མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བརྩེ་བ་མེད་པའི་རི་གྲོང་དུ་ལུས་པའི་མི།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

དུས་རྒྱུན་དུ་རང་གིས་རང་ལ་ནང་བ་ཞིག་གི་མི་རབས་སུ་གཏོགས་པར་བསམ་བློ་འཁོར་གྱི་ཡོད་པ་རེད། ཁོ་བོ་ལ་མི་སུས་ཁྱེད་རང་ཆོས་ལུགས་གང་ཡིན་ཞེས་དྲིས་དུས། ང་ནི་ནང་བ་ཡིན་ཟེར་ནས་ལན་འདེབས་པར་སྤྲོ་བོ་བྱེད་ཀྱི་ཡོད་པ་རེད། ཡིན་ཡང་། ཁོ་བོས་རང་གིས་གང་བྱེད་ཀྱི་ཡོད་མེད་དང་གང་བཤད་ཀྱི་ཡོད་མེད། ནང་བ་ཟེར་བ་ནི། མི་ག་འདྲ་ཞིག་ལ་རན་གྱི་ཡོད་མེད་དང་། ཇི་ལྟར་བྱས་པ་ཡིན་ན་ད་གཟོད་ནང་བ་ཟེར་བའི་ཆོས་ལུགས་མི་སྣ་ཞིག་དུ་གྱུར་མིན་གྱི་ཐད་དུ། བསམ་བློ་ཞིབ་མོ་ཞིག་གཏོང་མ་ཐུབ་པར་ལུས་པ་མ་ཟད། བརྩེ་བ་ཟེར་བའི་མི་སྤྱིར་བཏང་བ་ཞིག་ལ་དགོས་པའི་ཆ་རྐྱེན་དེ་ཡང་རང་ཉིད་ལ་ཚང་གི་ཡོད་མེད་ཀྱི་ལན་གང་ཡང་ད་ལྟའི་བར་དུ་མ་བརྙེད་པར། སྲང་བར་དོགས་ས་དང་རྒྱ་ལམ་ཆེ་ས་གང་རུང་ནས། མི་སུ་དང་འཕྲད་དུས་སུ། རང་ཉིད་ནི་ནང་བ་ཟེར་བའི་ཆོས་ལུགས་དེ་ཡི་རྗེས་འགྲེང་བ་ཡིན་པར་རློམ་གྱི་ཡོད་པ་རེད།

ཡིད་སྐྱོ་བ་ཞིག་ལ་ཁོ་བོ་ལ་མ་མཐའི་མི་སྤྱིར་བཏང་བ་ཞིག་ལ་ཡོད་པའི་བརྩེ་བ་དེ་ཡང་མེད་པར། ཆགས་སྲེད་ཅེས་པའི་འཁྲིག་སྲེད་ཀྱི་བརྙན་ཐག་དང་བརྙན་འཁོར། བརྙན་རིས་སོགས་ལ་མགོ་བོ་འཁོར་ནས། ཐ་ན་རང་གི་བརྩེ་བའི་མི་ཞིག་ཀྱང་ད་ལྟའི་བར་དུ་སྙིང་ལ་བརླན་རྒྱུའི་གོ་སྐབས་ཤིག་བྱུང་མེད་པ་རེད། ཁོ་བོས་ད་དུང་རང་ཉིད་ནི་འཛམ་གླིང་འདིའི་སྟེང་གི་མི་ཡ་རབས་ཤིག་དང་ཆོས་ལུགས་རྩ་ཆེན་ཞིག་གི་རྗེས་འགྲེང་དུ་འདོད་ཀྱི་ཡོད་པ་ཡིན། དོན་དངོས་ཐོག་ཁོ་བོས་ཆོས་ལུགས་རྩ་ཆེན་དུ་འདོད་པའི་ནང་བའི་ཆོས་ལུགས་ལ་བག་ཆགས་བཟང་བོ་ཞིག་ཀྱང་བཞག་མེད་ལ། འགྲོ་བ་མིའི་སྤྱིར་སྟངས་ཀྱི་ཡ་རབས་གོམ་གཤིས་ཤིག་ཀྱང་རང་གི་ལུས་སེམས་ལ་འཐིམ་མེད་པ་ཡིན།

གནམ་འོག་གི་མི་འདི་དག་ལ་ཆོས་ལུགས་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་དེ་ནི། མི་དང་མིའི་བར་གྱི་འདུ་ཤེས་ལ་མེད་དུ་མི་རིང་བའི་བརྩེ་བ་དེ་ཡིན་དུས། བརྩེ་བ་མེད་པར་ཆོས་ལུགས་ཤིག་གི་རྗེས་ཞུགས་པ་ཉན་ཐུབ་མེད་པའི་ཆ་རྐྱེན་དེ་ཡང་ཁོ་བོས་ད་ལྟའི་འཆར་རྙེད་མེད་པ་རེད། ཡིད་སྐྱོ་བའི་གནས་སྟངས་འདིའི་འོག་ནས་ཁོ་བོས་རང་གིས་རང་ལ་དྲི་བ་མང་བོ་ཞིག་གཏོང་མི་འཕོད་ལ། གཏོང་ཤེས་ཀྱི་ཡང་མེད་པར། དཀར་ནག་དབྱེ་ལྡོག་གི་ལམ་ཕྲན་ཞིག་ནས་རང་གི་ང་རྒྱལ་གྱི་མགོ་བོ་གནམ་དུ་བཀྱགས་ནས། ཅི་ཞིག་བཤད་ཀྱིན་ཡོད་པ་དང་། གང་ཞིག་ཤེས་ཀྱི་ཡོད་པའི་ཚུགས་ཀ་ཞིག་བསྟན་ནས། མི་ཚོགས་ཀྱི་གསེང་དུ་བརྩེ་བ་མེད་པའི་རི་གྲོང་ཞིག་གི་ལམ་འགྲོ་བ་ཆགས་ནས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

མཆན། 1

  1. chok zyl says:
    ལོ་ 12 སྔོན།

    བཀླགས་ཟིན་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist