མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེན་ཨན་མེན་ཐང་ཆེན་དུ་རང་ལུས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp
ཉེ་སྔོན་རྒྱ་ནག་ཐེན་ཨན་མེན་ཐང་ཆེན་དུ་རུས་ཝང་ཅན་གྱི་སྐྱེས་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲང་བདེན་མ་ཡིན་པའི་ཁྲིམས་གཅོད་ལ་ངོ་རྒོལ་བྱས་འདུག 
ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་རྒྱ་ནག་པེ་ཅིན་ཐེན་ཨན་མེན་མདུན་ཐང་དུ། རུས་ཝང་ཡིན་པའི་རང་ལོ་ ༤༢ ཅན་གྱི་སྐྱེས་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག  སྐབས་དེར་མི་མང་བརྒྱ་ཕྲག་བརྒལ་བས་གནས་ཚུལ་དེ་དངོས་སུ་མཐོང་ཡོད་པར་མ་ཟད་པར་རྒྱག་མཁན་ཀྱང་འགའ་ཤས་བྱུང་ཡོད་འདུག  ཡིན་ནའང་། རྒྱ་གཞུང་གི་བཀག་སྡོམ་དམ་དྲག་འོག་གནས་ཚུལ་དེ་ད་ལྟའི་བར་དྲ་རྒྱ་དང་གསར་ལམ་ཁག་ཏུ་ཐོན་ཐུབ་མེད་པ་རེད།  ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་དབྱིན་ཇིའི་ཉིན་རེའི་གློག་འཕྲིན་གསར་ཤོག་སྟེང་།   དབྱིན་ཇིའི་བཟོ་སྐྲུན་པ་པུའུ་ལཱང་ལགས་ཀྱིས་གནས་ཚུལ་བྱུང་ཡུལ་དངོས་ནས་བླངས་པའི་བདེན་དཔང་གི་པར་རིས་དེ་ཐོན་པའི་རྗེས།   རྒྱ་ནག་པེ་ཅིན་ཉེན་རྟོག་ལས་ཁུངས་ཀྱིས་རུས་ཝང་ཅན་གྱི་སྐྱེས་པ་དེའི་རང་ལུས་མེར་བསྲེགས་བཏང་བའི་རྒྱུ་རྐྱེན་གཙོ་བོ་ནི།  ས་གནས་ཁྲིམས་ཞིབ་ཁང་གི་ཐག་གཅོད་ཅིག་ལ་འདོད་མོས་མ་ཁེངས་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་ཡོད་པ་རེད།
སྐབས་དེའི་གནས་ཚུལ་དངོས་མཐོང་མཁན་གྱི་དབྱིན་ཇི་བཟོ་སྐྲུན་པ་པུའུ་ལཱང་གི་བཟའ་ཟླ་པའོ་མའེ་ལཱ་ཡིས་བྷི་བྷི་སི་གསར་ཁང་ལ་བརྗོད་དོན། “ གནས་ཚུལ་དེ་ཧ་ཅང་བློས་བཟོད་དཀའ་བ་ཞིག་རེད། སྐབས་དེར་ཁོང་གི་ལུས་པོ་ཡོངས་རྫོགས་མེ་ལྕེ་ཡིས་ཁེབས་ཡོད་ནའང་།  ཉེན་རྟོག་པ་རྣམས་ཁོའི་ཕྱོགས་སུ་སླེབས་པ་མཐོང་འཕྲད་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་ཉེན་རྟོག་པ་དང་རྒྱང་ཐག་རིང་དུ་བཀྱེད་ཐབས་བྱེད་ཀྱིན་འདུག མཐའ་མཇུག་ཉེན་རྟོག་པས་མེ་གསོད་འཕྲུལ་ཆས་སྤྱད་དེ་ཁོའི་ལུས་སྟེང་གི་མེ་བསད་སོང་ལ།  དེ་དུས་ཁོ་ས་ལ་འགྱེལ་དེ་ཡར་ལངས་རྒྱུ་མི་འདུག   སྐབས་དེར་མཐའ་འཁོར་དུ་རྒྱ་མི་ཧ་ཅང་མང་པོ་འདུག ཡིན་ནའང་། ཁོ་ཚོ་ཚང་མ་རང་རང་སར་ལངས་ཏེ་ལྟད་མོ་བལྟས་ནས་བསྡད་འདུག” ཅེས་བརྗོད་ཡོད་པ་རེད།

གཞན་ཡང་། ཏཱ་ཅིས་ཡོན་རྒྱ་ཡིག་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཧི་ནན་ཀྲིན་ཀྲིག་ས་ཁུལ་དུ། རྒྱ་གཞུང་གིས་ལས་བཟོ་བ་མི་ ༣༠༠ ལྷག་ཆེད་གཏོང་བྱས་ཏེ་ཀྲིན་ཀྲིག་གྲོང་ཁྱེར་གྱི་ཀོ་ཧྲན་གཞུང་ལམ་དང་ཨར་ཧྭན་གཞུང་ལམ་བསྣོལ་མཚམས་ཁུལ་གྱི་མང་ཚོགས་ཀྱི་གཞིས་ཀ་བཙན་འཕྲོག་གིས་གནས་སྤོར་བྱེད་བཅུག་པར་བརྟེན། ཝང་ཧའོ་རུང་བཟའ་ཟླ་གཉིས་ཐབས་ཟད་འུ་ཐུག་ཏུ་གྱུར་ཏེ།  སོ་སོའི་ཁང་པའི་སྟེང་ལུས་པོར་སྣུམ་བླུགས་ཏེ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱ་རྩིས་བྱས་ཡོད་པ་དང་། སྐབས་དེར་ལོ་ ༨༡ ཡིན་པའི་ཁོའི་ཨ་མ་ཝང་ལིག་ཀྲི་ཡིས་སོ་སོའི་ཁང་པའི་ནང་གློ་བུར་དུ་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག    ཝང་ཧའོ་རུང་བཟའ་ཟླ་གཉིས་ཀྱིས་གནས་ཚུལ་དེ་ཤེས་མ་ཐག་ཕྱིར་རྒྱུགས་ཡོང་སྟེ་ཨ་མ་ཝང་ལགས་ཀྱི་ལུས་སྟེང་གི་མེ་གསོད་རྩིས་བྱས་ཡོད་ནའང་། རྒྱ་གཞུང་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་ཁོང་བཟའ་མི་གཉིས་གཙོས་པའི་ནང་མི་ ༥ པོ་འཇུ་བཟུང་བཙན་འཁྲིད་བྱས་ཏེ་མེ་གསོད་དུ་མ་བཅུགས་པར་བརྟེན་ཁོ་མོ་འདས་གྲོངས་སུ་གྱུར་ཡོད་འདུག 

ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོ་ས་གནས་གྲོང་ཁྱེར་དོ་དམ་ལས་ཁུངས་ཀྱིས། ཝང་ཧའོ་རུང་གི་གཞིས་ཁྱིམ་ནི་ཁྲིམས་འགལ་གྱི་འཛུགས་སྐྲུན་ཆགས་ཡོད་སྐོར་བརྗོད་ཡོད་པ་དང་། ས་གནས་ཉེན་རྟོག་པས་ཝང་ཧའོ་རུང་བཟའ་མི་གཉིས་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་གཏོར་བརླགས་བཟོས་པའི་ཉེས་མིང་བཏགས་ཏེ། ཉིན་ ༡༠ རིང་བཙོན་འཇུག་བཀག་བསྐྱིལ་བྱ་རྒྱུ་ཡིན་པ་བསྒྲགས་འདུག   གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཝང་ཧའོ་རུང་གིས “ ངས་ལོ་གཅིག་ལྷག་གི་རིང་ཡིག་ཐོག་སྙན་ཞུ་རིམ་པར་ཕུལ་ཏེ་ཕན་ཐོགས་མ་བྱུང་པར་བརྟེན། སྤྱི་ཚོགས་ཁྲོད་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱེད་བཞིན་པའི་རིགས་ལ་དོ་སྣང་བྱུང་པར་མ་ཟད། རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལ་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་དོ་སྣང་ཤུགས་ཆེན་པོ་ཡོང་གི་རེད་བསམ་སོང་།” ཞེས་བརྗོད་ཡོད་འདུག

 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 14

  1. སྟག་ཕྲུག says:
    ལོ་ 14 སྔོན།

    རྒྱ་ནག་སྲིད་གཞུང་འདི་ངོ་མ་མེས་ཚིག་པའི་དུས་ལ་བསླེབས་འདུག གཡས་གཡོན་ཟར་ཟུར་ཐམས་ཅད་ནས་འབར་བཞིན་པའི་མེ་ལྕེ་འདི་འདྲའི་མང་བ་ལ། གཟིགས་དང་། གནམ་སྡེ་སྒོ་མོ་ཆེའི་སྒོ་ཐོད་ཀྱི་མའོ་ཡི་འདྲ་པར་དེས་རང་ཉིད་ཀྱི་མདུན་ཐང་དུ་འབར་གྱིན་པའི་མེ་ལྕེ་དེར་མ་མཐོང་བའི་ཁུལ་བྱེད་ཀྱི་འདུག འོན་ཀྱང་ཁྱོད་ཀྱི་མདུན་ཐང་དུ་འབར་བཞིན་པའི་མེ་ལྕེ་འདིས་ཁྱོད་ཀྱི་རྩིག་རྨང་ནས་ཚིག་བཞིན་པ་ལོས་འཚོར།
    བདེན་པ་རྒྱལ་གྱུར་ཅིག

    Reply
  2. བཀྲ་ཤིས། says:
    ལོ་ 14 སྔོན།

    རང་ལུས་མེར་སྲེག་གཏོང་ཐུབ་མཁན་ཡོད་ན། དཀའ་སྡུག་མཉམ་མྱོང་ཡིན་པའི་ཡུལ་མི་ཁ་ཤས་ཀྱིས་མ་གཏོགས་སུས་ཀྱང་མི་མཐོང་ཞིང་མ་ཤེས་པའི་ལུང་ཁུག་ཏུ་མི་བསྲེགས་པར་རྒྱལ་སྤྱིས་ཤེས་མཐོང་ཡོང་བའི་ས་གནས་གནད་འགག་ཅན་འདི་འདྲ་ལ་མེ་བསྲེག་གནང་ཐུབ་ཅིག་ངེས་པར་བྱེད་དགོས། དེ་འདྲ་བྱུང་བ་ཡིན་ན་བོད་རིགས་ནང་རང་ལུས་སྲེག་མཁན་མང་པོ་ཇི་ཙམ་བྱུང་ཡང་། ང་ཚོ་མི་རིགས་ཉུང་ཉུང་རེད་ཅེས་ཕངས་སེམས་མི་དགོས་དོན་མེད། མདོར་ན་ཁ་ཤས་ཀྱིས་ལུས་སྲོག་ལ་གཅེས་སྐྱོང་དགོས་ཞེས་བསྐུལ་དོན་ཡང་། ཁྱེད་རྣམས་ཀྱིས་ལུས་སྲོག་བློས་བཏང་བ་དེས་བོད་ཀྱི་རྩ་དོན་འཐབ་རྩོད་ལ་ཕན་ཐོག་གི་མ་རེད་ཅེས་བརྗོད་པ་ཅི་ཡིན།
    དངོས་གནས་བོད་དོན་ལ་ཕན་ན་ཅི་ཡང་བློས་གཏོང་དགོས་པ་མི་ཤེས་པ་སུ་ཞིག་ཡོད་དམ།

    Reply
  3. ནད་པ says:
    ལོ་ 14 སྔོན།

    རྒྱ་ནག་གི་ཐང་ཆེན་དེར་ཞི་དྲག་གིས་མེ་ལྕེ་རབ་ཏུ་སྤར་ནས་མགྱོགས་ནས་མྱུར་དུ་དམངས་གཙོ་དང་རང་དབང་ལྡན་པའི་ཆེས་ཡང་དག་པའི་དམངས་གཙོའི་རྒྱལ་ཁབ་གཅིག་མཚན་ཉིད་ཚང་བ་ཞིག་ཡོང་བྱེད་དགོས།

    དེ་ནི་རྒྱ་ནག་མི་དམངས་སྤྱི་ལ་འཁྲི་ལ་འགན་འཁྲི་གཅིག་ཡིན་པ་ཙམ་མ་ཟད་འཛམ་གླིང་དམངས་གཙོའི་རྒྱལ་ཁབ་དང་མི་དམངས་ལའང་འགན་འཁྲི་ཡོད། ལྷག་ཏུ་བོད་མི་རིགས་ཚོའང་རྒྱ་ནག་དམངས་གཙོ་དང་རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ཆགས་པར་བྱེད་པའི་འགན་འཁྲི་ཡོད་འགན་འཁུར་དགོས།
    ཆེ་ས་ནས་བཤད་ན་འཛམ་གླིང་མི་དམངས་ཀྱི་རང་དབང་དང་ཞི་བདེ་ལའང་འབྲེལ་བ་དམ་གཟབ་ཅིག་ཆགས་ཡོད།

    Reply
  4. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    ད་ཐེང་གི་དོན་རྐྱེན་འདིས་ང་ཚོ་བོད་པ་ཚང་ལ་ཁ་ཕྱོགས་ཤིག་བསྟན་པ་རེད།

    Reply
  5. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    བསེ་རུ་ལགས་ཀྱིས་ནོར་སྐྱོན་ཐེར་འདོན་བྱས་པར་ཐུགས་རྗེ་ཆེ། དེ་རིང་གི་གསར་འགྱུར་འདི་ལས་བྲེལ་ཞིག་གི་བར་གསེང་ནས་གཏོང་དགོས་བྱུང་སོང་བས་ཡིག་ནོར་དང་ཕྲད་ནོར་མང་པོ་ཞིག་བྱུང་འདུག གང་ལྟར་བག་མ་གཡག་ཤོར་གྱི་སྐད་ཆ་རེད། རྗེས་ཕྱོགས་ཡིད་གཟབ་བྱ་ངེས་ཡིན།

    Reply
  6. འབྲོང་སར་ཚེ་ཉི། says:
    ལོ་ 14 སྔོན།

    ཨེ་མ་སྐྱེས་ཆེན་ཝང་སྐུ་ཞབས་ལགས་གཞན་ཡུལ་དུ་གཤེགས་པ་སྐྱོ། གྲོང་ཆེར་དབུས་སུ་གཅིག་པུར་སྲེག་པ་དྲང་བདེན་དང་དམངས་ཀྱི་ཆེད། ལོ་མང་གསན་ཏེ་ལང་བ་བརྒྱ་ཕྲག་ཁུར། ཚེ་ཡི་འདུ་བྱེད་རང་རིགས་དོན་དུ་ཕུལ།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྒྱལ་ས་པེ་ཅིན། ངོ་རྒོལ་གྱི་པེ་ཅིན་ཡིན། གནམ་བདེ་སྒོ་མ་ཆེ། དམངས་སེམས་མི་བདེ་བའི་སྒོ་མོ་ཆེ། མེ་ལྕེ་འདིའི་མཆེད་ཤུགས་ཆེ། མེ་ལྕེ་འདི་དག་གིས་ཆེན་པོ་ཞིག་བསྲེག་ངེས།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    མེ་ལྕེ་འདིས་་་དམར་པོའི་སྲིད་གཞུང་སྲེག་པར་ཤོག
    མེ་ལྕེ་འདིས་་་དམར་པོའི་རྩ་ཁྲིམས་སྲེག་པར་ཤོག
    མེ་ལྕེ་འདིས་་་དམར་པོའི་དར་དམར་སྲེག་་པར་ཤོག
    མེ་ལྕེ་འདིས་་་དམར་པོའི་སྒེར་གཅོད་སྲེག་པར་ཤོག
    མེ་ལྕེ་འདིས་་་དམར་པོའི་དྲག་སྤྱོད་སྲེག་་པར་ཤོག

    མེ་ལྕེ་འདིས་་་རང་དབང་དམངས་གཙོ་རྙེད་པར་ཤོག
    མེ་ལྕེ་འདིས་་་དྲང་བདེན་ཁྲིམས་ལུགས་རྙེད་པར་ཤོག
    མེ་ལྕེ་འདིས་་་ཉམ་ཆུང་རྒྱབ་སྐྱོར་རྙེད་པར་ཤོག
    མེ་ལྕེ་འདིས་་་མི་སེར་བདེ་ལ་འཁོད་པར་ཤོག

    རང་དབང་་་ཡ་་་དམངས་གཙོ།
    མགྱོགས་པོ་ཕེབས་ཤོག
    མི་སེར་དུང་ཕྱུར་ཅུ་གསུམ་གྱི་ཆེད་དུ།
    ཁྱེད་མེད་ན་ཚེ་སྲོག་འཚོ་ཐབས་མི་འདུག
    ཁྱེད་མེད་ན་ཐོབ་ཐང་རྙེད་ཐབས་མི་འདུག
    དམངས་གཙོ་ལགས།
    ཁྱེད་གང་དུ་ཡོད་དམ།
    རྒྱ་ནག་པོའི་ཡུལ་དུ་ཕེབས་ཤོག
    མགྱོགས་པོ།
    མེ་ལྕེ་འདི་མ་ཤི་གོང་།
    ཡིན་ད།
    འབར་ཤོག་ཨ།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྫུན་རྐུབ་ལྕགས་ཡིན་ཡང་རྡོལ་ཞེས་པ་འདི་བདེན་པ་རེད་འདུག་ལགས།

    Reply
  10. བརྩོན་རྒྱམ། says:
    ལོ་ 14 སྔོན།

    འདི་ལྟར་ལྟས་པ་ཡིན་ན་རྒྱ་ནག་དམར་གཞུང་གི་དར་དམར་འོག་ཏུ་བདེ་སྐྱིད་ཡོད་ནས་རང་ལུས་མེ་ལ་བསྲེགས་ཀྱི་ཡོད་པ་རེད་དམ།  འདི་ནི་རྒྱ་ནག་དམར་གཞུང་ལ་དྲི་བ་ཞིག་རེད།   རྒྱ་མི་རིགས་ཀྱི་རྒྱ་ནག་ནང་དུ་བདེ་སྐྱིད་ཡོད་ན་རང་ལུས་མེ་བསྲེགས་བྱེད་སྲིད་ཞིག་མ་རེད་དམ། འདིའི་ནི་རྒྱ་མི་རིགས་ལ་དམར་གཞུང་གི་དར་དམར་འོག་ཏུ་བདེ་སྐྱིད་མེད་པ་གསལ་བསྟོན་བྱས་པ་ཞིག་རེད།

    Reply
  11. བརྩོན་རྒྱམ། says:
    ལོ་ 14 སྔོན།

    དྲང་བདེན་དང་གནས་ལུགས་ལ་བརྩི་བཀུར་མ་བྱས་པར་རྟེན་རྒྱ་མི་རིགས་ཡིན་ཡང་རང་ལུས་ལ་མེ་ལ་སྒྲོན་ནས་རྒྱ་ནག་དམར་གཞུང་གི་ངན་སྤྱོད་དེ་འཛམ་གླིང་མི་མང་ལ་
    ལྟ་རུ་འཇུག་བཞིན་ཡོད་པ་རེད། འདི་ལྟར་ལྟས་པ་ཡིན་ན་རྒྱ་ནང་དུ་བདེ་སྐྱིད་འདུག་གམ་རྒྱ་ནག་གི་རྫུན་རྐུབ་སྡོལ་བ་མ་ཡིན་ནམ།  རྒྱ་མི་རིགས་ཞིག་གི་སྐུ་ལུས་མེ་ལ་སྒྲོན་འདི་ཡང་རྒྱ་གར་ནས་ངན་སྐུར་བྱས་ཞིག་རེད།  ད་རེ་རེ་བཞིན་རྒྱ་མིའི་རྫུན་རྐུག་རྡོལ་གྱི་རེད།

    Reply
  12. བསེ་རུ། says:
    ལོ་ 14 སྔོན།

    འོ། རྒྱ་ནག་སྐམ་ས་ཆེན་པོའི་སྲིད་དབང་དེ་བདེན་དོན་གྱི་མེ་ལྕེས་རིམ་པར་སྲེག་ཉེན་འདུག

    གཅིག་བྱས་ན། ཉི་ཟླ་སྐར་གསུམ་ས་ལ་ལྷུང་ཡང་སྲིད་དབང་དེ་འགྱུར་གྱི་མ་རེད་ཅེས་ཡང་ནས་ཡང་དུ་བསྒྲག་སྲིད།

    <ཁྱེད་ཀྱི་སྐུ་དྲིན་ལས་གསར་འགྱུར་འདི་ཀློག་སྐལ་ཐོབ་བྱུང་ལ། ཀློག་ཞོར་དུ་མཐོང་བའི་ཡིག་ནོར་ཁག་ཅིག་ཀྱང་འདིར་ཕུལ་ཡོད། ཀུན་ལ་ཕན་པར་སྨོན།>

    མ་དག་པ། དག་པ།

    བརྒལ་བའི། བརྒལ་བས།
    དམ་དྲགས། དམ་དྲག
    རྐྱེན་གྱིས་སྐོར་བརྗོད། ?
    པུའུ་ལཱང་གྱི། པུའུ་ལཱང་གི
    མེ་ལྕེ་ཀྱིས། མེ་ལྕེ་ཡིས།
    མཐར་མཇུག མཐའ་མཇུག
    ས་ལ་འགྱེད་དེ། ས་ལ་འགྱེལ་ཏེ།
    ལྟད་མོར་བལྟས་ནས། ལྟད་མོ་བལྟས་ནས།
    བཀག་སྐྱེལ། བཀག་བསྐྱིལ།
    ཕན་ཐོག ཕན་ཐོགས།

    Reply
  13. སྤྱན་ཆབ says:
    ལོ་ 14 སྔོན།

    མི་ལུས་རིགས་བཟང་འཐོབ་པའི་བསྔོ་སྨོན་ཞུ།་ཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿ
    རྒྱ་ནག་གཞུང་དྲང་བདེན་མིན་པའི་རག་སྤྲོད་མཚོན།

    Reply
  14. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    འདི་ནི་འུ་ཚང་གི་མེ་མཆོད་ལས་འགུལ་གྱི་ཤུགས་རྐྱེན་ཞིག་ཡིན་པར་འདོད། ཤི་བོའི་འདོད་པས་གསོན་པོར་བདེ་སྐྱིད་ཅིག་བསྐྲུན་ཐུབ་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese