང་གི་རྒྱ་གར་ནག་གི་མངའ་ཁོངས་ས་ཐིག་གནད་དོན་དེ་ནི། བཟོ་གྲྭ་སྒེར་ངོས་ནས་ཉམས་འཇོག་མ་བྱས་པའི་ལག་རྩལ་གྱི་གནད་དོན་ཞིག་ཡིན་ཚུལ་དང་། ཁོ་ཚོས་རྒྱ་གར་དང་མཛའ་འབྲེལ་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པས། རྙོག་དྲ་དེས་ཕྱོགས་གཉིས་ཀར་དགེ་ཕན་གང་ཡང་མེད་སྐོར་བརྗོད་འདུག  གནད་དོན་དེའི་ཐད་རྒྱ་གར་ཕྱི་འབྲེལ་ལས་དོན་དྲུང་ཆེ་གྷོ་ཋམ་བྷམ་བྷེ་ཝེལ་ལགས་ཀྱིས་ཀྱང་གསར་ལམ་ཁག་ཏུ། རྒྱ་ནག་གཞུང་ཕྱོགས་ནས་ཁྱབ་བསྒྲགས་ས་ཁྲའི་སྟེང་མངའ་ཁོངས་ས་ཐིག་ལ་ཐལ་ཆ་ཤོར་བའི་ནོར་འཁྲུལ་ངོས་ལེན་བྱས་ཡོད་ཚུལ་དང་། ས་ཁྲ་དེ་ནི་རྒྱ་ནག་གཞུང་འབྲེལ་གྱིས་བཟོས་པ་ཞིག་མ་ཡིན་པར་སྒེར་གཉེར་བཟོ་གྲྭའི་ངོས་ནས་བཟོས་པ་ཞིག་ཡིན་སྐོར་གསལ་བཤད་བྱས་འདུག 

རྒྱ་དཀར་ནག་གི་མངའ་ཁོངས་ས་ཐིག་གནད་དོན་ཐད་རྒྱ་ནག་གཞུང་ཚབ་དང་རྒྱ་གར་གསར་འགོད་པའི་བར་རྩོད་རྙོག་བྱུང་བའི་གནས་ཚུལ་དེར། རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་དང་གནས་འཕྲིན་དྲ་རྒྱའི་སྟེང་གླེང་སློང་ཤུགས་ཆེན་པོ་བྱུང་འདུག ཕྱི་ཚེས་ ༥ ཉིན་རྒྱ་ནག་གཞུང་འབྲེལ་ཧཱན་ཆིག་གསར་ཤོག་དྲ་བའི་སྟེང་དེའི་སྐོར་གྱི་གནས་ཚུལ་སྤེལ་བའི་ནང་།  རྒྱ་གར་གསར་འགོད་པས་རྒྱ་ནག་ཕྱོགས་ནས་མཉམ་འབྲེལ་མ་དངུལ་འཇོག་བཞིན་པའི་ཁེ་ཕན་ལ་སྣང་ཆུང་བྱས་ཏེ།  ས་ཁྲའི་མངའ་ཁོངས་ཐིག་རིས་ཀྱི་རྩོད་རྙོག་བསླངས་ཏེ་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ལ་བར་ཆད་བཟོས་ཡོད་སྐོར་བཀོད་ཡོད་པ་དང་། ད་དུང་མིང་ལ་ཀྲང་ཧྲའེ་ཀོ་ཟེར་བའི་རྒྱ་མི་ཞིག་གིས་དྲ་བའི་སྟེང་རྩོམ་ཡིག་ཅིག་སྤེལ་ཏེ།   “ རྒྱ་ནག་ལ་ལི་བྷེ་ཡའི་ཕྱོགས་ནས་བཟོད་བསྲན་དཀའ་བའི་ཕམ་ཉེས་ཀྱི་ཟབ་སྦྱོང་ཐེངས་གཅིག་རག་ཟིན་པ་ལྟར།  མ་འོངས་པར་རྒྱ་གར་གྱི་ཕྱོགས་ནས་ཀྱང་དེ་མཚུངས་ཀྱི་ཕམ་ཉེས་ཤིག་བསྐྱར་དུ་འཁུར་མི་རུང་། ཉན་མི་སྤྲོ་བའི་སྐད་ཆའི་ཚིག་རིས་སྤྱད་དེ་བཤད་པ་ཡིན་ན། ད་ལྟ་ཁྱི་ཡིས་ཟུག་སྐད་རྒྱག་མགོ་བརྩམས་ཏེ་མི་ལ་སོ་རྒྱག་རྩིས་བྱེད་བཞིན་འདུག རྒྱ་ནག་གི་ཕྱོགས་ནས་ཀྱང་ཁྱི་ལ་རྡུང་བྱེད་ཀྱི་དབྱུག་པ་གྲ་སྒྲིག་བྱེད་རན་འདུག ” ཅེས་བྲིས་འདུག  

དེ་བཞིན་རྒྱ་གར་ཧིན་དྷི་གསར་ཤོག་དྲ་བའི་སྟེང་རྩོད་རྙོག་དེའི་སྐོར་གྱི་གནས་ཚུལ་བཀོད་མ་ཐག  དྲ་བར་ཞུགས་རྒྱ་གར་མང་ཚོགས་ཀྱི་ངོས་ནས་ཀྱང་གླེང་སློང་ཤུགས་ཆེན་པོ་བྱུང་ཡོད་པར་མ་ཟད། རྒྱ་གར་ཡུལ་མི་ཞིག་གིས་དྲ་བའི་སྟེང་གནད་དོན་དེའི་ཐད་རང་ཉིད་ཀྱི་བསམ་ཚུལ་སྤེལ་དོན། “ རྒྱ་མི་རྣམས་ཀྱིས་རིག་པ་འཁྲབ་ཀྱིན་འདུག  རྒྱ་གར་བ་ཡང་ཡར་ལངས་ཏེ་འཁྲབ་རོགས་བྱེད་དགོས་ཀྱི་འདུག  ཡིན་ནའང་། ཆེས་ལེགས་ཤོས་ནི་ཐོག་མར་སོ་སོའི་དཔལ་འབྱོར་ཡར་རྒྱས་སུ་བཏང་སྟེ་རྒྱ་ནག་ལས་ཀྱང་ལྷག་པ་ཞིག་བཟོ་དགོས་པར་མ་ཟད། དམག་དོན་ཡར་རྒྱས་སུ་བཏང་སྟེ་ག་དུས་ཡིན་ཡང་དམག་རྒྱག་རྒྱུར་གྲ་སྒྲིག་ཨང་གསར་བྱེད་དགོས། གལ་སྲིད་རྒྱ་ནག་གིས་ཁྱི་སྤྱང་ངན་འབྲེལ་གྱི་དམིགས་ཡུལ་བཅང་ཚེ། ང་ཚོའི་ངོས་ནས་ཀྱང་ཨ་རི་དང་ཉི་ཧོང་ལ་གྲོས་མོལ་གྱི་སྒོ་མོ་ཕྱེ་སྟེ་ཕྱོགས་ཕན་ཚུན་བར་འཐབ་ཇུས་རང་བཞིན་གྱི་འབྲེལ་བ་ཡར་རྒྱས་སུ་གཏོང་དགོས།  འདི་ནི་འཛམ་གླིང་སྤྱི་ཁྱབ་རང་བཞིན་གྱི་ཆབ་སྲིད་འཁྲབ་སྟོན་ཞིག་ཡིན། ” ཅེས་བརྗོད་ཡོད་པ་རེད།

ཕྱི་ལོ་ ༡༩༦༢ ཕྱི་ཟླ་ ༡༠ ནང་བོད་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་དུ་རྒྱ་དཀར་ནག་བར་དམག་འཁྲུག་ཐོག་མ་དེ་བྱུང་ཡོད་པ་རེད།  ད་ལྟའི་ཆར་རྒྱ་གར་གཞུང་གིས་མཐའ་མཚམས་ས་ཁུལ་དུ་དམག་མི་ཁྲི་ ༡༠ འགྲེམས་འཇོག་གནང་འཆར་ཡོད་པ་དང་། རྒྱ་ནག་གིས་ཀྱང་བོད་མངའ་རིས་ཁུལ་དུ་གནམ་ཐང་གསར་རྒྱག་གིས་དམག་གི་རྟེན་གཞི་འཛུགས་བཞིན་ཡོད་པ་རེད།
 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 9

  1. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    དྲ་གྲོགས་ཚངས་སར་ཕྲིན་ལས་ལགས་སུ་གསལ་བཤད་ཀྱི་ཚུལ་དུ་ཞུ་དོན། རྒྱ་ནག་གཞུང་ཚབ་དང་རྒྱ་ནག་གཞུང་ཚབ་ཁང་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་ངོས་འཛིན་མི་རུང་བར་སེམས། སྤྱིར་གཞུང་ཚབ་ཅེས་བརྗོད་སྐབས་སྲིད་གཞུང་གང་དེའི་ཚབ་བྱས་ཏེ་ལས་དོན་སྒྲུབ་མཁན་གྱི་གང་ཟག་དང་སྒྲིག་འཛུགས་གང་རུང་ལ་གོ་ཆོག་པར་འདོད། དེར་བརྟེན་བདག་སྒྲ་མ་སྦྱར་བ་ཡིན། ནམ་རྒྱུན་གཞུང་ཚབ་དང་། དོན་གཅོད། སྐུ་ཚབ། མགྲིན་ཚབ་སོགས་ཀྱི་རྗེས་སུ་ཁང་དང་ལས་ཁུངས་ སོགས་མ་སྦྱར་བའི་སྐབས་སུ་གང་ཟག་ལ་གོ་བ་ཤུགས་ཆེ་བར་འདོད། དཔེར་ན། ཨ་རིའི་གཞུང་ཚབ་xxxལགས་དང་། ཨ་རིའི་གཞུང་ཚབ་ཀྱིས་xxx། བོད་གཞུང་དོན་གཅོད་xxxལགས་དང་། བོད་གཞུང་དོན་གཅོད་ཀྱིས་xxxལ་སོགས་བདག་སྒྲ་མ་སྦྱར་པར་གང་ཟག་ལ་གོ་བ་ལེན་པ་མང་དུ་འདུག ཡིན་ནའང་། མཐའ་གཅིག་ཏུ་བདག་སྒྲ་སྦྱོར་དགོས་པ་མ་རེད་ཅེས་བཤད་པའི་སྤོབས་པ་ཡེ་ནས་མེད། ཉིད་ཀྱིས་དོ་སྣང་དང་དོགས་སློང་གནང་བར་ཐུགས་རྗེ་ཆེ།

    Reply
  2. ཚངས་སར་ཕྲིན་ལས། says:
    ལོ་ 15 སྔོན།

    (རྒྱ་ནག་གཞུང་ཚབ་ཁོང་ཁྲོ་ལངས་ཏེ་ “ཁ་ཚུམས” ཞེས་རྩུབ་སྤྱོད་སྤེལ་ཡོད་འདུག ) ཅེས་པའི་ཚིག་འདི་ཐོས་པ་ཙམ་གྱི་རྒྱ་ནག་གཞུང་ཚབ་ཁང་དེ་མི་གཅིག་ཡིན་པ་འདྲ་བོ་བཤད་འདུག དོན་དངོས་དུས་བབ་ཚང་གི་འདི་འདྲ་རིགས་མུ་འཐུད་འགོད་འདོད་དམ།

    Reply
  3. འཇའ་ཐང་འབྲོག་བུ། says:
    ལོ་ 15 སྔོན།

    རྒྱ་གར་གསར་འགོད་པ་ལ་ཁ་ཚུམས་ཞེས་ལབ་ཡ་དེ་དངོས་གནས་ས་ཆ་གང་དུ་སླེབས་འདུག འདི་ནི་རྒྱ་དམར་པོའི་ངོ་གདོང་རློན་པ་དེ་ཉིད་ཕྱིར་བསྟན་བྱས་པ་ཙམ་རེད།

    Reply
  4. ནད་པ says:
    ལོ་ 15 སྔོན།

    རྒྱ་གར་དམངས་གཙོའི་ལུང་པའི་ནང་གི་གསར་འགོད་པ་ཁ་ཚམས་ཟེར་དུས་རྒྱ་ནག་དང་བོད་ནང་དུ་ཁོང་ཚོས་བཙོན་དོང་ནང་དུ་བཅུག་རྒྱུ་ཡིན་པའི་གཏམ་དེ་ཤུགས་ལས་རྟོགས་ཐུབ།

    འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སྐྱེ་ནས་མ་ཤི་བར་སྡོད་པའི་རིང་དེར་ཁ་བཙུམས་ནས་ནམ་ཡང་སྡོད་ཐུབ་ཐབས་མེད། གང་ཡིན་ཟེར་ན་སྨྲ་བརྗོད་ཀྱི་རང་དབང་དེ་འགྲོ་བ་མི་སྤྱིའི་ཐོབ་ཐང་རང་དབང་རེད།

    ཁ་བཙུམས་ནས་སྡོད་དགོས་པའི་རྒྱ་ནག་མི་དམངས་དུང་ཕྱུར་༡༣ བོད་རིགས་མི་དམངས། ནང་སོག་མི་རིགས། ཡུ་གུར་མི་རིགས་བཅས་མི་རིགས་ ༥༦ རྣམས་ལ་རང་དབང་དང་ཐོབ་ཐང་མེད།

    ཡིན་ནའང་ང་ཚོ་མི་ཞིག་ཡིན་པའི་ཆ་ནས་མ་ཤི་པར་སྐད་རྒྱག་དགོས། ཁ་ནམ་ཡང་བཙུམ་རྒྱུ་མེད། བཤད་ཕོད་པ་དགོས།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དཔལ་འབྱོར་གྱི་གནད་དོན་དམག་འཁྲུག་གི་འབྱུང་རྐྱེན་ཡང་ཆགས་སྲིད། ད་རེས་རྒྱ་ནག་གཞུང་ཚབ་ཁང་གིས་ངོ་ཚ་ཞིག་ཉོས་བྱུང།
    བོད་ཀྱི་ས་ཆ་དུམ་བུ་དེ་ཡང་ཁྱི་གཉིས་དབར་ལ་གློ་བ་གཡུགས་པ་ལྟར་ཆགས་ཡོད་པས་གློ་བ་དེ་མ་ཚར་བར་དུ་ཁྱི་འཛིང་དེ་ཡང་མཚམས་མི་འཆད། གློ་བ་དེ་སུས་ཟོས་ཀྱང་ང་ཚོར་གྱོང་ཆེན་པོ་མེད། དེ་བས་རྩོད་པ་འདི་ཡང་ང་ཚོའི་མཐུན་རྐྱེན་ཞིག་ལ་ལེན་ཆོག

    Reply
  6. མེས་པོ། says:
    ལོ་ 15 སྔོན།

    བཀླགས་ཚར།

    Reply
  7. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཚོ། བོད་ཡིག་ཁྱག་ཁྱོར་ཞིག་འབྲི་ཐུབ་པར་ཧ་ལས་རྒྱུ་ཅི་ཨེ་ཡོད་ན། དེ་ལས་བོད་ཀྱི་འདས་མ་འོངས་ད་ལྟ་བཅས་ཀྱི་ལོ་རྒྱུས་དང་། གནས་བབས་བཅས་ལ་ཡག་པོ་གཟིགས་ནས་འབྲི་རྩོམ་རིགས་གནང་ཐུབ་ན་ཕན་ཚུན་ཚང་མར་ཕན་ངོ་ཆེ་བ་ལས། ད་ལྟ་རྒྱ་ནག་གིས་རྩོད་བཞིན་པར་སླད་བོད་མིས་རྒྱ་གར་ལ་རྩོད་དགོས་ཟེར་བའི་ཚིག་དེའི་རིགས་ཡི་གེར་དཔོད་སྐབས། སྔར་བོད་སྡེ་པ་གཞུང་དང་། རྒྱ་གར་དབྱིན་གཞུང་གཉིས་དབར་བཞག་པའི་འཆིང་ཡིག་ཁག་དང་། ད་ལྟ་རང་རེ་བོད་ཀྱི་གནས་བབས་བཅས་ཀྱི་ཐོག་བཀའ་ཤག་གསར་རྙིང་ཚང་མའི་གནས་ཚུལ་དེ་དང་འབྲེལ་བའི་གསལ་བསྒྲགས་ཇི་བསྐྱངས་བཅས་ལ་ལེགས་པར་ཞིབ་དཔྱད་གནང་གལ་ཆེ། ཡང་བསམ་བཞིན་དུ་ཆེད་བསད་ཀྱི་དཀྲུགས་ཤིང་རིགས་ཡིན་ན་གསལ་པོ་གསུང་རོགས་གནང་གཟབ་གཟབ་བྱེད་རྒྱུར་ཕན་ཐོག་འདུག།

    Reply
  8. དུག་མདའ། says:
    ལོ་ 15 སྔོན།

    རྒྱ་གར་ཚོ་དེ་བབས་ནས་འདུག བོད་རྒྱ་ནག་གི་ཡིན་ས་ན་མོན་ལ་དྭགས་རྒྱ་ནག་གི་མིན་ས་ཞིག་གང་ན་ཡོད། ད་ལྟ་རྒྱ་ནག་གིས་རྩོད་བཞིན་པ་མ་འོངས་བར་བོད་པས་རྩོད་རྒྱུ་རེད།

    Reply
  9. ཀླུ་ བློ་བསམ། says:
    ལོ་ 15 སྔོན།

    ཀློག་ནས་བུད་སོང་། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese