མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ཚོས་བོད་ཆུ་འབྲུག་ལོའི་ལོ་གསར་མ་གཏོང་རོགས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཞོན་ནུ་ལྷན་ཚོགས་ཀྱིས་ངྷ་རམ་ས་ལར་གསལ་བསྒྲགས་སྤེལ་ཏེ། བོད་ཕྱི་ནང་གི་བོད་མི་ཚོས་ད་ལོའི་ལོ་གསར་མི་གཏོང་བའི་འབོད་སྐུལ་ཞུས་སོང་ལ། ལོ་གསར་སྐབས་དང་བསྟུན་ཏེ་གནས་ཁག་ ༨༠ ནང་བོད་རྒྱལ་ཁབ་འཛུགས་བསྐྲུན་གྱི་མ་དངུལ་ཞལ་འདེབས་བསྡུ་རུབ་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ དང་ཕྱེད་ཀའི་ཐོག ངྷ་ས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་རྒྱུན་ལས་ཚོགས་ཁང་དུ། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་དང་དྲུང་ཆེ་བསྟན་འཛིན་ཆོས་སྐྱིད་རྣམ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། ད་ལོར་བོད་ཕྱི་ནང་གི་བོད་མི་ཚོས་བོད་ཆུ་འབྲུག་ལོའི་ལོ་གསར་མི་གཏོང་རྒྱུའི་འབོད་སྐུལ་ཞུས་པ་མ་ཟད། ལོ་གསར་གྱི་སྐབས་དང་བསྟུན་ཏེ་གཞོན་ལྷན་གྱི་ངོས་ནས་བོད་རྒྱལ་ཁབ་འཛུགས་བསྐྲུན་གྱི་མ་དངུལ་ཐེབས་རྩ་གསར་འཛུགས་བྱས་ཐོག ས་གནས་གཞོན་ནུའི་ཡན་ལག་ཁག་ ༨༠ ནང་མ་དངུལ་བསྡུ་རུབ་གནང་རྒྱུ་ཡིན་སྐོར་བརྗོད་སོང་།  

གསར་འགོད་ལྷན་ཚོགས་ཐོག་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་གནས་ཚུལ་སྒྲོག་སྦྱངས་གནང་བའི་ནང་བཀོད་དོན།  “ འདི་ལོར་གསེར་རྟ་དང་ལི་ཐང་། རྟའུ། རྔ་པ། དཀར་མཛེས། ཆབ་མདོ་སོགས་སུ་བོད་མི་ཚོས་རྒྱ་ནག་གི་བཙན་གནོན་ལ་ངོ་རྒོལ་རིམ་པར་བྱས་ཡོད་ལ། ལྷག་པར་དུ་ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་རང་ལུས་མེས་བསྲེགས་བཏང་ནས་ཟླ་འདིའི་ཚེས་ ༣ ཉིན་རྟའུ་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་མ་བཏང་བར། བོད་མི་ན་གཞོན་ ༡༡ གིས་བོད་རྒྱལ་ཁབ་ཀྱི་རང་དབང་སླར་གསོ་དང་། ༧གོང་ས་མཆོག་བོད་དུ་གདན་ཞུ་ཆེད་རང་སྲོག་བློས་གཏོང་གནང་ཡོད་ཅེས་ ” འཁོད་འདུག

ཡང་གསལ་བསྒྲགས་དེའི་ནང་མུ་མཐུད་དུ།  “ རླབས་ཆེན་གྱི་ཡར་ལངས་འདི་དག་ནི། རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱིས་བོད་བཅིངས་འགྲོལ་བཏང་སྟེ་ལོ་ ༦༠ དང་། གུང་ཁྲན་ཏང་དབུ་བརྙེས་ཏེ་ལོ་ ༩༠ འཁོར་བའི་དུས་དྲན་སྲུང་གཙི་དང་། ༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་འགན་དབང་རྩིས་སྤྲོད་སྐབས་བྱུང་བ་ཤ་སྟག་ཆགས་ཡོད་སྟབས། ལས་འགུལ་འདིར་དམིགས་བསལ་གྱི་ནུས་པ་དང་གྲུབ་འབྲས་བྱུང་ཡོད་པ་རེད། གངས་ཅན་པའི་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའི་འཐབ་རྩོད་འདི་ནི། རང་ངོ་རང་ཤེས་དང་རང་འགན་རང་འཁུར་ཞིག་ཡིན་པ་ལས་དེར་གཞན་གྱིས་བརྒྱུད་སྐུལ་བྱས་མྱོང་མེད་པར། མགོ་ཁྲིད་དང་མི་རབས་ལ་འགྱུར་བ་འགྲོ་བཞིན་ཡོད་ཀྱང་བདག་དབང་སླར་གསོའི་ཆོད་སེམས་ལ་འགྱུར་བ་འགྲོ་མི་སྲིད་པའི་བརྡ་ལན་གསལ་པོ་སྤྲད་ཡོད། འདི་ནི་རྒྱ་ནག་གི་ལོ་ངོ་ལྔ་བཅུའི་བོད་དོན་དྲིལ་བསྒྲགས་ཀྱི་ཕམ་ཁ་ཆེན་པོ་ཞིག་དང་། བོད་རང་དབང་སླར་གསོའི་རྒྱལ་ཁ་ཞིག་ཆགས་ཡོད་ཅེས་ ” འཁོད་འདུག

མཐའ་མར་གསལ་བསྒྲགས་དེར།  “ འདི་ལོར་བོད་རྒྱལ་ཁབ་ཀྱི་བདག་དབང་དང་མདུན་ལམ་ཆེད། སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་པོ་དཔའ་མོ་ཚོར་མྱ་ངན་གུས་མདུད་མཚོན་ཆེད། གཞོན་ལྷན་ཀྱིས་ད་ལོའི་བོད་ཆུ་འབྲུག་ལོའི་ལོ་གསར་མི་གཏོང་བར་ལོ་གསར་སྐབས་གྱོན་ཆས་གསར་པ་དང་དམིགས་བསལ་ཁ་ལག་འགྲོ་གྲོན་རྣམས། བོད་རང་བཙན་སླར་གསོའི་མ་དངུལ་ཐེབས་རྩ་གསར་འཛུགས་ཆེད་ཞལ་འདེབས་གནང་རྒྱུ་དང་། མ་དངུལ་བསྡུ་རུབ་ཀྱི་ལས་འགུལ་དེ་ལོ་གསར་དང་སྟབས་བསྟུན་ས་གནས་གཞོན་ནུ་ཁག་ཏུ་སྤེལ་རྒྱུ་ཡིན་ལ། མ་དངུལ་བསྡུ་རུབ་བྱས་རྗེས་དངུལ་ཡོངས་རྫོགས་དབུས་གཞོན་ལྷན་བརྒྱུད་བཙན་བྱོལ་བོད་གཞུང་ལ་འབུལ་རྒྱུ་ཡིན། འདི་ནི་དངུལ་གྱི་གནད་དོན་ཙམ་མིན་པར་བོད་མིའི་ཕུགས་བསམ་དང་འགན་འཁུར་གྱི་རིམ་པ་གལ་ཆེན་ཞིག་ཡིན་སྟབས། བོད་རིགས་རྩམ་གཟན་ཡོངས་ནས་རང་འགན་རང་འཁུར་གྱིས་ལས་འགུལ་དེར་ཆ་ཤས་ལེན་རོགས་ཞེས་ ” ཞེས་འཁོད་འདུག

མཇུག་ཏུ་གསར་འགོད་པས་གཞོན་ལྷན་གྱིས་མང་ཚོགས་ལ་ཞལ་འདེབས་བསྡུས་རྗེས་དངུལ་དེ་ཇི་ལྟར་ཉར་རྩིས་ཡོད་མེད་དྲིས་པར།  “ ༢༠༠༨ ལོར་བོད་ནང་བོད་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་སྐབས། ང་ཚོས་ ༢༠༠༩ དེ་ལོ་ནག་གི་ལོ་ཞིག་ལ་སྲུང་གཙི་ཞུས་པ་རེད། ད་ལོར་བོད་ནང་བོད་མི་མང་པོ་ཞིག་བོད་རྒྱལ་ཁབ་ཆེད་འདས་གྲོངས་ཕྱིན་ཡོད་དུས། ད་ལོར་ལོ་གསར་མི་གཏོང་བའི་ལས་འགུལ་འདི་མྱ་ངན་གྱི་ངོ་བོ་མཚོན་པ་ཞིག་དང་། རེ་བའི་མཚོན་རྟགས་ཞིག་ཀྱང་ཡིན་པ་རེད། ལོ་གསར་སྐབས་ཚང་མས་རང་ཉིད་བོད་པ་ཞིག་ཡིན་བསམ་པའི་ཐོག་སྤྲོ་སྐྱིད་མི་གཏོང་བ་དང་། ལོ་གསར་སྐབས་གཞོན་ནུའི་མ་དངུལ་བསྡུ་རུབ་ཀྱི་ལས་འགུལ་ནང་ཆ་ཤས་གང་མང་ལེན་རོགས་ཟེར་རྒྱུ་ཡིན། དངུལ་དེ་གཞོན་ལྷན་གྱི་ངོས་ནས་བཙན་བྱོལ་བོད་གཞུང་ལ་འབུལ་རྩིས་ཡོད་ཀྱང་། དངུལ་དེ་གཞུང་གིས་མ་བླངས་བར་དུ་གཞོན་ལྷན་གྱི་ངོས་ནས་ཉར་རྒྱུ་ཡིན། ” ཞེས་བརྗོད་བྱུང་།

ཡང་གསར་འགོད་པས་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་ཛ་དྲག་གནས་སྟངས་ཐོག་གཞོན་ལྷན་ལ་ལས་འགུལ་སྤེལ་འཆར་ཡོད་མེད་དྲིས་པར། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་མི་འགྱངས་བར་ས་གནས་ཁག་ཏུ་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་འཆར་ཡོད་ལ། ལས་འགུལ་དེར་མང་ཚོགས་ཀྱིས་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུས་སོང་།

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 28

  1. འབྲོང་སར་ཚེ་ཉི། says:
    ལོ་ 13 སྔོན།

    དྲྭ་གྲོགས་ཚོ། ང་རང་ཚོར་ལོ་གསར་གཏོང་བའི་དུས་གཅིག་ནམ་རག་གི་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སེམས་པ་མི་བདེ་བའི་ལྷང་ལྷང་ཐོག་ནས་བཤད་མི་དགོས་པ་དེ་བཤད་ཚར་བ་ཙམ་མ་ཟད་དུས་བབས་ཀྱིས་བཀོད་འདུག་པར་ཐུགས་རྗེ་ཆེ། འདི་ཡང་བཀོད་རོགས་གནོངས།
    ད་ལྟའི་གཞོན་ལྷན་གྱིས་དམིགས་ཡུལ་གཙོ་བོ་བོད་རང་བཙན་ལ་རྒྱབ་སྐྱོར་མེད་ཀྱང་། སྤྱི་དོན་ལས་འགུལ་ཆེ་ཕྲ་ཆུང་གསུམ་ཐམས་ཅད་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་། ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་ལགས།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་རང་བཙན་བོད་ནས་དང་། དེ་ཡང་ལྷ་སའི་ལས་བྱེད་བྱམས་པ་འཕྲིན་ལས་དང་། རྒྱལ་མཚན་ནོར་བུས་དབུ་འཁྲིད་ནས་ལེན་དགོས་རེད། བཙན་བྱོལ་ནས་དབུ་མའི་ལམ་གཞིར་བཟུང་ནས་བོད་རྒྱ་གཉིས་སྨན་ཡོངས་ཐབ་འདི་ལས་འགུལ་མཛེས་པོ་ཡོད་རེད། བྱེས་འབྱོར་དུ་བོད་རང་བཙན་ལེན་མཁན་འཇམ་དབྱང་ནོར་བུ་དང་། ལྷག་བསམ་སོགས་ཡོད་རེད།

    Reply
  4. རང་དབང་རྒྱལ། says:
    ལོ་ 13 སྔོན།

    ༢༠༡༡ལོའི་རྒྱལ་གཅེས་དཔའ་བོ་རྣམ་པའི་མཚན་གཞུང་།

    བློ་བཟང་ཕུན་ཚོགས། ལོ ༢༠ ཨ་མདོ། དེང་གི་སི་ཁྲོན་རྔ་པ་ཁུལ་ཀརྟི་དགོན་པའི་དགེ་འདུན་པ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༣ ཚེས་ ༡༦ཉིན།

    ཚེ་དབང་ནོར་བུ། ལོ་ ༢༩ ཁམས། དེང་གི་སི་ཁྲོན་དཀར་མཛེས་ཁུལ་ཉ་མཚོ་དགོན་པའི་དགེ་འདུན་པ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༩ ཚེས་ ༢༦ཉིན།

    དློ་བཟང་སྐལ་བཟང་། ལོ་ ༡༨ ཨ་མདོ། དེང་གི་སི་ཁྲོན་རྔ་བ་ཁུལ་ཀརྟི་དགོན་པའི་དགེ་འདུན་པ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༩ ཚེས་ ༢༦ ཉིན།

    བློ་བཟང་དཀོན་མཆོག ལོ་ ༡༨ ཨ་མདོ། དེང་གི་སི་ཁྲོན་རྔ་བ་ཁུལ་ཀརྟི་དགོན་པའི་དགེ་འདུན་པ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༩ ཚེས་ ༢༦ཉིན།

    སྐལ་བཟང་དབང་ཕྱུག ལོ་ ༡༧ ཨ་མདོ། དེང་གི་སི་ཁྲོན་རྔ་བ་ཁུལ་ཀརྟི་དགོན་པའི་དགེ་འདུན་པ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ཚེས་ ༧ཉིན།

    ཆོས་འཕེལ། ལོ་ ༡༩ ཨ་མདོ། ༢༠༡༠ ལོར་བྱ་བའི་ཚན་ཆུང་གིས་དགོན་པ་ནས་བསྐྲད་དེ་བཙན་ཚུགས་ཀྱིས་སྐྱ་སར་ཕབ་པའི་ཀརྟི་དགོན་པའི་དགེ་འདུན་པ་ཟུར་བ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༧ ཉིན།

    མཁའ་དབྱིངས། ལོ་ ༡༨ ཨ་མདོ། ༢༠༡༠ ལོར་བྱ་བའི་ཚན་ཆུང་གིས་དགོན་པ་ནས་བསྐྲད་དེ་བཙན་ཚུགས་ཀྱིས་སྐྱ་སར་ཕབ་པའི་ཀརྟི་དགོན་པའི་དགེ་འདུན་པ་ཟུར་བ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༧ ཉིན།

    ནོར་བུ་དགྲ་འདུལ། ལོ་ ༡༩ ཨ་མདོ། ༢༠༡༠ ལོར་བྱ་བའི་ཚན་ཆུང་གིས་དགོན་པ་ནས་བསྐྲད་དེ་བཙན་ཚུགས་ཀྱིས་སྐྱ་སར་ཕབ་པའི་ཀརྟི་དགོན་པའི་དགེ་འདུན་པ་ཟུར་བ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ཚེས་ ༡༥ཉིན།

    བསྟན་འཛིན་དབང་མོ། ལོ་ ༢༠ ཨ་མདོ། དེང་གི་སི་ཁྲོན་རྔ་བ་ཁུལ་མ་མའི་བཙུན་དགོན་གྱི་བཙུན་མ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༡༧ཉིན།

    ཟླ་བ་ཚེ་རིང་། ལོ ༣༨ ཁམས། དེང་གི་སི་ཁྲོན་དཀར་མཛེས་ཁུལ་དཀར་མཛེས་དགོན་པའི་དགེ་འདུན་པ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༢༥ ཉིན།

    དཔལ་ལྡན་ཆོས་མཚོ། ལོ་ ༣༥ ཁམས། དེང་གི་སི་ཁྲོན་དཀར་མཛེས་ཁུལ་རྟའུ་བྱང་ཆུབ་ཆོས་གླིང་དགོན་པའི་བཙུན་མ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༡ཚེས་ ༣ ཉིན།

    རྩོམ་ཡིག་འདི་བྲིས་ནས་མཇུག་རྫོགས་ལ་ཉེ་སྐབས། བོད་ཕྱི་ལོགས་སུ་བོད་མི་གཉིས་ཀྱིས་རང་ཉིད་མེར་བསྲེགས་ལ་བཏང་ནས་ངོ་རྒོལ་བྱས་པའི་གནས་ཚུལ་ཐོས་སོང་ལ། ང་ཚོའི་སྐྱོ་སེམས་དང་གུས་བརྩི་ཧི་མ་ལ་ཡ་བརྒྱུད་ནས་ཁོང་གཉིས་ཀྱི་འགྲམ་དུ་སྐྱེལ་རྒྱུ་ཡིན། ཁོང་རྣམ་གཉིས་ནི།

    ཤེས་རབ་རྡོ་རྗེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལྡི་ལི་ས་གནས་གཞོན་ནུ་ཚོགས་པའི་ཟུང་དྲུང་། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༡ ཚེས་ ༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ སྟེང་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་ཡོད་ཅིང་། སྐབས་དེར་རྒྱ་གར་ཉེན་རྟོགས་པས་འཇུས་ནས་མེ་བསད་ཡོད་པ་དང་ལྡི་ལི་སྨན་ཁང་ཞིག་ཏུ་བསྐྱལ་འདུག

    གཞན་མིང་མི་ཤེས་པའི་དགེ་འདུན་པ་ཞིག་གིས་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༡ ཚེས་ ༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ ཡས་མས་ཙམ་ལ་བལ་ཡུལ་རྒྱལ་སའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འགྲམ་དུ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་འདུག འོན་ཀྱང་། གནས་ཚུལ་ཞིབ་ཕྲ་ལག་སོན་བྱུང་མ་སོང་།

    Reply
  5. ནད་པ says:
    ལོ་ 13 སྔོན།

    གཞོན་ནུས་རྒྱལ་གཅེས་དཔའ་བོ་དང་དཔའ་མོའི་ཚོའི་ཆེད་མྱ་ངན་གུས་འདུད་མཚོན་བྱེད་ལོ་གསར་ལ་སྤྲོ་སྐྱིད་མ་གཏོང་རོགས་ཟེར་བའི་འབོད་བསྐུལ་བཞུས་པ་དེར་བསྔགས་བརྗོད་ཡོད།

    ཡིན་ནའང་གཞོན་ནུ་ཚོགས་པའི་ངོས་ནས་བོད་རྒྱལ་ཁབ་སླར་གསོའི་ཆེད་ས་གནས་ཁག་ ༨༠ ནས་མ་དངུལ་བསྡུ་རུབ་བྱ་རྒྱུ་ཡིན་ཟེར། དངུལ་དེ་དག་བཙན་བྱོལ་སྒྲིག་འཛུགས་ལ་ཕུལ་རྒྱུ་ཡིན་ཟེར་བའི་ཚིག་འདི་མི་དམངས་ལ་མགོ་སྐོར་གཏོང་རྒྱུའི་བྱ་བ་ལྟ་བུ་ཞིག་མཐོང་།

    བོད་རྒྱལ་ཁབ་སླར་གསོའི་ཆེད་མ་དངུལ་བསྡུ་རུབ་ཀྱི་དགོས་གལ་ཞིག་ཤར་ཚེ་གཞོན་ནུས་གཅིག་པུས་དེར་མ་དངུལ་བསྡུ་རུབ་བྱ་ཐུབ་ཐབས་མེད། གལ་ཏེ་གཞུང་གིས་རྩིས་བཞེས་བྱ་རྒྱུ་མིན་ཟེར་ན་དེ་ནས་མ་དངུལ་གང་བྱུང་བ་རྣམས་གཞོན་ནུས་བདག་ཉེར་བྱ་རྩིས་ཡོད་པ་འདྲ།

    དེ་ལས་སྐད་ཆ་དྲང་པོར་བཤད་དེ་མ་འོངས་བོད་དོན་ཆེད་གཞོན་ནུས་ལས་འགུལ་སྣ་མང་སྤེལ་ཐུབ་ཆེད་མ་དངུལ་བསྡུ་རུབ་བྱ་རྒྱུ་ཡིན་ཟེར་ན་ངས་ཀྱང་མང་ཉུང་ལ་མ་ལྟོས་པར་ཞལ་འདེབས་འབུལ་རྒྱུ་ཡིན།

    བཙན་བྱོལ་སྒྲིག་འཛུགས་ལ་ཕུལ་རྒྱུ་ཡིན་ན་དང་པོ་ནས་གཞུང་དང་སྐད་ཆ་ཡག་པོ་བཤད་དེ་གོ་བསྡུར་ལྷུག་པོ་བྱུང་རྗེས་མ་དངུལ་བསྡུ་རུབ་བྱ་དགོས། མི་དམངས་ལ་མགོ་སྐོར་གཏོང་བའི་བྱ་བ་ལྟ་བུ་རྐྱང་རྐྱང་བྱས་ཚེ་མ་འོངས་པར་བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་དེར་མི་དམངས་ཀྱིས་ཡིད་ཆེས་མེད་པ་ཞིག་རྒྱུ་འགྱུར་རྒྱུ་རེད།

    ལས་དོན་གང་ཞིག་བྱས་ཀྱང་ཏན་ཏན་ཏིག་ཏིག་བྱ་རྒྱུ་གལ་ཆེ་བར་མངོན།

    Reply
  6. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    ལོ་གསར་མ་གཏོང་རོགས་ཟེར་བ་ལ་རྒྱབ་སྐྱོར་མེད། འོན་ཀྱང་ལོ་གསར་མངོན་ཆུང་གཏང་རོགས་ཟེར་ན་གོ་རྒྱུ་ཞིག་འདུག སྤྱིར་བཏང་ལས་འགུལ་སྤེལ་སྟངས་རྣམ་པ་མི་འདྲ་བ་མང་པོ་ཡོད། སྐད་འབོད་དང་། རྒྱུ་རྩལ་། འབོད་སྐུལ་སོགས་སྣ་ཚོགས་ཡོད། ཕྱི་རྒྱལ་ཁབ་ཁག་ལ་མཚོན་ན་གཞས་སྣ་ཁྲབ་སྟོན་གྱི་ལམ་ནས་ཁྱབ་བསྒྲགས་སྤེལ་བ་ནི་ལས་འགུལ་ཤུགས་ཆེ་ཤོས་ཞིག་ཡིན། གང་ཡིན་ཟེར་ན། དེ་འདྲིའ་སྐབས་སུ་མི་འདུ་འཛོམས་ཆེན་པོ་ཡོང་གིན་ཡོད། བྱས་ཙང་ངོས་རང་གིས་བསམས་ན་དུས་འཁོར་དབང་ཆེན་གྱི་སྐབས་སུ་གཞས་སྣ་འཁྲབ་སྟོན་གྱི་ལམ་ནས་བོད་མི་རིགས་མྱ་ངན་རྗེས་དྲན་ཞིག་སྐོང་ཐུབ་ན་ཡག་པོ་ཡོད་རེད་བསམ་གྱི།

    Reply
  7. རི་བོང། says:
    ལོ་ 13 སྔོན།

    དུག་མདའ་ལགས་ཀྱི་ཞབས་མཆན་དེ་ཅིས་མ་བདེན་བསམ་པ་ཞིག མི་དཔྱོད་ལྡན་ཞིག་གིས་ཚིག་ཁ་ཤས་བྲིས་ནའང་དམིགས་བསལ་ཀྱི་རིན་ཐང་འདུག

    Reply
  8. ཨ་ལ་ལ says:
    ལོ་ 13 སྔོན།

    རྟག་པར་ལོ་གསར་མ་བཏང་བ་འདིས་བོད་དོན་ལ་ཕན་པ་ཞིག་ཡོང་གི་མ་རེད། དེ་འདྲ་བྱས་ན་རྒྱ་མིའི་འདོད་ཐོག་ལ་སླེབས་སོང་བ་རེད། ལོ་སར་ནི་ཡུལ་ལུང་ཀུན་གྱིས་གལ་ཆེར་འཛིན་པ་དང་ལྷག་པར་དུ་རྒྱ་མིས་ལོ་གཅིག་གི་དུས་ཆེན་གལ་ཆེ་ཤོས་དེ་ལ་བརྩི་བཞིན་ཡོད་རེད། ཁོག་རྒྱ་ཆུང་བའི་ལས་དོན་དེ་འདྲ་བྱས་ནས་མི་འདུག་པར་རྣམ་དཔྱོད་ཅིག་ངོམ་རན་འདུག

    Reply
  9. Dawai Shonu says:
    ལོ་ 13 སྔོན།

    ད་དངོས་གནས་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་བསམ་བློ་གཏོང་སྟངས་དཔེ་སྐྱོ་བོ་ཆགས་འདུག ལོ་གསར་སྐབས་དངུལ་བསྡུས་ནས་གཞུང་ལ་རྩིས་སྤྲོད་ཀྱི་ཡིན་ཟེར་ན་ག་རེ་ལབ་ཀྱི་ཡོད་རེད། གཞོན་ནུ་ལྷན་ཚོགས་སོ་སོའི་མ་འོངས་པའི་ལས་གུལ་ལ་འགྲོ་སོང་གཏོང་ཆེད་དུ་དངུལ་ཞལ་འདེབས་བསྡུ་ཡི་ཡིན་ཟེར་ན་འགྲིགས་པ་ལྟ་བུ་རེད། ཡིནའང་དངུལ་བསྡུས་ནས་གཞུང་ལ་འབུལ་གྱི་ཡིན་ཟེར་བ་དེ་དངོས་ནས་ག་རེ་རེད། གཞོན་ནུ་དང་གཞུང་གཉིས་མཉམ་སྦྲེལ་བྱེད་རྩིས་རེད་པས། ཆོབ་ཚར་བ་ལ།་་་གཞུང་ལ་སོ་སོའི་དཔལ་འབྱོར་བསྡུ་རུབ་བཟོ་ལྟངས་ཤིག་ཡོད་རེད།
    གཉིས་ནས་ལོ་གསར་མ་གཏོང་རོགས་ཟེར་བ་ག་རེ་རེད། ལོ་གང་དཀའ་ལས་རྒྱབ། ལོ་གསར་ཉིན་གསུམ་ཞིག་ཡོད་རེད། དེའི་རིང་ལྷོད་ལྷོད་སྐྱིད་པོ་གཏོང་མི་བཅུག་པ་ག་རེ་རེད། བོད་ཀྱི་འཐབ་རྩོད་དེ་མྱ་ངན་རྐྱང་རྐྱང་དང་ཟས་བཅད་ངོ་རྒོལ་རྐྱང་རྐྱང་གི་ཡོང་གི་མ་རེད།་་་་་རྒྱ་ཆེ་ཙམ་བསམ་བློ་གཏོང་རོགས།

    Reply
  10. བློ་འཕེལ། says:
    ལོ་ 13 སྔོན།

    གཞོན་ལྷན་གྱི་བྱེད་ཕྱོགས་བརྒྱ་ཆ་བདུན་ཅུ་ལ་རྩ་བ་ནས་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མི་འདུག །ཁོང་ཚོས་ཅིག་བྱེད་ཀྱི་ཡིན། ཉིག་བྱེད་ཀྱི་ཡིན་ཟེར་ནས་མི་མང་འགོ་སྐོར་བཏང་བ་རིམ་པ་མང་པོ་ཡིན། དང་པོ་ངེད་ཀྱིས་ཀྱང་ཡིད་ཆེ་བྱས་ནས་རྒྱབ་སྐྱོར་གང་མང་བྱེད་མྱོང་། རྗེས་སུ་ཡིད་ཐང་ཆད་སོང་།
    ཞིབ་ཕྲ་བསམ་བློ་བཏང་དུས་བཙན་བྱོལ་གཞུང་དང་༸གོང་ས་མཆོག་གི་བྱེད་ཕྱོགས་ལ་འགོག་རྐྱེན་བཟོ་མཁན་གསུམ་པ་དེ་ཕལ་ཆེར་གཞོན་ལྷན་རེད་འདུག །ཁོང་ཚོ་མགོ་བདེ་བ་ལ་ནི་ཧང་སང་ཡ་རེད། ཁ་ནས་༸གོང་ས་མཆོག་དང་བཙན་བྱོལ་བ་ཟེར་ཁུལ་བྱས། ལག་ལེན་ལ་རྒྱབ་འགལ་བྱེད་མཁན་སྡིག་ཤོས་དེ་རེད། གཞོན་ལྷན་གྱི་ཚོགས་མི་མང་ཆེ་བས་ཤེས་ཀྱི་མེད་པར་མཆོངས་བཞིན་ཡོད། ཁ་ཤས་ཀྱིས་ཧ་གོ་ནས་ཚོགས་མི་ཕྱིར་འཐེན་བྱས་འདུག།།
    དོན་དངོས་ཐོག་གཞོན་ལྷན་གྱི་བྱེད་སྟངས་ཀྱིས་་་བོད་མི་རིགས་ལ་ཕན་ཐོག་གི་ཡོད་དམ། གནོད་ཀྱི་ཡོད་་་་དྲི་བ་ཆེན་པོ་ཞིག་རེད།
    གཞན་ཡང་ལོ་མ་གཏོང་ཟེར་བ་ལ་རྒྱུ་མཚན་མཐོང་མ་སོང་། འདས་པོ་རྣམས་ཀྱི་ཆེད་དུ་གཞིས་བྱེས་གཉིས་ཀྱིས་དངོས་ནས་མ་བྱས་པ་གང་ཡང་མི་འདུག།།

    Reply
  11. རིགས་པ་སྨྲ་བ། says:
    ལོ་ 13 སྔོན།

    བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་བོད་ནང་གི་རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་རང་སྲོག་བློས་བཏང་བའི་མཛད་རྗེས་རྣམས་རང་གི་ཁེ་ཕན་གྱི་ཆེད་དུ་ཞབས་འདེབས་བསྡུ་བར་ཐབས་ཤེས་འདྲ་མིན་གྱི་ཐོག་ནས་བེད་སྤྱོད་བྱེད་པ་འདི་ནི་ཐབས་སྐྱོ་བའི་ལས་ཀ་རེད།

    Reply
  12. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    བོད་རྒྱལ་ཁབ་ཀྱི་ཁྱེད་དུ་སྐུ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ལ་མྱང་ངན་ཞུ་ཁྱད་དུ་ལོ་གསར་མ་བཏང་ན་མ་འགྲིག་པ་གང་ཡང་མཐོང་མ་སོང་། ཡིན་ནའང་རྒྱ་ནག་གི་ལོ་གསར་དང་བསྟུན་ཏེ་བོད་མི་རྣམས་ཀྱི་མྱང་ངན་གྱི་ལས་འགུལ་ཤུགས་ཆེར་ཞིག་སྤེལ་ན་དགེ་མཚན་ཆེ་པོ་འདུག་སྙམ།།

    Reply
  13. བརྩོན་རྒྱམ། says:
    ལོ་ 13 སྔོན།

    ཡིན་དང་ཡིན་རྒྱབ་སྐྱོར་ཡོད་དེ་ནི་བོད་མིའི་མྱ་ངན་མཚོན་བྱེད་ཡིན་པར་མ་ཟད་དངོས་ཡོད་མྱ་ངན་རེད།

    Reply
  14. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    བོད་རྒྱལ་ཁབ་ཀྱི་ཁྱེད་དུ་སྐུ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ལ་མྱང་ངན་ཞུ་ཁྱད་དུ་ལོ་གསར་མ་བཏང་ན་མ་འགྲིག་པ་གང་ཡང་མཐོང་མ་སོང་། ཡིན་ནའང་རྒྱ་ནག་གི་ལོ་གསར་དང་བསྟུན་ཏེ་བོད་མི་རྣམས་ཀྱི་མྱང་ངན་གྱི་ལས་འགུལ་ཤུགས་ཆེར་ཞིག་སྤེལ་ན་དགེ་མཚན་ཆེ་པོ་འདུག་སྙམ།།

    Reply
  15. རྟེན་འབྱུང་། says:
    ལོ་ 13 སྔོན།

    ཨ་མའི་བུ་ལགས་ལོ་གསར་བོད་ཀྱི་རིག་གཞུང་ཡིན་ན་ལོ་གསར་མ་གཏོང་བར་མྱ་ངན་བྱེད་པ་ཡང་བོད་ཀྱི་རིག་གཞུང་ཡིན་དགོས། གང་ལྟར་ལོ་གསར་སྐབས་གཞིས་བྱེས་གཉིས་ནས་དགའ་དགའ་སྤྲོ་སྤྲོ་མི་གནང་བར་བོད་མི་རིགས་ཀྱི་དཔའ་བོ་རྣམས་རྗེས་དྲན་དང་དཀོན་མཆོག་ལ་གསོལ་འདེབས་བསྔོ་སྨོན་བྱེད།

    Reply
  16. རྟེན་འབྱུང་། says:
    ལོ་ 13 སྔོན།

    ཨ་མའི་བུ་ལགས་ལོ་གསར་བོད་ཀྱི་རིག་གཞུང་ཡིན་ན་ལོ་གསར་མ་གཏོང་བར་མྱ་ངན་བྱེད་པ་ཡང་བོད་ཀྱི་རིག་གཞུང་ཡིན་དགོས། གང་ལྟར་ལོ་གསར་སྐབས་གཞིས་བྱེས་གཉིས་ནས་དགའ་དགའ་སྤྲོ་སྤྲོ་མི་གནང་བར་བོད་མི་རིགས་ཀྱི་དཔའ་བོ་རྣམས་རྗེས་དྲན་དང་དཀོན་མཆོག་ལ་གསོལ་འདེབས་བསྔོ་སྨོན་བྱེད།

    Reply
  17. དུག་མདའ། says:
    ལོ་ 13 སྔོན།

    ལོ་གཞོན་ཁ་ཤས་ལ་མཚོན་ན་དགོང་རེ་བཞིན་ལོ་གསར་ལྟ་བུ་ཡིན་པས་དེ་བཏང་དང་མ་བཏང་ལ་ཁྱད་པར་འདྲ་མི་འདུག རྒས་བོ་ཁ་ཤས་ལ་མཚོན་ན་འགྲོ་སོང་ལྷག་མ་ཞིག་ཡིན་པས་གཏན་ནས་མེད་ན་དགའ། བྱིས་པ་ཚོར་མཚོན་ན་དེ་ནི་མི་ཚེ་འདིས་ནང་བསྒུགས་བསྒུགས་ནས་བསྡད་པའི་ཡོད་ན་མེད་ན་དེ་ཡིན་པས། མཐའ་མཇུག་གི་ཞག་མ་འགའ་ལའང་སྒུག་ཚོད་མེད་པ་ལྟ་བུ་དེ་རྒད་པོ་ཚོས་བོད་ཟེར་ཁུལ་འདྲ་རྒྱ་ཟེར་ཁུལ་འདྲ་ཉ་ཉོག་ཧ་མི་གོ་བ་ཞིག་བཤད་ནས་མེད་པར་བཟོས་པ་ཡིན་ན། དང་ཐོག་བྱིས་པའི་ཐོབ་ཐང་རྡོག་རོལ་དུ་བཏང་ཡོད་མེད་བཀའ་ཁྲི་མཆོག་ལ་སྐད་ཆ་ཞིག་དྲིས། དེ་ནས་བྱིས་པ་ཚོར་བོད་རྒྱ་ཐ་དད་ཀྱི་སློབ་སྦྱོང་སྣ་གཅིག་མ་སྤྲད་པར་མེ་མཆོད་དང་འདྲ་བའི་ལོ་གསར་མཚམས་འཇོག་ལ་འདེད་པར་སྙིང་གིས་བཟོད་མི་བཟོད་ལྟོས། མིག་ཕྱེས་ན་རྒྱ་རྒན་ཁྲིན་ལུང་དང་བཙུམས་ན་རྒྱ་རྒན་ལས་ལེན་ཅི་མ་གཏོགས་མཐོང་ས་མེད་པའི་བྱིས་པ་ཚོར་གོང་ས་མཆོག་གི་སྐུ་པར་དང་བོད་པའི་ལྷ་མཆོད་མཐོང་སའི་གོ་སྐབས་ཉག་གཅིག་ཡོད་པ་དེ་ཡང་བཀག སྐོར་དང་སྐོར་བྱས་ནས་ལོ་གསར་ལ་འགྲོ་བ་དང་ཤོག་པག་འགད་པ་སོགས་བྱིས་པའི་ཡིད་ངོར་མི་ཚེ་གང་བོར་བརྗེད་དུ་མེད་པའི་བོད་རང་གི་ལོ་གསར་གྱི་བག་ཆགས་ཞིག་འཇོག་རྒྱུ་ཡོད་པ་དེ་ཡང་ཅི་མི་སྙམ་པར་གཡུགས། དེ་ནས་ཁྲལ་སེལ་ལྟ་བུའི་སྐད་འབོད་ཤི་མ་གསོན་ཞིག་བྱས་ཏེ་ཤོར་བ་ཡོད་དོ་ཅོག་གི་གིན་བསབ་ཏུ་བསམ་ན་འགྲིག་པར་མི་འདོད་དོ།། ལོ་གསར་མི་གཏོང་བའི་ལས་འགུལ་ཞིག་བཤད་སྐབས་ཨང་དང་པོ་བོད་མི་ཡོད་དོ་ཅོག་ལ་འདིའི་ཕྱོགས་ནས་བྱིས་པ་དང་དར་མའི་ཁྱད་པར་ཞིག་ཕྱེ་ཤེས་པ་ཞིག་བཟོ་དགོས་པ་རེད་སྙམ། དགོན་པ་གྲ་ཚང་ལ་མཚོན་ན་ལོ་གསར་ཟེར་བ་ནི་ཉིན་སུམ་བརྒྱ་དྲུག་ཅུའི་ནང་ནས་གཟའ་ཉི་མ་བཅུ་ཕྱོགས་གཅིག་ཏུ་བསྡུས་ནས་སོས་དལ་བག་ཕེབས་ཀྱི་གློག་བརྙན་ཞིག་ལྟ་ཆོག་པར་བཟོས་པ་ཙམ་ཡིན་པས། ཉིན་སུམ་བརྒྱ་དྲུག་ཅུར་གློག་བརྙན་ལྟ་བཞིན་པའི་མི་སྐྱ་དག་ལ་ཁོང་ཚོས་གོ་སྐབས་དེ་ལེན་པའི་ཐོབ་ཐང་ཅི་ཡོད།

    Reply
  18. ཇོ་རུ་ཚེ་རིང་། says:
    ལོ་ 13 སྔོན།

    སྤྱིར་བཏང་ལས་འགུལ་ག་རེ་སྤེལ་བ་ཡིན་ནའང་ཡག་པོ་རེད། ཡིན་ནའང་། ཉེ་བའི་ལོ་འགའི་ནང་བོད་ནང་གི་བོད་མི་ཚོས་ལས་འགུལ་གཞི་རྒྱ་ཆེ་རུ་དང་། རྣམ་པ་སྔར་བའི་ཛ་དྲག་ཏུ་གྱུར་བ་སྐབས་བསྟུན་ནས། བཙན་བྱོལ་གཞོན་ལྷན་གྱི་ནུས་པ་ཇེ་གཉོམ་དང་ལངས་ཕྱོགས་མོག་མོག་ཏུ་འགྱུར་གྱིན་འདུག་ལ། སྔར་གྱི་ཁ་ཕོ་རྣམས་ཞི་འཇགས་སུ་གྱུར་བ་དང་། མང་ཚོགས་ཀྱི་སེམས་ནང་གི་གཞོན་ལྷན་གྱི་གདེངས་འཇོག་དེའང་གས་ཆགས་འཆོར་བཞིན་འདུག དེ་ནི་གཞོན་ལྷན་གྱི་ངོས་ནས་མྱ་ངན་དང་དངུལ་བསྡུ་རུབ་ཀྱི་ལས་འགུལ་ཙམ་ལ་མགོ་འཁོར་ཏེ་མི་འདུག་པར། བོད་ནང་གི་ཛ་དྲག་ལས་འགུལ་དག་གི་གཤོག་ཡས་ཆད་དུ་མི་འཇུག་པར་རྒྱ་དམར་པོ་བསྡད་ན་འདུག་བཟོད་མི་བདེ་བ་ཞིག་དང་། འགྲོ་ན་འགྲོ་བཟོད་མི་བདེ་པ་ཞིག་བཟོས་ཏེ། བོད་དོན་ཐོག་སྐད་ཆ་མི་བཤད་རང་བཤད་ཀྱི་གནས་སུ་འདེད་རྒྱུར་རེ་སྐུལ་ཞུ།

    Reply
  19. ཉེར་གཅིག་པའི་ཅོང་རྡ། says:
    ལོ་ 13 སྔོན།

    ད་ལོ་ལོ་སར་མ་གཏོང་རོགས་ཞེས་འབོད་སྐུལ་ཞུས་པར་རྒྱབ་སྐྱོར་ཡོད།
    འོན་ཀྱང་”ལོ་གསར་སྐབས་དང་བསྟུན་ཏེ་གནས་ཁག་ ༨༠ ནང་བོད་རྒྱལ་ཁབ་འཛུགས་བསྐྲུན་གྱི་མ་དངུལ་ཞལ་འདེབས་བསྡུ་རུབ་རྒྱུ་ཡིན་འདུག” ཅེས་པ་དེར་ཅུང་མགོ་འཐོམས་སོང་། གང་ལ་ཞེ་ན། བོད་རྒྱལ་ཁབ་འཛུགས་སྐྲུན་གང་འདྲ་སུ་བྱེད་དམ།
    ཁ་དེར་གཡོར་བ་ལས་ཞབས་འདེབས་བསྡུ་རུབ་བྱེད་ནས་མ་འོངས་པའི་ལས་འགུལ་ཁག་ལ་འགྲོ་གྲོན་གཏོང་གི་ཡིན་ཞེས་བརྗོད་ན་ཅུང་སྙན་མོ་འདུག་ག

    གང་ལྟར་མགོ་འཐོམས་སོང་།

    Reply
  20. ཁྲོ་ཕྲུག། says:
    ལོ་ 13 སྔོན།

    ལགས་སོ་གཞོན་ནུ་ལྷན་ཚོགས་ལ་རྒྱབ་སྐྱོར་དང་ཡིད་རང་སྔགས་བརྗོད་ཡོད།

    Reply
  21. ཁྱམས་འཇུགས་ says:
    ལོ་ 13 སྔོན།

    བོད་མི་རིགས་ཀྱི་དོན་དུ་དཀའ་སྡུག་དང་བློས་གཏོང་ཆེན་པོ་དེ་འདྲ་མི་ཐུབ་ན་ཡང་ནང་ཁུལ་ལ་བཟོད་སྲན་དང་སྤྱི་དོན་ལ་ཧུར་ཐག་བྱེད་རོགས

    Reply
  22. ཨ་མིའི་བུ། says:
    ལོ་ 13 སྔོན།

    ལོ་སར་ཡང་བོད་ཀྱི་རིག་གཞུང་ཞིག་རེད། འདི་ལྟར་ལོ་སྟག་པར་ལོ་སར་མེད་ན་བོད་མིས་རིགས་གཞུང་ཞིག་ནུབ་སོང་ན་དེ་ཡང་བསམ་བློ་བཏོང་དགོས་བསྙམ།

    Reply
  23. ཨ་མིའི་བུ། says:
    ལོ་ 13 སྔོན།

    ཕྱིར་ན་གཞོན་ནུ་སྔ་ཕྱི་ཀུན་ཏུ་ཡིད་ཆེས་རྒྱབ་སྐྱོར་བྱེད་མྱོང་མོད་་བོད་རང་བཙན་སླར་གསོའི་མ་དངུལ་ཐེབས་རྩ་གསར་འཛུགས་ཆེད་ཞལ་འདེབས་གནང་རོགས་བྱོས་གསུངས་་འོང་ཀྱང་གཉིས་པ་་་དངུལ་དེ་གཞོན་ལྷན་གྱི་ངོས་ནས་བཙན་བྱོལ་བོད་གཞུང་ལ་འབུལ་རྩིས་ཡོད་གསུངས་ག་རེ་བཤད་གི་ཡོད་ནི་རེད་ད་ཡོད་དབུས་བོད་མིའི་སྒྲིག་འཛུག་གོ་ལྟ་་བ་དབུ་མའི་རྗེས་སུ་འབྲང་ཟེར་ནི་རེད་དམ་གཞོན་ནི་རང་ཉིད་ཀྱི་རང་བཙན་ལྟ་བ་དོར་ཟེར་ནི་རེད་ངོ་མ་འགོ་འཐུམ་སོང་་་་་་་་་་་་་་་་་་་་་་་་་་བོད་རང་བཙན་སླར་དསོའི་མ་དངུལ་ཐེབས་རྩ་གསར་འཛུགས་བྱེད་དགོས་པར་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཁས་ལེན་གྱི་རེད་དམ་ཞེས་པའི་དྲི་བ་འདི་ངས་ཀྱང་དྲི་གི་ཡོད་གལ་སྲིད་ཁས་ལེན་བྱས་རྒྱ་མ་ལ་བདེན་ཁ་སྤྲད་མ་ཡིན་ནམ????????????????????????

    Reply
  24. མི་ཆུང་། says:
    ལོ་ 13 སྔོན།

    ཕྱི་ལོ་གསར་ཚེས་ལ་མི་རོལ་ཞེས་པ་ནི་འགྲིགས་པ་རེད། ང་ཚོས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོར་མྱ་ངན་གུས་བཏུད་ཞུ་དགོས་ངེས་རེད།

    འོན་ཀྱང་བོད་རང་བཙན་སླར་གསོའི་མ་དངུལ་ཞེས་པ་དང་། བོད་རྒྱལ་ཁབ་འཛུགས་སྐྲུན་གྱི་མ་དངུལ་བསྡུ་རུབ། ཅེས་པ་ནི་ཅུང་དགོད་དྲོ་བའི་སྐད་ཆ་རེད།

    ད་དུང་དངུལ་དེ་དབུས་བོད་མིའི་སྒྲིག་འཛུགས་ལ་འབུལ་རྒྱུ་ཞེས་པ་ནི་དེ་བས་ཀྱང་དགོད་དྲོ་བའི་སྐད་ཆ་རེད། སྡུག་ཕྱོགས་ནས་བཤད་ན། དབུས་བོད་མིའི་སྒྲིག་འཛུགས་དང་གཞོན་ལྷན་གཉིས་ཉ་ཉུང་མཉམ་བསྲེས་བྱེད་པའམ། ཡང་ན་རྒྱ་ཕྱོགས་ཀྱི་མིག་སྔར་མཐོང་སྣང་གསར་པ་ཞིག་བསྐྲུན་འདོད་རེད།

    དེ་ལས་གཞོན་ལྷན་གྱི་མ་འོངས་པའི་ལས་འཆར་ཆེད་མ་དངུལ་བསྡུ་རུབ་ཅེས་བརྗོད་ན་འོས་ཞིང་འཚམས་པ་ཡོད།

    ད་ལྟ་ང་ཚོའི་ལས་འགུལ་སྤེལ་ཕྱོགས་དེ་འདྲ་ཡིན་པ་རེད།

    Reply
  25. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ཀུན་སློང་དང་རྒྱལ་ཞེན་ལ་ཡི་རང་ཞུ། ལོ་གསར་རྒྱས་སྤྲོས་མི་གཏོང་བའི་འབོད་སྐུལ་ཞུ་འོས། ཞལ་འདེབས་ཀྱི་དངུལ་གཞུང་ལ་འབུལ་རྩིས་ཡིན་ན་ཐོག་མ་ནས་སྙན་ཞུ་ཕུལ་ནས་གསལ་བོ་བཟོས་ན་ཡག་གི་རེད། གལ་ཏེ་་ལེན་གི་མིན་ཟེར་ན་ཡང་ཅི་བྱེད་ལ་བསམ་བློ་གཏོང་ཆོག་ག

    Reply
  26. རི་བོང། says:
    ལོ་ 13 སྔོན།

    སྒོ་དྲུག་སྐལ་བཟང་ཕུན་ཚོགས་འཁྲབ་དགོས་བསམ་གི་ཡོད་ས་རེད། ལོ་སར་མ་བཏང་ནའང་དེའི་སྐབས་སུ་ཁྱོད་ཚོས་ཞལ་འདེབས་བསྡུ་དགོས་པ་ཅི་ཡོད། ཡང་གོ་སྐབས་ཤིག་རེག་ས་རེད་བསམ་གི་འདུག་གམ།

    Reply
  27. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    བོད་རང་བཙན་སླར་གསོའི་མ་དངུལ་ཐེབས་རྩ་གསར་འཛུགས་ཆེད་ཞལ་འདེབས་གནང་རོགས་བྱོས་གསུངས་འདུག་པ་དང་གཅིག
    གཉིས་པ་་་དངུལ་དེ་གཞོན་ལྷན་གྱི་ངོས་ནས་བཙན་བྱོལ་བོད་གཞུང་ལ་འབུལ་རྩིས་ཡོད་གསུངས་པར་གཉིས་སུ་དཔྱད་ན་་་བོད་རང་བཙན་སླར་དསོའི་མ་དངུལ་ཐེབས་རྩ་གསར་འཛུགས་བྱེད་དགོས་པར་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཁས་ལེན་གྱི་རེད་དམ་ཞེས་པའི་དྲི་བ་འདི་རེད།

    གལ་སྲིད་་དབུས་བཙན་བྱོལ་སྒྲིག་འཛུགས་ཀྱིས་ངོས་ནས་བོད་རང་བཙན་སླར་གསོའི་མ་དངུལ་ཐེབས་རྩ་གསར་འཛུག་བྱེད་རོགས་བྱེད་ཀྱི་རེད་པས།་ཧཧཧཧཧཧཧཧ
    འགོ་མཇུག་མེད་པའི་སྐད་ཆ་འདི་་་་་་་་ཧཧཧཧ

    ཞལ་འདེབས་ཞལ་འདེབས་ཟེར་ནས་བསྡུས་བསྡུས་ཀྱིས།
    ཞལ་འདེབས་གླེང་དུས་ལྐོག་ཟས་མིག་མདུན་ཤར།
    རོགས་སྐྱོབ་རོགས་སྐྱོབ་ཟེར་ནས་འབོད་འབོད་ཀྱིས།
    རོགས་སྐྱོབ་གླེང་དུས་ཚོང་དཔོན་མིག་མདུན་ཤར།

    Reply
  28. ཏ་ལའི་ཕོ་ཉ། says:
    ལོ་ 13 སྔོན།

    ཡིན་དང་ཡིན་་་་རྒྱབ་སྐྱོར་ཡོད་ཆ་ཤེས་ལེན་དང་ལེན་ང་རང་གི་ངོ་ནས་ཨ་སྒོར་༡༠༠༠་ཡོད། དྲྭ་གྲོགས་ཚོ་ཆ་ཤེས་ལེན་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese