མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་སྐུ་སྲུང་སྐོར་གྱི་ཁྲིམས་ལུགས་གསར་པ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཁྲིའི་སྐུ་སྲུང་གི་ཁྲིམས་ལུགས་དེ་བློ་བཟང་སེང་གེའི་ཆེད་དུ་མིན།         

 སེར་སྨད་བློ་དགའ།

བཀའ་བློན་ཁྲི་པའི་སྐུ་སྲུང་སྐོར་གྱི་ཁྲིམས་ལུགས་གསར་པ་གཏན་ལ་ཕབ་ཐུབ་པ་བྱུ་རྒྱུ་ནི་གྲོས་ཚོགས་འདིའི་མཛད་འགན་ཐོག་མའི་གྲས་ཤིག་ཡིན་པ་དང་། གུང་ཁྲན་ལ་བོད་མི་རིགས་དེ་ལས་སླ་པོས་ནག་བསུབ་གཏོང་མི་ཐུབ་པར་ཉམས་མྱོང་ཐོབ་ཡོད་རུང་བཀའ་བློན་ཁྲི་པ་ཁྱུར་མིད་གཏོང་རྒྱུར་དཀའ་ཚེགས་ཆེ་གྲས་སུ་ད་རུང་བརྩིས་མེད་པ་འདྲ།  འཛམ་གླིང་ནང་གི་མཁས་པ་དང་ཆེད་མཁས། མཁས་དབང་སོགས་རིག་རྩལ་ཆེས་ཕུལ་དུ་ཕྱིན་པ་ཡིན་ཡང་རང་ཉིད་ཀྱིས་རང་ཉིད་རྟོག་དཔྱོད་ཀྱི་ཐད་ནས་ཆུ་ཚད་མཐོ་པོ་མིན་པ་ལྟར།  སྤྱི་སྒེར་གཉིས་ཀས་དོ་བདག་རང་ཉིད་ཀྱིས་སོ་སོར་ཚད་འཛིན་ཆེ་དྲག་པ་དང་། ཡང་ན་ཚོད་དཔག་ཆུང་སོང་བ་ཤ་སྟག་རེད།  བོད་པས་ཀྱང་སོ་སོའི་སྒྲིག་འཛུགས་ཆེ་ཕྲ་ཆུང་གསུམ་གྱི་གོང་ཚད་དེ་ཏག་ཏག་བསམ་མི་ཐུབ་པ་དང་སྐབས་འགར་མཐོང་ཆུང་ཤོར་བའམ་ཆེད་དུ་མཐོང་ཆུང་བྱས་པའི་གནས་ཚུལ་ཡང་ཐོན་མྱོང་། ངེས་པར་དུ་བོད་པ་རང་ཉིད་ཀྱིས་རང་ཉིད་སྲུང་སྐྱོབ་ཐུབ་པའི་ཁྲིམས་ལུགས་དང་སྒྲིག་ལུགས་འཐུས་ལྡན་དགོས་ཤིང་།  སྒྲིག་འཛུགས་དང་ཁྲིམས་ཡིག་གཉིས་ཀའི་ཐོག་ནས་བཀའ་བློན་ཁྲི་པའི་སྐུ་སྲུང་སྐོར་ལམ་ཁ་གསར་པ་ཞིག་དགོས་པ་དང་། དེའི་འགན་དང་ཁྲིམས་བཟོའི་ལག་ལེན་གཉིས་ཀ་བོད་མི་མང་སྤྱི་འཐུས་རྣམ་པའི་ཕྱག་ཏུ་ཡོད་པ་ཞིག་རེད། རྒྱ་གར་ཡིག་ཆེའི་ནང་༸གོང་ས་༸ཡིད་བཞིན་ནོར་བུའི་སྐུ་སྲུང་གོ་སྒྲིག་སྐོར་གྱི་གཞུང་འབྲེལ་སྐུ་སྲུང་ཚན་པ་དེའང་སྤྱིར་བོད་མི་སྐྱབས་བཅོལ་བ་ཡིན་པ་དང་། ༸གོང་ས་༸ཡིད་བཞིན་ནོར་བུ་མཆོག་སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འཁྲིད་དམ་འགན་འཛིན་ཡིན་པས་མཚན་མཐོང་དེའི་ཐོག་ནས་ཡིན་སོང་སྙམ་པ་ཞིག་བྱུང་། 

འདི་ལོའི་སྤྱི་ཟླ་༧ ཚེས་༢༠ ཡས་མས་ཤིག་ལ་ཕྲན་བྷཱངགཱ་ལོར་གྲོང་ཁྱེར་དུ་ཕྱིན་པ་ཡིན། ལམ་བར་ནས་ཀཱར་ནཱ་ཊྲ་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཤྲིའི་ཛྙུ་ཛྙུ་ཞེས་པ་ཁོང་གིས་བོད་ཀྱི་དབུ་འཁྲིད་ལ་འགྱུར་བ་འགྲོ་ཕྱོགས་ཐད་དྲི་མང་པོ་ཞིག་གནང་བ་དང་མཐོ་རིམ་སློབ་ཕྲུག་འོད་ཟེར་དང་མཚོ་མོ་གཉིས་ཀྱིས་སྐད་བསྒྱུར་བྱས་པ་རེད། དྲི་བ་འགའ་ཞིག་བློ་བཟང་སེང་གེའི་སྐུ་སྲུང་སྐོར་རེད་འདུག དེའི་ཐད་ངས་ལན་ཡག་པོ་ཞིག་རྙེད་མ་སོང་། ཁོང་གིས་མུ་མཐུད་དེ། ༸གོང་ས་༸ཡིད་བཞིན་ནོར་བུ་མངའ་སྡེ་འདིར་ཕེབས་པའི་སྐབས་ཤིག་ལ། ས་གནས་སྐུ་སྲུང་པའི་ནང་རྩོད་རྙོག་ཕྲན་བུ་བྱུང་ཏེ་ཁོང་གི་ཉེ་འབྲེལ་གྱི་བདེ་སྲུང་བ་ཞིག་ལ་དཀའ་ངལ་འཕྲད་པའི་སྐོར་ཞིག་གསུངས་པ་དང་། སྐབས་དེར་རྒྱ་གར་གཞུང་གིས་༸གོང་ས་༸ ཡིད་བཞིན་ནོར་བུའི་སྐུ་སྲུང་གོ་སྒྲིག་གནང་ཕྱོགས་སྐོར་དོ་སྣང་ཆེན་པོ་བྱས་པ་ཡིན་གསུང་སོང་། ངས་གསལ་པོ་ཞིག་དྲན་མ་སོང་ཡང་། ཁོང་གིས་གསུང་ན། རྒྱ་གར་གཞུང་འབྲེལ་གྱིས་སྲུང་སྐྱོབ་གོ་སྒྲིག་གནང་སྟངས་ཐད། ཆོས་ལུགས་གང་ཡང་རུང་བ་ཞིག་གི་དབུ་འཁྲིད་དང་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་ཡིན་པའི་ཆ་ནས་མ་རེད། ཅེས་སོགས་མང་པོ་ཞིག་གསུང་ཏེ་ཕལ་ཆེར་རྒྱ་གར་གྱི་ཡིག་ཆའི་ནང་བོད་མི་རྣམས་སྐྱབས་བཅོལ་བ་ཡིན་པ་དང་སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འཁྲིད་དམ་འགན་འཛིན་ཡིན་པས་མཚན་མཐོང་དེའི་ཐོག་ནས། ༸གོང་ས་༸ཡིད་བཞིན་ནོར་བུའི་སྐུ་སྲུང་ཚན་པ་གྲ་སྒྲིག་གནང་འདུག་སྙམ་པ་ཞིག་ཚོར་སོང་། སྐད་བསྒྱུར་བས་གོ་བ་དང་འགྲེལ་བཤད་ནོར་ཡོད་མེད་ངས་ཤེས་ཀྱི་མེད། གང་ལྟར་བཙན་བྱོལ་སྒྲིག་འཛུགས་ཀྱི་འགན་འཛིན་ཡིན་པའི་ཆ་ནས་ཡིན་ན། འདི་ནས་བཟུང་བཀའ་ཁྲི་སུ་ཡིན་རུང་དེའི་བདེ་འཇགས་སྲུང་སྐྱོབ་སྐོར་རྒྱ་གར་གཞུང་ལའང་ཞུ་ས་མེད་པ་ཡིན་ཚོད་མི་འདུག

དགོས་ངེས་ཀྱི་བཀའ་ཁྲིའི་ཉེན་སྲུང་ཚན་པ་དེ་གནས་སྟངས་གཞན་ཞིག་ནས་བསམ་བློ་གཏོང་དགོས་ཏེ། ༸གོང་ས་༸ཡིད་བཞིན་ནོར་བུའི་སྐུ་ཕྱཱའི་སྲུང་སྐྱོབ་ཐད། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་དབུ་འཁྲིད་རྣམ་པའི་སྲུང་སྐྱོབ་ཀྱི་གནས་སྟངས་དང་གཏན་ནས་མི་འདྲ་བའི་གནས་ལུགས་གཉིས་འགྲེལ་བཤད་རྒྱག་ཐུབ། གཅིག་ནི་དད་པའི་ཆ་ནས་རེད། སྤྱིའི་ཆ་ནས་འཛམ་གླིང་ཞི་བདེའི་དེད་དཔོན་ཞིག་དང་ནང་བསྟན་ཆོས་ལུགས་ཀྱི་བླ་ན་མེད་པའི་དབུ་འཁྲིད་ཅིག་ཡིན་པ་ལ་བརྟེན་ནས་ཆེད་གཉེར་སྐུ་སྲུང་ཕུད། གསུང་ཆོས་རྭ་བའི་མི་ཡོངས་རྫོགས་དད་པའི་དབང་གིས་རྒྱབ་གཅིག་འཆོང་གཅིག་གི་སྐུ་སྲུང་པ་ཤ་སྟག་ཡིན། ཅེས་བཤད་ན་བརྒྱ་ཆའི་གྲངས་ཆུང་རེ་གཉིས་མ་གཏོགས་རྫུན་འཆལ་ཆགས་མི་སྲིད། གཉིས་ནི་༸མགོན་པོ་གང་གི་སྐུ་གསུང་ཐུགས་ཀྱི་རང་གཤིས་ཀྱི་ཆ་ནས་རེད། ཞི་བའི་རྣམ་འགྱུར་དེས་ཕ་རོལ་པོའི་དགྲ་འཛིན་ཞི་བའི་རྣམ་པ་ཕྱིར་མངོན་མིན་ལ་མ་ལྟོས་པར་དོན་དངོས་སུ་ལུས་ངག་ཡིད་གསུམ་གནས་སྐབས་དབང་མེད་ཞི་དུལ་དུ་གྱུར་བཞིན་པ། དཔེར་ན། གུང་ཁྲན་གྱིས་གཡོ་འགུག་བྱས་པའི་རང་གཞན་ཕྱོགས་གཉིས་ཀའི་ལྐོག་རྒོལ་བ་ཆེས་མང་པོ་ཞིག་༸མགོན་པོ་གང་ཉིད་དང་མཇལ་ཙམ་གྱིས་གནོད་འགྱུར་གྱི་ལས་དོན་རང་ཡལ་དུ་ཕྱིན་པ་རྣམས་མིག་གིས་མཐོང་སའི་དཔེ་མཚོན་ཞིག་ཡིན། དེ་ལྟར་ད་ལྟ་དང་མ་འོངས་པའི་བོད་ཀྱི་ཆབ་སྲིད་འགན་འཛིན་མཆོག་ལ་གོང་གསལ་དོན་ཚན་གཉིས་པོའི་ཁྱད་ཆོས་ཀྱི་ཕྱོགས་སུ་བསམ་བློ་གཏོང་དཀའ་བས།  ས་མཚམས་གཞན་ཞིག་དང་གནས་སྟངས་ཁ་ཁ་བྱས་ནས་སྐུ་སྲུང་གི་ལས་འཆར་སྐོར་གྱི་ཁྲིམས་ཡིག་ལ་དོ་ནན་གཏིང་ཟབ་བྱེད་དགོས་ཀྱི་འདུག དེས་ན་༸གོང་ས་༸ཡིད་བཞིན་ནོར་བུའི་སྐུ་ཕྱཱའི་ལྷིང་འཇགས་ནི་སྐུ་སྲུང་པ་རྒྱ་གར་དང་བོད་ཕྱོགས་ཀྱི་སྡེ་ཚན་གཉིས་གཅིག་པུས་འཇོན་ཐང་མིན་པ་གནས་ལུགས་གཉིས་འགྲེལ་བཤད་བྱས་པ་དེ་རེད།

ད་ཡོད་༸གོང་ས་༸ཡིད་བཞིན་ནོར་བུའི་སྐུ་སྲུང་པ་རྒྱ་གར་དང་བོད་ཕྱོགས་ཀྱི་སྡེ་ཚན་གཉིས་ཀ་ཕུད། བཀའ་བློན་ཁྲི་པ་འདི་ནས་བཟུང་མ་འོངས་པའི་བཀའ་ཁྲིའི་བདེ་སྲུང་ཐད་བོད་དང་རྒྱ་གར་གྱི་ཕྱོགས་གཉིས་ཀས་སྲུང་སྐྱོབ་ཇི་ཙམ་བྱེད་ཐུབ་བམ། དུས་རབས་འདི་ནི་བོད་ལ་མཚོན་ན། མི་རབས་གསར་པ་དང་དབང་བསྒྱུར་གསར་པ། ཆབ་སྲིད་གསར་པ་དང་ཁྲིམས་ལུགས་གསར་པའི་དུས་ཚོད་ཅིག་ཡིན་སྟབས། བོད་ཀྱི་ཆབ་སྲིད་ཀྱི་དབུ་འཁྲིད་དམ་འགན་འཛིན་ལ་སྐུའི་ཉེན་སྲུང་སྐོར་གྱི་ཁྲིམས་ལུགས་ཤིག་མེད་ན། ཁྲིམས་བཟོ་ལྷན་ཚོགས་ཀྱིས་འགན་མ་ཁུར་བ་རེད་ཅེས་ཞུ་མི་ཐུབ་ཀྱང་བོད་ཀྱི་ཁྲིམས་ལུགས་དེ་ཡོངས་སུ་ཆ་མ་ཚང་བ་ཞིག་ཡིན་པ་དངོས་ཡོད་གནས་ཚུལ་གྱིས་ཁ་གྲག་པ་ཞིག་ཡིན། འཁྲུག་ཆ་དོད་པའི་བོད་དང་གུང་ཁྲན་འཐབ་འཁྲུགས་འདིའི་རྒྱལ་ཁ་སུ་འཐོབ་མ་ངེས་པ་དང་གུང་ཁྲན་གྱི་འཐབ་རྒོལ་དེ་ངོ་ལྐོག་བརྒྱུད་གསུམ་དང་གཡོ་སྒྱུ་ཁྲམ་གསུམ་ལྡན་པ་ཞིག་ཡིན་དུས། ང་ཚོའི་རླབས་ཆེན་གྱི་སྣེ་འཁྲིད་པ་བློ་བཟང་སེང་གེའི་སྐུའི་བདེ་འཇགས་སྐོར་སྣང་མེད་འཇོག་མི་ཤེས་པ་ཞིག་ཆགས་ཡོད། གྲོས་ཚོགས་རྙིང་པ་ལྟར་ཉལ་འཐབ་འཁྲིག་འཐབ་དང་ཟས་རྩོད་འཐུང་རྩོད་བརྒྱབ་ནས་མི་སྡོད་པར། འཐུས་ཚོགས་གསར་པས་གཟི་བརྗིད་ལྡན་པའི་གྲོས་ཚོགས་ཀྱི་ཞབས་སྟེགས་ཐོག ཁྲིམས་བཟོ་བ་དང་སྤྱི་འཐུས་མཚན་ཉིད་ཚང་བ་ཞིག་མཛད་རྒྱུར་ནན་སྐུལ་ཞུ་རྒྱུ་དང་། མང་ཚོགས་ཀྱི་ངོས་ནས་ཤེས་གོ་དོན་གསལ་བྱས་ཏེ་བླ་ན་མེད་པའི་བཅའ་ཁྲིམས་རིན་པོ་ཆེར་ཉམས་ལེན་བྱ་རྒྱུར་ཐེ་ཚོམ་མི་དགོས་པ་ཞིག་ཡིན། ལྷག་པར་དུ་བོད་ཀྱི་བཀའ་བློན་ཁྲི་པའམ་སྲིད་སྐྱོང་བ། བོད་ཀྱི་ཆབ་སྲིད་ཀྱི་དབུ་འཁྲིད་དམ་བོད་ཀྱི་འགན་འཛིན་ཁྲི་པ་མཆོག་གི་སྐུའི་ཉེན་སྲུང་སྐོར་གྱི་ཁྲིམས་ལུགས་གསར་པའི་སྐྱ་རེངས་ཤིག་ལ་རེ་མདུན་ཟབ་མོས་ངང་བསྒུགས་བྱེད་བཞིན་པ་ཡིན།

འབྲེལ་ཡོད་གསར་འགྱུར།

བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་ལྷ་སྡེ་མི་སྡེར་སྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་བྱེད་བཞིན་པ། པར་དུས་བབ་ཀྱི་བསྒྲིགས།
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མང་པོ་བཙན་འཕྲོག་བྱས་འདུག 

ཆུ་ཚོད་ ༧ སྔོན་ལ།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། ༢༠༢༥།༡༠།༢༡ པར་འབྲེལ་ཡོད་མཁོ་སྤྲོད་གནང་།
Mobile App

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༡༠ སྔོན་ལ།
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧

མཆན། 11

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཁ་སང་ཧྥ་རན་སིར་མི་དམངས་ལ་གསུང་བཤད་གནང་སྐབས་ཀྱང་སྲིད་སྐྱོང་བ་ཞིག་གི་གོ་ཐོབ་ཆ་ནས་སྐུ་སྲུང་བ་དང་བཞུགས་ཤག་སོགས་མང་པོ་ཞིག་ནས་ཆ་རྐྱེན་མི་ཚང་ཚུལ་གྱི་གནས་བབ་ཅིག་གསུང་སྟངས་མཁས་པོ་ཞིག་གི་ཐོག་ནས་གསུངས་སོང། དེ་བས་སྐུ་སྲུང་བ་ཞིག་དང་གསོལ་ཐབ་པ་ཞིག་ངེས་པར་གྲ་སྒྲིག་བྱེད་ཐུབ་པ་ཞིག་ཡིན་པས་བྱས་ན་བཟང་གི་སྙམ། ངས་བཟང་གི་ཟེར་དོན་ཁོང་གི་ཕྱག་ལས་ཐད་ལ་ཕན་ཐོགས་ཡོད་རྒྱུ་རེད་བསམས་པ་ཡིན།

    Reply
  2. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    སྲིད་སྐྱོང་བ་མཆོག་ནི་ལོ་རྒྱུས་ཀྱི་འགན་ཁྲི་ཅན་གྱི་མི་མང་ནས་འདེམས་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་དེ་ལ་སྐུ་སྲུང་འཇོག་རྒྱུ་ནི་དོན་དག་ཡག་པོ་ཞིག་རེད།
    གྲོས་ཚོགས་བླུན་དྲགས་ནས་༧གོང་ས་མཆོག་གིས་གསུངས་པའི་བསླུ་མེད་ཀྱི་སྲིད་སྐྱོང་བ་ཟེར་གསུངས་ཚིག་དེ་སྣང་མེད་དུ་བཞག་ནས་གྲོས་ཚོགས་ནས་འགྲོ་མ་ཐུབ་པ་ཡིད་སྐྱོ་དགོས་པའི་གནས་ཚུལ་ལྟ་བུ་ཆགས་སོང་བ་མིན་འགྲོ།སྲིད་སྐྱོང་བ་ཆོལ་ཁ་གཅིག་གི་ཚབ་མཚོན་བསམ་པ་དེ་བྱིས་པའི་གཏམ་ལྟ་བུ་ཞིག་ཏུ་སྣང་བ་རེད།དེ་འདྲ་མ་རེད་བསམ་སོང་།
    བོད་གཞུང་གི་སྲིད་སྐྱོང་བ་ལ་གཞུང་མང་ངོས་ནས་གོང་བཀུར་བྱས་ཏེ་བོད་བསྟན་སྲིད་སྤྱི་དོན་ལ་འབད་པ་བྱེད་རྒྱུ་ནི་ད་ལྟའི་གནས་བབ་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་སྨྲས་མི་དགོས་པ་ཞིག
    སྲིད་སྐྱོང་བ་མཆོག་གིས་ལས་དོན་ཕྱོགས་ཐད་ལ་དགའ་མགུ་ཡི་རངས་སྐྱེས་པ་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་དངོས་ཡོད་གནས་ཚུལ་རེད།

    Reply
  3. ཁ་བའི་བུ། says:
    ལོ་ 14 སྔོན།

    སེར་སྨད་བློ་དགས་ཟེར་བར་རྒྱབ་སྐྱོར་ཡོད་བཀའ་ཁྲིར་སྐུ་སྲུང་བ་ངེས་པར་དུ་དགོས་པ་ཡིན། དེ་ཡང་རབ་བྱུང་ན་བུ་མོ་མཛེས་མ་གཅིག་དང་། ཅི་སྟེ་མ་བྱུང་བདེ་སྐྱིད་ཆོས་དབྱངས་དང་བཀའ་ཁྲིའི་བཞུགས་སྒོ་བར་ཐག་རིང་པོ་མེད་པ་ཞིག་ངེས་པར་དུ་མཁོ་བས་མི་མང་ལ་རེ་སྐུལ་བྱེད་དགོས་པ་ང་ཚོའི་འོས་འགན་རེད། བཀའ་ཁྲི་ཆོག་ང་ཚོ་མི་མང་ནས་ཀྱང་སྲུང་སྐྱོབ་གང་ལེགས་དགོས་པ་རེད། ད་དུང་དེས་མ་སྒྲིགས་ན་ངའི་བུ་མོ་རྒན་པ་ལོ་༤༦ ཡིན་པས་ཁོང་གི་སྐུ་སྲུང་བ་གཏན་གཏན་ཡོང་རྒྱུ་རེད། དེས་ཀྱང་མ་འགྲིགས་ན་ཁོང་གི་ཟུར་ཟའི་སྙིང་སྡུག་ཅན་ནལ་དུ་སློབ་གྲར་འགྲོ་བཞིན་པ་དེ་སྐད་གཏོང་རྒྱུ་རེད།

    Reply
  4. སྨྱུག་མདའ། says:
    ལོ་ 14 སྔོན།

    སེར་སྨད་བློ་དགའ་གླེན་པ་རང་རེད།
    རང་ཉིན་ཀྱི་རྒྱུག་འབྲས་ལ་གཟབ་ན་དགའ་བ་ད་ལོ་སློབ་ཚུན་དུ་ལ་འཕྲོད་མེད་པ་ཤེས་གསལ་ཡིན་པ།

    Reply
  5. བདེན་རྒྱལ། says:
    ལོ་ 14 སྔོན།

    བཀའ་ཁྲིའི་སྐུ་སྲུང་དང་གང་ཤེས་དེ་ལས་ཁྱེད་རང་འདྲ་བའི་གྲ་པ་ཚོ་དང་སྤྲུལ་སྐུའི་མིང་ཁུར་དེ་ཚོ་རྣམས་ལ་བོད་མི་དམངས་སྤྱི་འཐུས་རྣམ་པས་གྲ་སྤྲུལ་རྣམ་པའི་རྐུབ་ལ་ཁྲིམས་གཞི་
    གསར་པ་ཞིག་གཞག་དགོས་ས་རེད། སངས་རྒྱས་བསྟན་པའི་དགྲ་ངོ་མ་གྲ་སྤྲུལ་རྣམ་གྱི་
    བཟོ་གི་འདུག་ཨ་ཁ་ཁ་་་་་་་
    དེ་ལས་ཁྱེད་རྣམ་པས་རྐུབ་ལ་བདག་པོ་རྒྱབ་རོག

    Reply
  6. བདེ་ལེགས། says:
    ལོ་ 14 སྔོན།

    ཨོ་ལེ།   འདྲེ་མགོ་རྡོའམ་ཤར་ཕྱོགས་ཁུག་རྟ་ནི་དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུའི་མིང་ཐོག་ནས་སྐུ་སྒེར་ཡིག་ཚང་དུ་བཅར་མཁན་མི་བདུན་པ་དེ་ཡིན་འདུག་པས།   དགེ་ཚོས་ཀྱི་དྲི་མ་རེ་བྲོ་གི་ཡོད་རྒྱུ་རེད།  ཡིན་ན་ཡང་ད་སྔ་བྲིས་པ་རྣམས་ལ་ནི་དགེ་ཆོས་མ་དགོས་དོལ་ཤུལ་རྒྱ་མཚོའི་ཡན་ལ་གོམས་པ་གཅིག་མ་བུད་ཐལ།   དེང་སང་གི་སྤྲུལ་སྐུ་ཚོ་འདི་འདྲ་ཡིན་རྒྱུ་རེད་པ།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྒྱ་གར་གཞུང་ངོས་ནས་སྐུ་སྲུང་བ་གོ་སྒྲིག་ཡོང་རྒྱུ་དཀའ་སྙམ། གང་ལྟར་བོད་མི་རང་གི་བདེ་སྲུང་ལས་ཁུངས་ངོས་ནས་དམངས་གཙོའི་ཀ་ཆེན་གསུམ་པོའི་དབུ་གཙོ་རྣམ་པ་ཚང་མ་ལ་ཡང་སྐུ་སྲུང་བའམ་་སྒོ་སྲུང་བ་རེ་ཡོད་ན་ཕན་ལས་གནོད་ཅི་ཡང་མེད།

    Reply
  8. ཁ་བའི་བུ། says:
    ལོ་ 14 སྔོན།

    བཀའ་ཁྲིར་སྐུ་སྲུང་འཇོག་པ་ནི་བོད་གཞུང་གི་མ་དངུལ་འཕྲོ་བརླག་ཙམ་རེད། དེ་ལས་དངུལ་དེ་འདྲི་མགོ་རྡོར་སྤྲད་དེ་རྩོམ་གང་ལེགས་འབྲི་རྒྱུའི་སྐུལ་མ་བྱས་ན་བཟང་གི

    Reply
  9. ཁ་བའི་བུ། says:
    ལོ་ 14 སྔོན།

    སེར་སྨད་བློ་དགའ་ཟེར་བའི་མིང་ལས་ཁོང་སྐུ་ཞབས་ཞིག་ཡིན་པ་གསལ་ཐག་ཆོད་འདུག་པ། བུ་མོ་མཚོ་མོ་མཉམ་དུ་བྷེང་ལོར་དུ་ག་རེ་བྱེད་པར་ཕྱིན་ནས་ཐལ།
    དཀོན་མཆོག་མཁྱཻན། །

    Reply
  10. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    སྤྱིར་བཏང་དབུ་ཁྲིད་གཅིག་ལ་སྐུ་སྲུང་བ་མང་པོ་ཡོད་པ་འདིས་གང་མཚོན་ཅེ་ན། ཡུལ་དེ་ན་དྲག་སྤྱོད་ལ་དགའ་བདང་ཞི་བདེ་ལྷིང་འཇགས་མེད་པ་དང་དེར་གནས་མི་རིགས་རྣམས་གསོད་རེས་དགའ་བ་སོགས་མདོར་ན་གྲི་མ་འགྲིག་པ་ཞིག་བསྟན་གྱི་ཡོད། དཔེར་ན། སི་ཝེ་ཌན་གྱི་ཡུལ་ལུས་ནང་དུ་བློན་ཆེན་ཁག་ལ་སྐུ་སྲུང་བ་ཧ་ལམ་བསྐོ་གིན་མེད། དེ་སྔོན་ཞིག་ལ་བློན་ཆེན་ཞིག་ཚོང་ཁང་ཆེ་གྲས་གཅིག་གི་ནང་དུ་ཕྱིན་པ་ན་མི་རྒྱུས་མེད་ཞིག་གིས་གྲི་བཙུགས་པའི་ལོ་རྒྱུས་བྱུང་ཡོད། ཡིན་ན་ཡང་རྗེས་སུ་དཔྱད་སྐབས་མི་དེ་ནི་ཀླད་རྩ་ཐང་ཐང་མེད་མཁན་ཞིག་རེད། ད་དུང་ཡིན་ན་ཡང་ཡུལ་ལུང་དེའི་ནང་དུ་སྐུ་སྲུང་བ་བསྐོ་བའི་ལུངས་སྲོལ་མེད། ཁོང་ཚོའི་འགྲོ་ལུགས་འདིས་ཡུལ་དེའི་ནང་གི་མི་རིགས་རྣམས་ཞི་བདེ་ལ་དགའ་བ་ཞིག་ཡིན་པ་མཚོན་པ་རེད་ཟེར་ནས་འགྲེལ་བཞིན་ཡོད། དེ་ལ་རྒྱུ་མཚན་མེད་པ་མ་རེད། ཡུལ་དེའི་སྒྲིག་ལམ་དམ་ལྷོད་ལ་བརྟེན་ནས་རྒྱལ་ནང་གི་གནས་སྟངས་དེ་དཔོག་ཐུབ་རྒྱུ་རེད།

    Reply
  11. བདེ་ལེགས། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་པ་ལ་སྐུ་སྲུང་ཕར་བཞག   ཤར་ཕྱོགས་ཁུག་རྟ་ཟེར་བ་འདིས་འདྲེ་མགོ་རྡོ་ཟེར་བ་སོགས་ཀྱི་མིང་རྫུན་གྱི་འོག་ནས་ནག་པོ་བཟོ་ཅི་ཐུབ་དང་།   ཆོལ་ཁའི་སྙིང་ནད་ཅན་སྐོར་ཞིག་གིས་རང་མགོ་ལ་རང་གིས་རྡོ་གཞུ་བཞིན་པ་མ་ཚོར་བར་བཀའ་ཁྲི་ལ་སྙད་འདོགས་གང་ཐུབ་བྱེད་ཀྱི་འདུག་པ་ངོ་མ་སེམས་སྐྱོ་དགོས་པ་ཞིག་རེད།   ཁར་སང་ཁར་ཉིན་བཀའ་ཁྲིའི་བོད་དོན་གྱི་ཆེད་དུ་ཡོ་རོབ་རྒྱལ་ཁབ་ཁག་གི་འཐུས་མི་དང་ཐུག་འཕྲད་གནང་བཞིན་པར།  ཡང་འདྲེ་མགོ་རྡོས་མིང་རྫུན་ཞིག་བཀོལ་ནས་བཀའ་ཁྲི་ཡོ་རོབ་ལ་འཁྱམས་ཀྱིན་འདུག་ཟེར་གྱི་འདུག   མི་འདི་ཚོ་སྙིང་ལ་འདྲེ་ཚང་ཞིག་བཅས་ཡོད་ཁོ་ཐག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese