མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྐད་ཡིག་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp
དེ་རིང་སྔ་དྲོ་དྷ་ས་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། འོད་དཀར་དྲ་ཚིགས་དང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་སྐོར་ལ་བགྲོ་གླེང་དབུ་འཛུགས་གནང་སོང་།
འོད་དཀར་དྲ་ཚིགས་དང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༡༡ དང་ ༡༢ ཉིན་གཉིས་རིང་བོད་ཀྱི་སྙན་ངག་དང་རྩོམ་རིག སྐད་ཡིག་གི་གསོན་རྩ། བཙན་བྱོལ་གྱི་བོད་སྐད་ཡིག་བཅས་ཀྱི་སྐོར་ལ་བརྗོད་གཞི་གཏན་འབེབས་ཐོག་བགྲོ་གླེང་བ་ཆེད་དུ་གདན་ཞུ་གནང་སྟེ་༼བོད་ཀྱི་སྐད་ཡིག་ཚོགས་འདུ་༽ཞེས་པ་ཞིག་གོ་སྒྲིག་གནང་བཞིན་པ་ལྟར། དེ་རིང་སྔ་དྲོ་ཆུ་ཚོད་ ༩ པའི་སྟེང་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་དངོས་སུ་བགྲོ་གླེང་དབུ་འཛུགས་གནང་སོང་།  བགྲོ་གླེང་གི་ཐོག་མར་གོ་སྒྲིག་གནང་མཁན་ཤིང་བཟའ་རིན་པོ་ཆེ་མཆོག་གིས་ཉིན་གཉིས་རིང་གི་བགྲོ་གླེང་ལས་རིམ་ངོ་སྤྲོད་གནང་རྗེས། གདན་ཞུའི་བགྲོ་གླེང་བ་སྤྱི་ཟུར་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་འོད་དཀར་དྲ་ཚིགས་ཀྱིས་རྩོམ་སྒྲིག་པར་སྐྲུན་བྱས་པའི་༼མྱི་སྐད༽དཔེ་ཚོགས་སྒོ་འབྱེད་དང་སྦྲགས། ༼སྲོལ་རྒྱུན་སྙན་ངག་གི་སྒུལ་ཤུགས་དང་དེང་རབས་སྙན་ངག་གི་དགེ་སྐྱོན༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གཏམ་བཤད་དང་། ཕྱི་དྲོ་གདན་ཞུའི་བགྲོ་གླེང་པ་ཀིརྟི་གྲྭ་ཚང་གི་སློབ་སྤྱི་སོ་རུ་དར་རྒྱས་ལགས་ཀྱིས་༼རྩོམ་པ་པོའི་འགན་འཁྲི་དང་དེང་རབས་རྩོམ་རིག་གི་དགེ་སྐྱོན༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གཏམ་བཤད་གནང་བ་དང་། བགྲོ་གླེང་ཚོགས་ཞུགས་པ་རྣམས་ཀྱིས་ཀྱང་བརྗོད་གཞིའི་གཏམ་བཤད་ཐད་དོགས་འདྲི་དང་སོ་སོའི་བསམ་ཚུལ་བཅས་བརྗོད་སོང་། དེ་རིང་གི་བགྲོ་གླེང་ཚོགས་འདུའི་ཐོག་བོད་ཀྱི་སྐད་ཡིག་རིག་གནས་ཐད་དོ་སྣང་ཅན་གྱི་གདན་ཞུའི་ཤེས་ལྡན་པ་དང་། ཐེངས་འདིའི་འོད་དཀར་དྲ་ཚིགས་ཀྱི་སྙན་ངག་སྒྲོག་སྦྱང་རྟིང་རྩོད་འགྲན་ཞུགས་པ་རྣམས་གཙོས་པའི་རང་མོས་ཟུར་ཞུགས་གནང་མཁན་བཅས་ཁྱོན་བསྡོམས་མི་ ༡༠༠ ཙམ་མཉམ་ཞུགས་གནང་འདུག 
ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་དམིགས་ཡུལ་སྐོར་ལ་ཚོགས་འདུའི་གོ་སྒྲིག་པར་བཅར་འདྲི་གནང་པར། འོད་དཀར་དྲ་ཚིགས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཤིང་བཟའ་རིན་པོ་ཆེ་མཆོག་གིས། “ད་ལྟའི་ཆར་ང་ཚོ་འོད་དཀར་དྲ་ཚིགས་ཀྱི་ངོས་ནས་སྙན་ངག་སྒྲོག་སྦྱང་འགྲན་བསྡུར་ཞིག་ཚོགས་བསྡད་ཡོད་པ་རེད། དེ་དང་སྟབས་བསྟུན་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་དང་ང་ཚོ་འོད་དཀར་དྲ་ཚིགས་གཉིས་མཉམ་འབྲེལ་ཐོག་སྐད་ཡིག་གི་ཚོགས་འདུ་ཞིག་འཚོགས་ཐུབ་ན་བསམ་སྟེ་གོ་སྒྲིག་གནང་བ་ཡིན། ཚོགས་འདུ་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བཙན་བྱོལ་སྤྱི་ཚོགས་ནང་ལ་སྐད་ཡིག་ཟེར་བ་དེ་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་མེད་དང་། འདིར་ཕེབས་པའི་རྩོམ་པ་པོ་ཚང་མའི་ངོས་ནས་འགན་ཁུར་ཏེ་རྩོམ་ཡིག་འབྲི་རྒྱུ་དང་། དེ་བཞིན་དྲ་རྒྱ་སོགས་ཀྱི་ཐད་ལའང་ང་ཚོས་འགན་ཞིག་ཁུར་དགོས་ཀྱི་འདུག་བསམ་པའི་ཀུན་སློང་དང་།  དེ་མིན་གཞན་བགྲོ་གླེང་ཚོགས་འདུ་འདི་བརྒྱུད་དེ་ང་ཚོའི་ངོས་ནས་ཐབས་ལམ་འདྲ་བཙལ་ཏེ། མ་འོངས་པར་བཙན་བྱོལ་སྤྱི་ཚོགས་ནང་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་ཀྱི་ལམ་ཁ་ཞིག་གཏན་འབེབས་བྱ་ཐུབ་ན་བསམ་པའི་ཐོག་ནས་ཚོགས་འདུ་གོ་སྒྲིག་གནང་བ་ཡིན།” ཞེས་གསུངས་སོང་ལ། དེ་བཞིན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་འབྲོག་རུ་ཆོས་གྲགས་ལགས་ཀྱིས་ཀྱང་། “ མ་འོངས་པར་བཙན་བྱོལ་ནང་སྐད་ཡིག་དང་རྩོམ་རིག་བཅས་འཛིན་སྐྱོང་སྤེལ་གསུམ་ཅི་ལྟར་བྱེད་དགོས་མིན་དང་། ལྷག་པར་དུ་སྤྱི་ཚོགས་ནང་སྐད་ཡིག་གི་ཁྱབ་རྒྱ་ཆེ་རུ་གཏོང་བར་གཞུང་དང་སློབ་གྲྭ་ཁག་གི་ངོས་ནས་ག་རེ་གནང་དགོས་མིན་ཐད་ཐབས་ལམ་ཕྱོགས་བསྡོམས་བྱས་ཏེ།  འབྲེལ་ཡོད་ཤེས་རིག་ལས་ཁུངས་གཙོས་པའི་ཚོགས་སྡེ་ཁག་ལ་སྙན་འབུལ་གྱིས་ཚང་མས་མཉམ་རུབ་འབད་བརྩོན་གནང་རྒྱུར་རེ་སྐུལ་ཞུ་ཆེད་ཡིན། ” ཞེས་བརྗོད་སོང་།
བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་མཁན་སློབ་ཕྲུག་སངས་རྒྱས་དོན་འགྲུབ་ལགས་ནི། གྷོལ་པ་པུར་སློབ་གྲྭའི་སློབ་ཕྲུག་འགས་རང་ངོས་ནས་རྩ་འཛུགས་བྱས་པའི་ཕ་སྐད་དང་བླངས་ཚོགས་པའི་ཚོགས་མི་ཡིན་ལ།  ཁོང་གིས་ཐེངས་འདིའི་བགྲོ་གླེང་ལ་མཉམ་ཞུགས་གནང་རྗེས་ཀྱི་ཚོར་སྣང་བརྗོད་དོན། “ ང་རང་སློབ་ཕྲུག་ཅིག་ཡིན། ནམ་རྒྱུན་སོ་སོའི་སྐད་ཡིག་རིག་གནས་ཀྱི་སྒང་ལ་རང་གི་ནུས་ཚོད་ཀྱིས་དོ་སྣང་གནང་བཞིན་ཡོད། ད་ཐེངས་བོད་ཀྱི་སྐད་ཡིག་ཚོགས་འདུའི་སྟེང་མགྲོན་འབོད་བྱས་པར་སེམས་གཏིང་ནས་དགའ་བོ་བྱུང་ལ། བགྲོ་གླེང་ཚོགས་འདུ་འདིར་མཉམ་ཞུགས་ཀྱི་གོ་སྐབས་བརྒྱུད་སོ་སོའི་མ་ཤེས་པ་མང་པོ་ཞིག་གི་ཐད་སློབ་སྦྱོང་རག་གི་རེད་དྲན་བྱུང་། དེ་བཞིན་བགྲོ་གླེང་ལ་དངོས་སུ་ཞུགས་སྐབས་ཀྱང་མཁས་དབང་དང་ཤེས་ཡོན་པ། རྩོམ་པ་པོ་བཅས་དང་མཉམ་དུ་བགྲོ་གླེང་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱི་གོ་སྐབས་བརྒྱུད་དེ་སོ་སོའི་སེམས་ནང་གི་དོགས་པ་མང་པོ་ཞིག་སངས་སོང་ལ།  སློབ་སྦྱོང་མང་པོ་ཞིག་རག་སོང་། མ་འོངས་པར་ཡང་སྐད་ཡིག་དང་རིག་གནས་སྐོར་ལ་མི་མང་པོ་མཉམ་འཛོམས་ཐོག་བགྲོ་གླེང་ཞུ་ཐུབ་པ་ཡིན་ན། མི་མང་པོ་ཞིག་ལ་ལྟ་རྒྱ་ཐོས་རྒྱ་ཆེ་རུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ།” ཞེས་བརྗོད་སོང་།
དེ་བཞིན། ཐེངས་འདིའི་འོད་དཀར་དྲ་ཚིགས་ཀྱི་སྙན་ངག་སྒྲོག་སྦྱང་རྟིང་རྩོད་འགྲན་བསྡུར་ཁྲོད་ཞུགས་བཞིན་པའི་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་སྨོན་ལམ་སྒྲོལ་མ་ལགས་སུ། སྙན་ངག་སྒྲོག་སྦྱང་འགྲན་བསྡུར་དུ་ཞུགས་རྒྱུའི་འདུན་པ་ཅི་ལྟར་བྱུང་མིན་དང་། འགྲན་བསྡུར་དང་བགྲོ་གླེང་ཁྲོད་མཉམ་ཞུགས་བྱས་པ་བརྒྱུད་སོ་སོའི་བསམ་བློའི་ནང་འགྱུར་ལྡོག་ག་རེ་བྱུང་ཡོད་མེད་སྐོར་དྲིས་པར། ཁོ་མོས་ “ རྟིང་རྩོད་འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་ཐུབ་མིན་ལ་མ་བལྟས་པར། སོ་སོར་གོ་སྐབས་འདི་འདྲ་བཟང་པོ་ཞིག་ཐོབ་པ་ཙམ་གྱིས་དགའ་བོ་ཞེ་དྲག་བྱུང་། ད་ལྟ་ང་རང་འཛིན་གྲྭ་བཅུ་གཉིས་ཡིན་པས་ཡིག་རྒྱུགས་ཀྱང་གཏོང་དགོས་ཀྱི་ཡོད་པར་མ་ཟད། སྤྱིར་བཏང་འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་རྒྱུགས་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ཡིན་ནའང་། གོ་སྐབས་འདི་ལྟ་བུའི་ནང་འཛུལ་ཞུགས་བྱེད་རྒྱུ་གལ་ཆེན་པོར་བརྩིས་ཏེ་འདིར་སླེབས་པ་ཡིན། ལྷག་པར་དུ་དེ་རིང་གི་བགྲོ་གླེང་འདི་བརྒྱུད་ནས་རྩོམ་པ་པོ་དང་ཤེས་ལྡན་པ་མང་པོ་ཞིག་དང་དངོས་སུ་མཇལ་ཏེ་ངོ་ཤེས་རྒྱུའི་གོ་སྐབས་ཡག་པོ་བྱུང་ལ།  ཁོང་ཚོའི་གཏམ་བཤད་ལ་ཉན་པ་དང་། ཁོང་ཚོ་དང་ལྷན་དུ་ཕན་ཚུན་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་གནང་ཡོང་དུས། སོ་སོའི་གནས་ཚད་དེ་ག་འདྲ་ཞིག་ན་ཡོད་མེད་དང་། རང་ཉིད་ཀྱི་བོད་ཡིག་གི་གནས་ཚུལ་སྐྱོ་བོ་ཡོད་པ་ཚོར་སོང་། མ་འོང་པར་ཡང་སོ་སོའི་ངོས་ནས་མུ་མཐུད་དུ་ཤུགས་རྒྱུག་དགོས་པའི་སེམས་ཚོར་ཤུགས་ཆེན་པོ་སླེབས་སོང་། གཞན་བགྲོ་གླེང་སྐབས་མང་ཆེ་བས་ཨམ་སྐད་གསུང་བཞིན་པར་བརྟེན་གོ་བ་ལེན་རྒྱུར་ཅུང་ཙམ་དཀའ་ཁག་འཕྲད་བྱུང་། ཡིན་ནའང་། རྩོམ་པ་པོའི་འགན་འཁྲི་གང་ཡིན་མིན་སྐོར་ལ་ཁོང་རྣམ་པས་བསམ་ཚུལ་ཧ་ཅང་ཡག་པོ་གསུང་སོང་ལ། སོ་སོར་མཚོན་ན་ཕན་ཐོགས་ཆེན་པོ་བྱུང་སོང་།” ཞེས་བརྗོད་སོང་།
སང་ཉིན་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་གདན་ཞུའི་བགྲོ་གླེང་པ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཀྱིས་༼སྐད་ཡིག་མི་རིགས་ཀྱི་གསོན་རྩ་ཡིན་མིན་དང་དེ་སྲུང་སྐྱོབ་བྱ་ཐབས་སྐོར༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གཏམ་བཤད་དང་། ཕྱི་དྲོ་༼བཙན་བྱོལ་བོད་མིའི་སྐད་ཡིག་དང་སློབ་གསོ༽ཞེས་པའི་བརྗོད་གཞིའི་ཐོག་ཚོགས་ཞུགས་པ་ཡོངས་ཀྱིས་རང་མོས་བགྲོ་གླེང་གནང་རྒྱུ་ཡིན་འདུག  གཞན་ཡང་། འོད་དཀར་དྲ་ཚིགས་ཀྱིས་གོ་སྒྲིག་གནང་བཞིན་པའི་ཐེངས་འདིའི་སྙན་ངག་སྒྲོག་སྦྱང་གི་རྟིང་རྩོད་རིམ་པའི་འགྲན་བསྡུར་དེ། ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་དགོང་མོར་མགོ་འཛུགས་ཀྱིས་འགྲན་ཞུགས་པ་ ༢༦ གིས་སོ་སོས་བདམས་པའི་སྙན་ངག་གྱེར་འདོན་བྱས་ཡོད་པ་དང་། ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོ་འགྲན་བསྡུར་གོ་སྒྲིག་པའི་ངོས་ནས་དམིགས་འཛུགས་བྱས་པའི་སྙན་རྩོམ་གཅིག་འགྲན་ཞུགས་པ་ཡོངས་ཀྱིས་གྱེར་འདོན་འགྲན་བསྡུར་བྱས་རྗེས།  སྔ་ཕྱི་འགྲན་བསྡུར་ཐེངས་གཉིས་ཀྱི་བརྒྱ་ཆ་ཕྱོགས་བསྡོམས་ཀྱིས་འགྲན་ཞུགས་པ་ ༨ རྩེ་བཏོག་འདེམས་ཐོན་གྱིས། ཕྱི་ཚེས་ ༡༣ གྱི་དགོང་མོར་མཐའ་མའི་རྟིང་རྩོད་འགྲན་བསྡུར་གནང་རྒྱུ་ཡིན་འདུག 
འོད་དཀར་དྲ་ཚིགས་ཀྱིས་གོ་སྒྲིག་གནང་བའི་སྙན་ངག་སྒྲོག་སྦྱང་འགྲན་བསྡུར་འདིར། ཐོག་མའི་སྔོན་འགྲོ་དང་དངོས་གཞི། མཐའ་མའི་རྟིང་རྩོད་རིམ་པ་བཅས་འགྲན་བསྡུར་ཐེངས་གསུམ་གནང་ཡོད་པ་དང་།  ཐོག་མའི་སྔོན་འགྲོའི་འགྲན་བསྡུར་སྐབས་མི་ ༢༡༥ འགྲན་ཞུགས་གནང་ཡོད་འདུག 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 18

  1. ཁྱམས་འཇུགས་ says:
    ལོ་ 13 སྔོན།

    བོད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལེག་སྐྱེད་ཕུལ་མ་ཐུབ་མི་ཡང་རང་ཉིད་ཀྱི་ཁ་ཡི་ནང་སྐད་ཆ་དེ་བོད་སྐད་གཙང་མ་ཞིག་རྒྱག་རོག

    Reply
  2. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    ་་་བཀྲ་ཤིས་བདེ་ལེགས། ་་་་་ལྷན་ཚོགས་གཉིས་ཀྱི་དམིགས་ཡུལ་ལ་སྔ་ས་ནས་རྒྱབ་སྐྱོར་ཞུ་མྱོང་ལ། ད་ཐེངས་ཀྱི་འདུ་འཛོམས་འདི་ཡང་ཡི་རངས་འོས་པ་ཞིག་འདུག མ་འོངས་པར་ཡར་རྒྱས་དང་བྱ་བ་ལམ་འགྲོ་ཡོང་བའི་རེ་སྨོན་ཆེ། སྐད་ཡིག་གལ་ཆེ་སྐོར་ཙམ་བཤད་པ་ཁོ་ན་མ་གཏོགས་ལག་ལེན་ཐོག་འགྲོ་ཐུབ་ངེས་ཉུང་ཉུང་རེད། ལག་ལེན་རང་གི་ཐོག་མདུན་སྐྱོད་བྱ་འཕུར་བ་ལྟབུ་མ་བྱུང་ཡང་གོམ་ཁ་སྤོ་དགོས་པ་དེ། སྐད་ཡིག་གཉིས་ཀྱི་སྲོག་སྐྱོབ་ངོ་མ་ཡིན་ནི་རེད། ད་བདེ་མོ་བྱོས་་་་་་

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཚང་མ་ལ། བཀྲ་ཤེས་བདེ་ལེགས་ཞུ། ད་རེས་བོད་ཀྱི་སྐད་ཡིག་སྐོར་ལ་ཚོགས་འདུ་ཚོགས་པ་ལ་མཐའ་གཅིག་ཏུ་རྗེས་སུ་ཡི་རང་ཞུ་རྒྱུ་དང་། གོ་འགྲིག་གནང་མཁན་ཁྱེད་ལ་ཐུགས་རྗེ་ཆེ་ཞུ། མ་འོང་པར་གང་ཟགས་སུ་་ཞིག་གིས་རང་རེའི་སྐད་ཡིག་སྐོར་ལ་ལས་འགུལ་སྤེལ་མཁན་བྱུང་ན། གུས་པའི་རྒྱབ་སྐྱོར་ཞུ་གི་ཡིན། རང་རེའི་གནས་འབབ་ལ་སྟས་ན་སྐད་ཡིག་གི་ལས་འགུལ་འདི་མང་ཙམ་སྤེལ་དགོས་པ་མཐོང་།

    Reply
  4. རིག་འཛིན། says:
    ལོ་ 14 སྔོན།

    ལས་རིམ་གོ་སྒྲིགས་དང་དཔལ་འབྱོར་རོགས་འདེབས་གནང་མཁན་ཡོངས་ལ་དཀའ་དྲིན་ཆེན་ཞེས་ཞུ་འདོད་བྱུང་།

    Reply
  5. སྟོང་བཙན་མགར་བུ། says:
    ལོ་ 14 སྔོན།

    བོད་ཀྱི་སྐད་ཡིག་གི་འགོ་འཛིན་དང་ཚོགས་མིར་གདན་ཞུ་བྱེད་པ་སོགས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ།བོད་ཀྱི་དུས་བབས་ཚང་གིས་བགྲོ་གླེང་འདིར་དོ་སྣང་མི་ཆུང་བ་བྱེད་པར་ཡང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    བགྲོ་གླེང་ངོ་མ་རིན་ཐང་ལྡན་གྱི།

    Reply
  7. བཙན་པོའི་བུ། says:
    ལོ་ 14 སྔོན།

    ཤིང་བཟའ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁོང་ནི་བོད་པའི་རིན་པོ་ཆེའི་ཁྲོད་སོ་སོའི་སྤྱི་ཚོགས་སུ་མཐོན་ནས་ཕྱག་ལས་མི་ཉུང་བ་ཞིག་གནང་གི་འ྄དུག་པར་བཀའ་དྲིན་ཆེ། དེ་དང་ཕྱོགས་མཚ྄ུངས་ད་རེས་ཀྱི་ཚོགས་འདུ་དེ་ལྟ་བུ་གོ་སྒྲིག་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟའི་དུས་ཚོད་འདིར་མི་ཡུལ་དུ་དེ་ལྟ་བུའི་ཚོགས་འདུ་ཚོགས་ཐུབ་པ་དེ་ཡག་པོ་རེད། འོན་ཀྱང་ཚོགས་འདུ་དེ་ལྟ་བུ་ཞིག་ཚོགས་རྗེས་དེའི་གྲུབ་འབྲས་ལའང་དགོངས་པ་བཞེས་དགོས་པར་སེམས། ྄ངའི་བསམ་པར་རིག་གཞུང་ཚོགས་འདུ་དེ་ལྟ་བུ་ཚོགས་སྐབས་ཚོགས་བཞུགས་པ་བཙན་བྱོལ་ནང་ཚར་ལོངས་བྱུང་བའི་གཞོན་སྐྱེས་གང་མ྄ང་དགོས་པར་སེམས། དམིགས་ཡུལ་དེ་གཙོ་བོར་བཟུང་ཚེ་ཚོགས་འདུ་དེ་ལྟ་བུའི་ནང་སྙན་ངག་གྱེར་འདོན་གཙོེ་ཆེར་འཛིན་པ་ལས་རང་མི་རིགས་ཀྱི་འབྱུང་ཁུངས་དེད་པའི་ལོ་རྒྱུས་དང་བོད་ཀྱི་ཕམ་ཉེས་ཀྱི་འབྱུང་རྩ་སོགས་ལ་བ྄གྲོ་གླེང་མང་ཙམ་གནང་ན་དགེ་མཚན་ཆེ་བར་མངོན། དེ་ཡང་དེ་སྔོན་དང་མི་འདྲ་བར་བོད་རིགས་གཞོན་སྐྱེས་མི་ཉུང་བ་ཞིག་ནུབ་གླིང་ཡུལ་དུ་འགྲོ་གི་ཡོད་ཅིང་ཁོ་ཚོའི་ལས་དབང་དེ་ཡང་བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་ནས་གླེང་དགོས་ཀྱི་ཡོད། དེ་གཅིག་ཡིན། གཞོན་སྐྱེས་དེ་རིགས་ལ་མི་རིགས་མི་འདྲ་བ་སྣ་ཚོགས་ཐུག་གི་ཡོད་ལ་ཁོ་ཚོ་དང་བསམ་བློ་བརྗེ་རེས་བྱ་རྒྱུའི་གོ་སྐབས་ཀྱང་རག་གི་ཡོད་པ་རེད། བསམ་བློ་བརྗེ་རེས་ཀྱི་྄སྔོ་འགྲོ་ལྟ་བུ་དེ་ར྄ང་ཉིད་ཀྱི་འབྱུང་ཁུངས་དེད་རྒྱུ་དེ་རེད། འོན་ཀྱང་བློ་ཕམ་པ་ཞིག་ལ་ང་ཚོའི་ན་གཞོན་མི་ཉུང་བ་ཞིག་གིས་སོ་སོའི་འབྱུང་ཁུངས་ཤེས་ཀྱི་མེད་ཁར་ཐ་ན་བོད་ལ་རྒྱས་བཙན་འཛུལ་ག་དུས་བྱས་མིན་ཉེ་དུས་ཀྱི་ལོ་རྒྱུས་ཤེས་བྱའང་མེད་མཁན་ཉུང་ཉུང་གཏན་ནས་མིན། གནས་སྟངས་དེ་འདྲའི་འོག་ང་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་གི་ཐུགས་ཀྱི་ཐུགས་ཚབ་དང་གསུང་གི་གསུང་ཚབ་བྱེད་ཐུབ་རྒྱུ་དེ་ཡང་ཁག་ཙམ་ཡོད་པ་འདྲ། དེ་འདྲ་ཡིན་པ་སོང་ཙང་མ་འོངས་པའི་རིག་གཞུང་ཚོགས་འདུ་དེ་རིགས་སྐབས་གནད་དོན་དེ་རིགས་ལ་གདོང་གཏད་ནས་ཕྱག་ལས་གནང་ན་དགེ་མཚན་ཆེ་བར་སེམས།

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བེ་རི་འདི་བཙན་བྱོལ་ནང་གི་མཁས་པ་རྒན་ཤོས་ཤིག་རེད་འདིས་ཆབ་སྲིད་བཞགས་ནས་རིག་གཞུང་དང་ཤེས་ཡོན་ཕྱོགས་ལ་ཚུར་གོམ་ཁྱོགས་པ་དེ་ཡག་པོ་བྱུང་སོང་་ཧོར་གཙང་འཇིག་མེད་དང་་་བེ་རི་འཇིག་མེད་ཆབ་མདོ་ཤེས་རབ་གསུམ་དེ་བཙན་བྱོལ་ནང་གི་མཁས་པ་རྣམ་གསུམ་ལབ་ན་མ་ཆོག་པ་མེད་་་་་་་་

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཁ་བརྡའི་དྲ་བར་རྒྱུན་དུ་བལྟ་ཀློག་ཐུབ་ན། འཚམས་འཚམས་ལ་བོད་ཀྱི་སྐད་ཡིག་ཚོགས་འདུ་འཚོགས་པ་དང་ཁྱད་མི་འདུག

    Reply
  10. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    ཤིང་བཟའ་རིན་པོ་ཆེ་ཚང་གཙོས་ག་སྒྲིག་པ་ཡོངས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  11. སྨྱུག་མདའ། says:
    ལོ་ 14 སྔོན།

    ཡག་པོ་རེད་བློ་གཅིག་གི་ལས་འགུལ་མ་ཡིན་པའི་ཕུགས་རྒྱང་ཞིག

    Reply
  12. གངས་རྡེའུ། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ་ངོསནས་ཡག་གི

    Reply
  13. ཨ་གཙང་གནས་རྒྱམ། says:
    ལོ་ 14 སྔོན།

    བོད་ཀྱི་སྐད་ཡིག་ཚོགས་འདུ་འདི་ལྟར་ཚོགས་འདུག་དགེ་སྐྱོན་གླེང་བར་ཕེབས་ཤོག ད་ཕ་སྐད་གཙང་མ་ཟེར་བའི་གལ་ཆེན་དེ་གླེང་མེད་པ་ཡིན་ནམ། ད་ཐབས་ལམ་དང་ཉེན་ཁ་མ་གླེང་བར་བགྲོ་གླེང་གང་གླེང་བ་ཡིན་ན།

    Reply
  14. oscargyatso says:
    ལོ་ 14 སྔོན།

    ༄། ཤིང་བཟའ་རིན་པོ་ཆེ་མཆོག་གི་སེམས་ཤུགས་དང་ཐུགས་སྨོན་ལ་ཕ་རོལ་མི་མིན་གྱིས་བསམ་སྦྱོར་ངན་པ་སྤུ་ཙམ་མི་འབྱུང་བར་ཅི་བསམ་ཐུགས་རེས་བཞིན་འགྲུབ་པའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡོད།

    Reply
  15. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཨ་ལགས་ཤིང་བཟའ་ཚང་འབྲོག་རུ་སོགས་ལ་ཐུགས་རྗེ་ཆེ་ཞུ.
    གཙོ་བོ་སྐད་གདངས་གཅིག་གྱུར་ཕྱོགས་ལ་མག་ལེ. སྐྱབས་སུ་མཆིའོ

    Reply
  16. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཤིན་བཟང་རིན་པོ་་ཆེ་ཟེར་བ་འདི་སུ་ཞིག་ཡིན་ཅི་ཞིག་བཤད་ཀྱི་ཡོད་མེད་གཞི་ནས་ལྟ་རྒྱུ་ཡིན་་་མི་ཚོས་ཟེར་ཚུལ་ལ་གོ་ཡ་མང་པོ་འདུག

    Reply
  17. བརྩོན་རྒྱམ། says:
    ལོ་ 14 སྔོན།

    ༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་དབུ་ཚོགས་འདུ་པ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ལས་གཞི་རྣམས་ལམ་འགྲོ་ཡོངས་བའི་སྨོན་འདུན་ཞུ།

    Reply
  18. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཚོགས་འདུ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ལྷག་པར་ཚོགས་འདུ་རྒྱལ་ཁའི་ངང་ནས་གྲོལ་ཐུབ་པའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese