མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱེ་རྒུ་མདོར་བརྙན་འཕྲིན་ཡན་ལག་འཛུཊ་རྒྱུ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

སི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་ཁམས་སྐྱེ་རྒུ་མདོ་རུ་ཡན་ལག་ལས་ཁུང་ཞིག་གསར་འཛུགས་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་སི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་གིས་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་སུ་ཡོད་པའི་ཡུལ་ཤུལ་བོད་རང་སྐྱོང་ཁུལ་ཁམས་སྐྱེ་རྒུ་མདོ་རུ་ཡན་ལག་ལས་ཁུང་ཞིག་གསར་འཛུགས་དབུ་འབྱེད་བྱས་ཡོད་འདུག གནས་ཚུལ་ནང་བཀོད་པ་ལྟར་ན། ཡན་ལག་ལས་ཁུང་གསར་འཛུགས་ཀྱི་དམིགས་ཡུལ་གཙོ་བོ། ཡུལ་ཤུལ་དྲིལ་སྒྲོག་དང་ཡུལ་ཤུལ་ལ་ཞལ་འདེགས། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་འཕེལ་རྒྱས། དཔལ་འབྱོར་གོང་སྤེལ། ས་གནས་མི་དམངས་ཀྱི་བདེ་ཞིང་སྐྱིད་པའི་ངང་འཚོ་བ་རོལ་བའི་རྣམ་པ་བསྐྲུན་ཆེད་ཡིན་ཚུལ་བརྗོད་འདུག

ཡང་གནས་ཚུལ་ནང་། ཐེངས་འདིའི་ལས་གཞི་དེ་ཡུལ་ཤུལ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་སི་ཁྲོན་རྒྱང་སྒྲོག་གློག་བརྙན་འཕྲིན་གྲངས་ཉུང་མི་རིགས་སྐད་ཡིག་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་ཐེངས་མང་གྲོས་བསྡུར་བརྒྱུད་དེ་བཙུགས་པའི་ཡན་ལག་ལས་ཁུང་ཞིག་ཡིན་པ་དང་། མ་འོངས་པར་ཡན་ལག་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཡང་དག་པའི་གླེང་ཕྱོགས་དང་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་འོག་ཚན་རིག་འཕེལ་རྒྱས་ཀྱི་ལྟ་བར་དོན་འཁྱོལ་དང་ཡུལ་ཤུལ་སྐྱེ་རྒུ་མདོའི་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་བྱ་བར་སྐུལ་འདེད་ཀྱིས། ཡུལ་ཤུལ་ཁུལ་གྱི་གསར་འགྱུར་ལས་རིགས་པ་དང་མཉམ་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐད་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཚུལ་སོགས་བཀོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༦ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 11

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ལ་དགོས་ཡ་ཡར་རྒྱས་རེད། །
    བརྙན་འཕྲིན་གསར་འཛུགས་དགའ་བསུ་ཡོད། །
    མི་དགོས་སྲིད་གཞུང་གདུག་རྩུབ་རེད། །
    བོད་ཡིག་རང་སྐད་སྤེལ་ཕྱིར་བཀོལ། །

    Reply
  2. གངས་རྡེའུ། says:
    ལོ་ 15 སྔོན།

    བོད་ནང་གི་ལས་ཀ་གང་ཡིན་ན་མི་བཟང་བ་རྐྱང་རྐྱང་ཡིན་པའི་ངེས་པ་ཡོད་པ་མ་རེད། བརྙན་འཕྲིན་ལ་མཚོན་ནས་བཤད་ན་ཡང་མཚོ་སྔོན་བརྙན་འཕྲིན་ཁང་ལྟ་བུ་རེད། དམར་ཤོག་པའི་གསར་འགྱུར་བསྒྲགས་རྒྱུ་ནི་ཁོང་ཚོའི་བསམ་བཞིན་བསྒྲགས་པ་ཡིན་མིན་དང་ཡང་ན་མ་བསྒྲགས་ཐུ་མེད་ཡིན་པ་ལེགས་ཉེས་འབྱེད་ནས་བཤད་ན་བཟང་གི་མ་གཏོགས། བོད་ནང་གི་ལས་དོན་གང་ཡིན་ལ་སྡིགས་ར་མ་བྱེད།

    Reply
  3. དུག་མདའ། says:
    ལོ་ 15 སྔོན།

    སྐྱེ་རྒུའི་འཛུགས་སྐྲུན་འཛམ་གླིང་ལ་འུར་སྒྲོག་དགོས་བའི་སྐབས་དག་དག་ལ་བོད་སྐད་བརྙན་འཕྲིན་ཁང་ཞིག་སླེབས་པ་འདི་བོད་པ་ཁོ་ནས་ཧུར་བརྩོན་ཨེ་ཡིན་ན། ངས་སྐྱེ་རྒུ་མདོ་ནས་ཀི་ཞིག་འདེབས་རྒྱུ་ཟེར་བལང་འང་འགག་སྒོ་མང་བོ་ཞིག་ནས་མཐར་དགོས་པ་མ་རེད་དམ།

    Reply
  4. བསོད་འོད says:
    ལོ་ 15 སྔོན།

    སྔོན་རྒྱ་ནག་གི་སྲིད་བློན་འདས་པོ་ཀྲུང་ཨེ་ལེན་གྱིས་ཁམས་པ་རང་སྐྱོངས་ལྗོངས་ཞེས་ཁམས་རིགས་ཡོངས་རྫོགས་གཅིག་བསྒྲིལ་གྱིས་རང་སྐྱོངས་ས་ཁུལ་ཞིག་འཛུགས་འཆར་ཡོད་པ་དེ་ད་ལྟར་དུས་སུ་སྨིན་ཡིན་པ་འདྲ། མ་གཞི་ཡུལ་ཤུལ་ས་ཁུལ་གྱི་མི་མང་ཚོས་མཚོ་སྔོན་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་སོགས་ལ་ཧ་ཅང་དགའ་མོས་ཡོད་སྟབས་ཁམས་པ་བརྙན་འཕྲིན་ལྟ་གི་ཡོད་མེད་མི་ཤེས་ཨ།

    Reply
  5. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    སྤྱིར་བཏང་གང་ན་རང་སྐད་ཀྱི་ཐོག་གསར་འགྱུར་དྲིལ་བསྒྲགས་དང་དྲ་ཚིགས་སོགས་སྤེལ་བ་ནི་ཡག་པོ་རེད། གནས་ཚུལ་བདེན་མིན་སྤེལ་ཀྱི་ཡོད་མེད་རིམ་བཞིན་ཤེས་ཐུབ། དེ་ལ་དང་པོ་ནས་ལྟས་ངན་གྱི་འུར་བསྒྲགས་སྒྲོག་ནས་ཕན་ཐོགས་མེད། ཡན་ལག་གསར་འཛུགས་བྱེད་པའི་དམིགས་ཡུལ་ལྟར་ས་ཁུལ་དེ་རུ་འཛུགས་བསྐྲུན་གྱི་ལས་གཞི་ལ་རོགས་འདེགས་ཐུབ་པའི་རེ་བ་ཡོད།

    Reply
  6. ཆོས་བཟང་། says:
    ལོ་ 15 སྔོན།

    ཁམས་པ་ཚོ་འཇོན་པོ་རེད།

    Reply
  7. གཅེན་པོ། says:
    ལོ་ 15 སྔོན།

    སྐྱེ་རྒུ་མདོར་བརྙན་འཕྲིན་ (ཡག་) ལག་འཛུཊ་རྒྱུ།

    མདུན་ངོས་སུ་ད་དུང་བཟོ་བཅོས་བྱས་མི་འདུག ལམ་གསེར་བསྒྱུར་བཅོས་གནང་རོགས།
    ཡག་ལག་ལབ་དུས་རྣ་བར་འགྲོ་བདེ་པོ་ཁྱོན་ནས་མི་འདུག

    Reply
  8. སྒ'པ'བསོད'ནམས'དར'རྒྱས'། says:
    ལོ་ 15 སྔོན།

    སྤྱི་གཏང་བྱས་ན་གནས་ཚུལ་ག་རེ་ཡིན་ཡང་ཐོག་མ་ག་འདྲི་རེད་འདུག་བལྟས་ནས་ཡག་པོ་མི་འདུག་ན་སྐྱོན་བརྗོད་བྱས་ན་ད་བཟོད་འཕྱི་ཡོད་མ་རེད་དྲན་ཡིན་ན་ཡང་དེ་ནི་ང་རང་གི་བསམ་ཚུལ་ཡིན་་།་་་་་་་བོད་ནང་ལ་ཡག་སྡུག་མེད་པ་རྒྱུག་ལམ་ཞིག་ཡོད་ན་དེ་ལ་གཞུགས་ནས་དྲི་བསྒྲགས་གནང་མཁན་དེ་བོད་པ་སོང་ཁྱད་པ་ཆེན་པོ་ཡོད་རེད་དྲན་གིས་།་་

    Reply
  9. གཅེན་པོ། says:
    ལོ་ 15 སྔོན།

    ཁ་བྱང་གི་ཡག་ལག་དེ་ཡན་ལག་ལ་བསྒྱུར་བཅོས་རོགས་གནང་།

    Reply
  10. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    དམིགས་ཡུལ་ཡག་པོ་ཞིག་མེད་པ་ཐག་གིས་ཆོད། དྲིལ་བསྒྲགས་རྫུན་མ། འཛུགས་སྐྲུན་རྫུན་མ། ཐམས་ཅད་རྫུན་མ། ས་བཤད་གནམ་བཤད་ཅི་ཞིག་བྱས་ཀྱང་གནས་སྟངས་ཆ་ཚང་ཧ་གོ་ཡོད།

    Reply
  11. གངས་རྡེའུ། says:
    ལོ་ 15 སྔོན།

    རྟེན་འབྲེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese