མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲན་རྒྱུ་རྒོད་ཀྱང་ལས་རྒྱུ་མེད་པའི་ཉིན་མ་འདི་དག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

ངས་ཉིན་མ་འདི་དག་ལ་བསམ་བློ་གཏོང་བ་ལས། གཞན་གང་ཡང་བྱེད་འདོད་མེད་པའི་མི་ཞིག་དུ་གྱུར་ནས་ཡོད། དོན་དངོས་ཐོག དོན་གནད་ཡོད་པའི་སྐད་ཆ་ཞིག་བཤད་འདོད་པའི་ཡིན་པ་འདྲ། རེད་དེ། དོན་གནད་ཡོད་པའི་སྐད་ཆ་གང་ཞིག་ངས་བཤད་ཤེས་ཀྱི་ཡོད་མེད་ཀྱི་རྒྱུན་རིམ་ལ་ཡང་འདང་བརྒྱབས་དུས། ངས་རང་ཉིད་ཀྱི་གདོང་མེ་ལོང་དུ་སྐོར་ནས། ཡ་རང་གིས་རང་ལ་ཞིབ་དུ་ལྟོས་དང་། ད་ལྟའི་བར་དུ་རང་ཉིད་ཀྱིས་གང་ཞིག་བྱས་ཡོད་དམ། གང་ཞིག་འཇོན་ཡོད་དམ། དངོས་ནས་བཤད་ན་བྱས་རྗེས་མེད་པ་དང་། ལས་ཀ་གང་ཡང་བྱེད་མ་མྱོང་བའི་མི་ཞིག་ལ་མཚོན་ན། གཞན་ཞིག་གིས་གང་ཞིག་བྱེད་བཞིན་པ་དང་བྱེད་མྱོང་བ། བྱེད་པར་ཕྱོགས་པ་དག་ལ་འདི་བྱེད་དགོས་པ་རེད། གན་བྱས་ན་ཡག་གི་རེད་ཅེས་བཤད་པའི་གླེན་སྙིང་དེ་ང་ལ་གང་ནས་བྱུང་བ་ཡིན་ནམ་སྙམ་ཞོར་དུ། ཕྱི་རོལ་ལ་བུད་ནས་ག་ལེར་བསམ་བློ་བསྟུད་མར་གཏོང་ཁུལ་བྱས། བསམ་བློའི་གྲུབ་འབྲས་ཟེར་བ་ཞིག་ཀྱང་ང་ལ་གསལ་བོ་ཞིག་མི་འདུག དོན་དངོས་སུ་ངས་དུས་ཚོད་ཆེས་མི་ཉུང་བ་ཞིག་དྲ་ཚིགས་སོ་སོར་ཉུལ་ནས་གཏོང་གི་ཡོད་པ་འདི་ལ་གྲུབ་འབྲས་ཤིག་ཐོབ་ཀྱི་ཡོད་དམ། རང་ལས་གཞན་ཞིག་གི་ཆེད་དུ། ཡང་ན་རིགས་རུས་གཅིག་པའི་སྤུན་གྲོགས་དག་གི་དཀའ་ཚེགས་ཆེ་བའི་ལོ་ཟླ་འདི་དག་ལ་འགྱུར་བ་ཞིག་ཐེབས་པའི་ཆེད་དུ། གང་ཡང་ཐུབ་མི་འདུག ཁ་འགུལ་བ་དང་སྟོང་བཤད་ཀྱིས་ཉིན་མ་འཕུད་ཤེས་པ་དེ་ཙམ་གྱིས་དོན་དག་གང་ཡང་འགྲུབ་ཀྱི་མེད་པ་ཏན་ཏན་རེད་འདུག མུ་མཐུད་དུ་བསམ་བློ་བཏང་།

 

བསམ་བློའི་ཁྲོད་ནས་རང་ཉིད་ས་གནས་ནས་ས་གནས། ཁོར་ཡུག་ནས་ཁོར་ཡུག གླིང་ཕྲན་ནས་གླིང་ཕྲན། མི་ཚོགས་ཀྱི་གཏམ་རྒྱུད། རིགས་གཞུང་གི་བར་ཁྱད། ཐོབ་ཐང་དང་རང་དབང་ཟེར་བའི་མཇུག་འབྲས། མི་ཚེའི་འདུན་མ་ཟེར་བའི་མི་ཞིག་གི་དགོས་འཁོ། སྐྱིད་སྡུག་ཟེར་བའི་འགྲོ་བ་མིའི་ཚོར་རྟོགས་ཀྱི་མྱོང་བྱང་། ཆོས་ལུགས་ཟེར་བའི་སྐྱེ་ཡུལ་རེ་རེ་ན་དར་བའི་གནའ་བོའི་མི་རིགས་དག་གིས་ཤུལ་བཞག་གི་དྲན་བརྟེན། མི་རིགས་ཟེར་བའི་གླེང་ན་ཚར་བ་མེད་པའི་རྙོག་གླེང་གི་ཟློས་གར། རང་གཞན་ཟེར་ནས་འཐབ་ཡུལ་ལྕི་མོ་ཞིག་གི་ཕྱོགས་ཞེན་དང་འགྲན་རྩོད། དབུལ་ཕྱུག་མཉམ་གནས་ཟེར་བའི་ཁ་གཡང་སྙན་མོའི་ཁྲོད་ཀྱི་རླུང་རྟ། བསམ་བློ་ཅི་ཙམ་བཏང་ན་དྲན་རྒྱུ་འགུལ་རྒྱུ་མེད་པར་གྱུར་ནས་འགྲོ་བའི་ང་། ཉིན་མ་འདི་དག་གི་རིང་དུ་བསམ་བློ་བཏང་བཏང་བའི་མཐར། དྲན་རྒྱུ་མེད་པར་གྱུར་ནས། རེ་ཞིག་རིང་། འདི་ལྟར་ངལ་གསོ་ཞིག་བྱས་ནས་བསྡོད་རྒྱུ་དེ་ནི་ཡག་ཤོས་ཤིག་ཡིན་པ་ཤེས་སོང་།

འབྲེལ་ཡོད་གསར་འགྱུར།

Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༦ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༢༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

༢༠༢༦/༠༤/༡༥

མཆན། 2

  1. ChongTsang says:
    ལོ་ 14 སྔོན།

    ངལ་གསོ་བྱོས།

    Reply
  2. kamgam says:
    ལོ་ 14 སྔོན།

    ངལ་གསོ་པ་ནི་ལུས་སེམས་ཀྱི་བདེ་ཐང་ཞིག་རེད།
    བསམ་བློ་ཅི་ཙམ་མིང་བ་ནི་ཡིད་ཀྱི་དཀའ་ངལ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese