མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་གྲུ་ཞིག་གསོའི་ཉེན་ཁ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp
ཧྥ་རན་སི་ A340 རྟགས་ཅན་གྱི་གནམ་གྲུ་ཞིག་རྒྱ་ནག་ནང་ཞིག་གསོ་བྱས་རྗེས། གནམ་གྲུའི་སྟེང་མཛེར་མ་ ༣༠ ཁ་ཚང་མེད་པའི་གནད་དོན་བྱུང་ཡོད་འདུག  
ཉེ་སྔོན་ཧྥ་རན་སིའི་མཁའ་སྤྱོད་བཟོ་གྲྭའི་ A340 རྟགས་ཅན་གྱི་གནམ་གྲུ་ཞིག་རྒྱ་ནག་ཞ་མཱན་ཐའེ་ཀུའུ་མཁའ་བསྐྱོད་ཚད་ཡོད་བཟོ་གྲྭ་(TAECO)རུ་ཞིག་གསོ་བྱས་རྗེས། ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་རྒྱ་ནག་ནས་འཕུར་ཏེ་ཕྱིར་ཕ་རེ་སིར་བསྐྱོད་ཡོད་པ་དང་། ཉིན་འགའི་རྗེས་བསྐྱར་དུ་གནམ་གྲུར་ཞིབ་བཤེར་བྱས་སྐབས་གནམ་གྲུའི་གཤོག་སྒྲོ་གཡས་པའི་སྟེང་མཛེར་མ་ ༣༠ ཁ་ཚང་མེད་པའི་གནད་དོན་བྱུང་ཡོད་འདུག 
ཕྱི་ཚེས་ ༢༥ ཉིན་ཧྥ་རན་སིའི་རླུང་འཕྲིན་གསར་ཁང་གིས། གནད་དོན་དེའི་ཐད་ཧྥ་རན་སིའི་མཁའ་སྤྱོད་བཟོ་ཚོང་སྡེ་ཁག་གི་ནང་ཁུལ་དཔྱད་ཞིབ་སྙན་ཐོ་ནང་བཀོད་པའི་གནས་ཚུལ་བསྒྲགས་དོན།  A340 རྟགས་ཅན་གྱི་གནམ་གྲུ་དེ་རྒྱ་ནག་ནང་ཞིག་གསོ་གྲུབ་རྗེས་ཐེངས་འགར་འཕུར་བསྐྱོད་བྱས་ཡོད་པ་དང་། རྗེས་སུ་བྷོ་སི་ཀྲོན་ (Boston) གནམ་ཐང་དུ་གནམ་གྲུའི་སྟེང་མཛེར་མ་མང་པོ་ཞིག་ཁ་ཚང་མེད་པ་ཤེས་རྟོགས་བྱུང་སྟེ། གནམ་གྲུ་འཕུར་བསྐྱོད་མཚམས་བཞག་ཏེ་གནམ་ཐང་དེར་ཉིན་གསུམ་རིང་ཞིབ་བཤེར་བརྟག་དཔྱད་དང་བསྐྱར་དུ་ཞིག་གསོ་བྱེད་དགོས་བྱུང་ཡོད་པ་བརྗོད་འདུག 
ཡུ་རོབ་མཁའ་སྤྱོད་འགྲིམ་འགྲུལ་མཐུན་ཚོགས་ཀྱིས་གནད་དོན་དེའི་ཐད་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་ཡོད་པར་མ་ཟད། ལོ་སྔོན་མར་ཡང་བྷོ་ཡཱན་ ༧༤༧-༤༠༠ རྟགས་ཅན་གྱི་གནམ་གྲུ་ཞིག་རྒྱ་ནག་ནང་ཞིག་གསོ་བྱས་ཏེ་བདུན་ཕྲག་གསུམ་རིང་འཕུར་བསྐྱོད་བྱས་པའི་རྗེས་སུ། གནམ་གྲུའི་སྟེང་མཛེར་མ་ཁ་ཚང་མེད་པའི་གནད་དོན་བྱུང་ཡོད་པའི་སྐོར་ཐེར་འདོན་བྱས་ཡོད་འདུག 
པེ་ཅིན་ཨེ་མའེ་ཁའོ་(Ameco)གནམ་གྲུ་ཞིག་གསོ་ཁང་དང་ཞ་མཱན་ཐའེ་ཀུའུ་མཁའ་བསྐྱོད་ཚད་ཡོད་བཟོ་གྲྭ་(TAECO)གཉིས་ནི། རྒྱ་ནག་ནང་གནམ་གྲུ་ཞིག་གསོ་བྱེད་ས་ ༥ ཡོད་པའི་ནང་ནས་ཨང་དང་པོ་དང་གཉིས་པ་གཉིས་ཆགས་ཡོད་པ་རེད།
 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 12

  1. ཐོ་རེངས། says:
    ལོ་ 14 སྔོན།

    རྒྱ་ནག་ལ་མཚོན་ན་འཛམ་བུའི་གླིང་གི་ཐོག་གི་དཔལ་འབྱོར་གི་སྟོབས་ཤུགས་ཨང་གཉིས་པ་ཆགས་ཚར་བ་རེད།
    ལྕགས་འཛེར་ཞིག་ད་རྐུ་དགོས་སྒྱུ་མ་རེད། ང་ཚོ་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཕར་ཆེ་བའི་བཟོ་གྲྭ་རྣམས་ཁྲིམས་ཐོགས་ནས་དེ་ཙམ་ཚག་ཚུད་པོ་མེད་ཕྱིར་གནད་དོན་འདི་འབྱུང་བ་རེད།
    ཡག་པོ་རེད། ནོར་འཁྲུལ་དེ་ཡར་རྒྱས་ཀྱི་ལྡེ་མིག་རེད།
    གལ་སྲིད་གནམ་གྲུ་དེ་རྒྱ་གར་ནས་ཞིག་གསོ་བཟོས་པ་ཡིན་ན། ལྕགས་འཛེར་དྲུག་བཅུ་སྤྲད་སྒྱུ་བརྗེད་ཡོད་ངེས་ཅན་ཡིན་པ་རེད།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ་་མཛེར་རྐུན་ཚང་་་ཚིག་གཅིག་འདི་ངོ་མ་དགོད་བྲོ་བོ་ཞིག་རེད། འོན་ཀྱང་ངའི་འདོད་པ་ཅུང་ཁེངས་མ་སོང་བས་་་བསམ་གནག་ཚང་་་ཟེར་བ་ཞིག་ཁ་སྣོན་བྱེད་འདོད་བྱུང།

    Reply
  3. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 14 སྔོན།

    ད་ཡིན་ན་རྒྱ་ནག་གི་མི་གཤིས་ངན་པ་དེ་གཞི་ནས་འཛམ་གླིང་མི་མང་གི་མདུན་སར་ཉིན་རེ་ནས་རེ་ཇེ་གསལ་དུ་གྱུར་བཞིན་འདུག

    Reply
  4. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    སྔོན་ཚེ་གོང་མ་རིམ་བྱོན་དུས་ན་ཆོས་སྲིད་ཟུང་དང་དཔལ་ཡོན་ལྡན།
    དེ་རྗེས་གོང་མིན་ཏང་ཞེས་རང་དབང་དམངས་གཙོའི་ཕྱོགས་སུ་འབད་འབུངས་བྱས།
    ད་ལྟའི་དམར་པོའི་གཞུང་ངན་འདི་ནི་ཆོས་སྲིད་དཔལ་ཡོན་གཟུངས་ཟད་ནས།
    ལག་རྩལ་ཉམ་ཞིང་རྒྱལ་ཁབ་སྐྱོང་ལ་དྲག་གནོན་འབའ་ཞིག་བྱེད་ལ་ལྟོས།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སྔར་གྱི་དུས་སུ་མ་འོར་བདེན་མཐོང་ཀླད་རྩ་མེད། །
    ད་ལྟའི་དུས་སུ་གནམ་གྲུ་ཞིག་གསོའི་མཛེར་མ་མེད། །
    སྔར་གྱི་དུས་སུ་གླེན་རྟགས་དྲག་གནོན་གསར་བརྗེ་བྱས། །
    ད་ལྟའི་དུས་སུ་ཧུ་ཡིས་གྲངས་ཉུང་མི་རིགས་གསོད། །

    Reply
  6. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    ཧྥ་རན་སིས་རྒྱ་ནག་ལ་ཡིད་ཆེས་ཆེ་དྲག་པའི་རྐྱོན་གྱིས་ཏོག་ཙམ་མ་ཏོག་གནས་ཚུལ་ཆེན་པོ་ལྷག་གྲབ་བྱས་པ་རེད། དེ་སླབ་ཡག་བརྒྱ་ལས་སྣབ་སུལ་གཅིག་ཟེར་བ་དེ་རེད།

    Reply
  7. གངས་འོད། says:
    ལོ་ 14 སྔོན།

    གནམ་གྲུའི་འཛེར་མ་གོང་ཆེན་ཞིག་ཡིན་ནམ་ཡང་ན་དེ་ལྟར་བྱས་པ་ཆབ་སྲིད་ཅིག་ཡིན་ནམ། ངོ་མ་ཧ་གོ་ཡི་མི་འདུག ཤེས་མཁན་ཡོད་ན་ལན་རེ་སྤྲོད་རོགས།

    Reply
  8. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    བྱིས་པའི་ཁ་ལ་དང་འོ་ཕྱེས།ཟ་སྣུམ་སོགས་ཀྱི་ནང་དུ་ནད་རིགས་སྣ་ཚོགས་ཡོད་པ་མ་ཟད།
    ལྕགས་བྱའི་གཤོག་ཟུང་གཉིས་ཀྱི་འཛེར་མ་༣༠རྐུས་པ་དེ་མིའི་ཚེ་སྲོག་ལ་་གནོད་པ་གཏོང་སེམས་བཅངས་པ་གསལ་བོ་ཆགས་སོང་།

    Reply
  9. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    མཛེར་རྐུན་ཚང་། ད་ཐེངས་ད་ཚིག་གཅིག་གིས་བསད་ནས་བཞག་ཡོད།

    Reply
  10. བརྩོན་རྒྱམ། says:
    ལོ་ 14 སྔོན།

    དམར་གཞུང་གི་གཡོ་ཐབས་སྣ་ཚོགས་ཀྱི་ངན་མཚང་ཕྱིར་འབུད་བཞིན་ཡོད་པ་མ་ཡིན་ནམ།   གཡོ་ཐབས་སྣ་ཚོགས་ཀྱི་འཛམ་གླིང་མི་མང་སླུ་བྲིད་བྱེད་ཀྱི་ཡོད་པ་འདི་ད་དུང་མང་པོ་ཞིག་གི་དངོས་མ་ཟིན་པར་དེ་ལ་ཁ་ཡག་ངོ་དགའ་བྱེད་ཀྱི་ཡོད་པ་རེད། དོ་མ་འཛམ་གླིང་འདིའི་ཐོག་ཏུ་གཡོ་སྒྱུ་དང་རྫུན་མ་བྲིན་པའི་དུས་ཤིག་ཤར་པ་ནི་ངོ་མ་ཡ་མཚན་ཆེན་པོ་ཞིག་རེད།

    Reply
  11. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    རྒྱ་ནག་དམར་པོས་བྱ་སྤྱོད་ནི་ཧང་བསང་དགོས་པ་ཞིག་མ་ཡིན་ནམ། ལྟོ་ཆས་ནང་སྨན་རྫས་ངན་པའི་རིགས་བླུག་དྲགས་པའི་མང་སྐྱོན་དང་། ཤིན་ཏུ་དགོས་གལ་རིགས་དཔེར་ན་གནམ་གྲུ་སོགས་ལ་འཛེར་ཡང་ཉུང་དྲགས་པའི་སྐྱོན་སོགས་ཧ་ཅང་ཐལ་ཆ་ཆེ་བའི་སྐྱོན་གྱི་རིགས་རྣམ་ཀུན་ནས་ལྡན་པས་འཛམ་གླིང་མི་མང་ཚོའི་ཡིད་གཟབ་གྱིས།

    Reply
  12. ཀླུ་ བློ་བསམ། says:
    ལོ་ 14 སྔོན།

    སྔོན་མ་ཞིག་ནས་དེ་བ་ཚང་མཛེར་མ་བརྐུས་ནས་བྱང་བསྡད་ཡོད་ སྒྲ་སྡུད་འཁོར་ལོ་དང་ཆུ་ཚོད་བརྙན་འཕྲིན་སོགས་ཀྱང་སྐྱར་གསོ་བྱས་ཚར་དུས་མཛེར་མ་བརྒྱ་ཆའི་བརྒྱ་ཐམ་པ་ཕྱིར་རྩིས་སྤྲོད་བྱེད་དུས་གཅིག་ཀྱང་མེད་ཡ ཡིན་ན་འང་གནམ་གྲུ་ལ་དེ་ལྟར་ག་ལ་རུང མིའི་ཚེ་སྲོག་དང་འབྲེལ་བ་ཡོད་ཕྱིར། འགྲོ་ཐབས་འདུག་ཐབས་ཀྱི་རྒྱལ་ཁབ་དེས་ད་མ་བ་ཐ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese