མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཁྱབ་བསྒྲཊ་ཆེད་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་ཨ་རིའི་ཐུགས་རྗེ་ལེགས་འབུལ་དུས་དྲན་(Thanksgiving)ཞེས་པ་དེ་ཟླ་ ༡༡ ཚེས་ ༢༤ ལ་འཁེལ་ཡོད་སྟབས། ཉིན་དེར་ཨ་རིའི་རྒྱལ་ཡོངས་སུ་རྒྱང་ཐག་སྤྱི་ལེ་ ༢༡།༠༧ ( 13.1 Miles) ལྷག་གི་སར་རྒྱང་རྒྱུག་འགྲན་བསྡུར་(Marathon)བྱེད་ཀྱིན་ཡོད་པ་ལྟར། ཨ་རིའི་ཨེ་ཋི་ལན་ཌ་གྲོང་ཁྱེར་གྱི་རྒྱང་རྒྱུག་འགྲན་བསྡུར་ནང་། བོད་རིགས་བུ་མོ་སྐལ་བཟང་སྒྲོལ་དཀར་ལགས་ཀྱང་མཉམ་ཞུགས་ཀྱིས། མགོ་ལ་བོད་རང་བཙན་གྱི་འབོད་ཚིག་སྦྱར་ཞིང་། བོད་ཀྱི་རྒྱལ་དར་གྱི་སྟོད་གོས་གྱོན་ཏེ་བོད་དོན་ཁྱབ་བསྒྲགས་གནང་ལ། མཐར་ཁོང་མོར་ཟངས་ཀྱི་བྱ་དགའ་ཡང་ཐོབ་ཡོད་འདུག

དྲི་བ། ཐོག་མར་ཁྱེད་རང་ངོ་སྤྲོད་དང་འབྲེལ་ཐེངས་འདིའི་རྒྱང་རྒྱུག་འགྲན་བསྡུར་ནང་ཞུགས་དོན་སྐོར་ང་སྤྲོད་ཅིག་གནང་རོགས།  

ལན། ངའི་མིང་ལ་སྐལ་བཟང་སྒྲོལ་དཀར་ཟེར་གྱི་ཡོད།  ཨ་རིར་འབྱོར་ནས་ད་ལྟའི་བར་ལོ་ ༡༦ ཙམ་འགྲོ་བཞིན་ཡོད། ད་ལྟ་ཨེ་ཋིོ་ལན་ཌའི་གྲོང་ཁྱེར་འདིར་སྒེར་གྱི་ཚོང་ལས་གཉེར་ནས་བསྡད་ཡོད། ང་ཐོག་མ་གྲོང་ཁྱེར་འདིར་ཡོང་དུས་བློ་གསལ་གླིང་ཆོས་ཚོགས་དང་ཆོས་ཚོགས་ཀྱི་གྲྭ་བ་མ་གཏོགས། བོད་མི་གཞིས་སྡོད་བྱེད་མཁན་ཁ་ཤས་ལས་མི་འདུག  ས་གནས་འདིར་བོད་དོན་སྐོར་ལ་ཤེས་རྟོགས་ཡོད་མཁན་ཡང་ཆོས་ཚོགས་དང་འབྲེལ་བ་ཡོད་མཁན་ཉུང་ཤས་ཤིག་རེད། མི་གཞན་དང་སྐད་ཆ་བཤད་རྒྱུའི་གོ་སྐབས་རག་དུས་རང་གི་ཤེས་ཚོད་ཀྱིས་བོད་དོན་ངོ་སྤྲོད་བྱས་པ་ཡིན། ཡིན་ན་ཡང་། མི་གྲངས་ས་ཡ་ཁ་ཤས་ཡོད་པའི་གྲོང་ཁྱེར་འདིར་མི་རེ་རེར་སྐད་ཆ་བཤད་དགོས་ན་ཡོང་མི་སྲིད་པ་ལྟ་བུ་ཡིན་དུས་༼ རྒྱང་རྒྱུག་འགྲན་བསྡུར ༽ (marathon )འདི་འདྲར་བོད་ཀྱི་དར་ཆ་སོགས་ཀྱི་གོན་པ་གྱོན་ནས་འགྲོ་བ་དང་། རླངས་འཁོར་སྟེང་བོད་དང་འབྲེལ་བའི་སྦྱར་ཡིག་སྦྱར་བ་སོགས་བྱས་ཏེ། བོད་དོན་ཁྱབ་བསྒྲགས་ཕྲན་བུ་བྱ་ཐུབ་ན་བསམ་པ་ཡིན།  

དྲི་བ། ཁྱེད་རང་མི་གཅིག་གིས་དེ་ལྟར་བྱས་ན་བོད་དོན་ལ་གྲུབ་འབྲས་ཐོན་རྒྱུ་རེད་བསམ་པའི་རེ་བ་འདྲ་འདུག་གམ།

ལན། རེ་བ་ཡོད་ཡོད་པ་རེད།  ལྷག་པར་དུ་བོད་དོན་འཐབ་རྩོད་དེ་བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེ་གཅིག་པུའི་འགན་མ་རེད། བོད་པ་མི་རེ་ངོ་རེ་ནས་མི་རབས་ནས་མི་རབས་ལ་རྩོད་དགོས་ཀྱང་རྩོད་དགོས་པ་ཞིག་རེད།  མི་རེ་རེའི་ངོས་ནས་གང་ཐུབ་ཐུབ་ཀྱིས་ལས་འགུལ་ཆུང་ཆུང་དེ་འདྲ་སྤེལ་རྒྱུ་གལ་ཆེན་པོ་རེད་དྲན་གྱིན་ཡོད།

དྲི་བ། ད་ལྟའི་བར་དུ་རྒྱུག་འགྲན་འདི་འདྲར་ཐེངས་ག་ཚོད་ལ་ཞུགས་མྱོང་བ་དང་། དེ་དག་ཁྲོད་དུ་བྱ་དགའ་དེ་འདྲ་ཐོབ་མྱོང་ངམ།

ལན། བྱ་དགའ་ཟེར་ནས་དམིགས་བསལ་དེ་འདྲ་རག་མ་མྱོང་། རྒྱུག་འགྲན་གོ་སྒྲིག་བྱེད་མཁན་དང་རྒྱུག་འགྲན་ལ་ཞུགས་མཁན་ཚང་མར་མཚོན་ན་ཡང་བྱ་དགའ་ཐོབ་རྒྱུའིོ་ཆེད་དུ་མ་རེད། ཁོང་ཚོས་འདི་འདྲ་གོ་སྒྲིག་བྱེད་དུས། དེར་འཛུལ་ཞུགས་བྱེད་པར་ང་ཚོས་ངོས་ནས་ཉུང་མཐར་ཡང་ཨ་སྒོར་ ༥༠ ལྷག་ཡར་སྤྲོད་དགོས་པ་རེད། གྲོང་ཁྱེར་དང་མངའ་སྡེ་འདྲ་མིན་ནས་མི་སྟོང་ཕྲག་མང་པོ་འཛུལ་ཞུགས་བྱས་པ་ལ་བརྟེན་ནས་གོ་སྒྲིག་པར་དངུལ་ཕོན་ཆེན་གསོག་ཐུབ་པ་དང་། དངུལ་དེ་དག་གིས་སྐྲན་ནད་ཅན་དང་མི་རིགས་དང་རྒྱལ་ཁབ་སྐྱོ་བོ་ཁག  དེ་བཞིན་ཁེ་ལས་མ་ཡིན་པའི་ཚོགས་སྡེ་སོགས་ལ་རོགས་རམ་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་དེའི་ཕྱོགས་ལ་ཡིན་ནའང་ཕན་ཐོགས་ཀྱི་ཡོད་པ་རེད། ཐེངས་འདིའི་རྒྱུག་འགྲན་ཁྲོད་དུས་ཚོད་ངེས་ཅན་ནང་རྒྱང་ཐག་མཱེལ་ ༡༣།༡ (སྤྱི་ལེ་21.07) རྒྱུག་ཚར་ན་ཟངས་ཀྱི་རྟགས་མ་སྤྲོད་ཀྱིན་འདུག  ཐེངས་འདིར་ང་ལ་ཡང་ཟངས་ཀྱི་རྟགས་མ་དེ་ཐོབ་སོང་།

དྲི་བ། ཐེངས་འདིར་རྒྱུག་འགྲན་ནང་ཁྱེད་ཀྱིས་བོད་ཀྱི་རྒྱལ་དར་གྱོན་ཡོད་པ་སོགས་ལ་རྒྱུག་རོགས་གཞན་པ་ཚོར་དོ་སྣང་འདུག་གམ།

ལན། རྒྱུག་འགྲན་འདིར་ཞུགས་མཁན་མི་གྲངས་ ༩༠༠༠ ལྷག་འདུག དེ་ཚོ་ཚང་མ་ ABCD ཀྱི་གོ་རིམ་ལྟར་སྡེ་ཁག་ཁ་ཤས་ལ་བགོས་འདུག  ང་རང་སྡེ་ཁག་C རེད། རྒྱུག་ནས་འགྲོ་དུས་རྒྱུག་འགྲན་ཁྲོད་དུ་ཡོད་པའི་མི་མང་པོ་ངའི་མགོར་ (FREE TIBET)ཞེས་པའི་འཕྲེད་དར་གྱོན་ཡོད་པ་མཐོང་ནས་ “FREE TIBET” ཟེར་ནས་མཐེ་བོང་སྟོན་གྱི་འདུག  མི་མང་པོ་ཞིག་གིས་དེ་ལྟར་ང་ཚོ་བོད་ལ་རྒྱབ་སྐྱོར་དང་བརྩེ་སེམས་ཡོད་པའི་རྣམ་འགྱུར་སྟོན་དུས། རྒྱུག་དུས་ཐང་ཆད་རྒྱུ་ཡང་མེད་པ་ལྟ་བུ་འདུག གསར་འགོད་པ་མང་པོས་པར་ལེན་པ་དང་། བརྙན་ཕབ་སོགས་བྱས་སོང་། ཡིན་ནའང་ཁོང་ཚོ་ལམ་འགྲམ་དུ་ཡོད་དུས་བཅར་འདྲི་དེ་འདྲ་བྱས་མ་སོང་།  

དྲི་བ། གྲོང་ཁྱེར་འདིར་མཚོན་ན་རྒྱ་རིགས་ཀྱང་འབུམ་ཁ་ཤས་ཡོད་ཚོད་འདུག་པས། ཐེངས་འདིར་རྒྱ་རིགས་ཚོར་ཐུག་ཡོད་མེད་དང་། མ་འོངས་པར་རྒྱུག་འགྲན་འདི་འདྲ་ཞུགས་འདོད་ཡོད་དམ།

ལན། སྤྱིར་བཏང་གི་ཆ་ནས་རྒྱ་རིགས་མང་པོ་ཡོད་པ་རེད། རྒྱུག་འགྲན་སྐབས་སུ་ཨེ་ཤ་ཡ་ནས་ཡིན་པ་ཙམ་མ་གཏོགས་རྒྱ་རིགས་ཡིན་མིན་མི་ཤེས་པ་དེ་འདྲ་འདུག  ཡིན་ན་ཡང་དེ་ཚོ་དང་མཉམ་དུ་དམིགས་བསལ་གྱི་སྐད་ཆ་འདྲ་བཤད་རྒྱུ་མ་བྱུང་། བོད་དོན་ཁྱབ་བསྒྲགས་བྱེད་རྒྱུ་ནི་ང་རང་བོད་མི་ཞིག་ཡིན་པའི་ཆ་ལས་འོས་འགན་ཆགས་ཡོད་དུས། ཐེངས་རྗེས་མར་མཱེལ་ ༢༢།༢ (སྤྱི་ལེ་35.75) ཅན་གྱི་རྒྱུག་འགྲན་དེར་ཡང་ཞུགས་རྒྱུའི་གྲ་སྒྲིག་ཡོད།

དྲ་བ། ཁྱེད་རང་ལས་བྲེལ་གྱི་གསེང་ནས་དུས་ཚོད་བཏོན་ནས་བཅར་འདྲི་དང་ལེན་གནང་བ་ཐུགས་རྗེ། ད་ཁྱེད་རང་ལ་དམིགས་བསལ་གྱིས་གསུངས་འདོད་པ་དེ་འདྲ་ཡོད་དམ།

ལན། བོད་དོན་འཐབ་རྩོད་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་ཞུ་རྒྱུ་དང་། ཁོང་ཚོའི་ནང་མི་རྣམ་པར་གདུང་སེམས་མཉམ་སྐྱེད་ཡོད་ཞུ་རྒྱུ་ལས་གཞན་དམིགས་བསལ་གྱིས་ཞུ་རྒྱུ་མེད།  ཐུགས་རྗེ་ཆེ།

ཨ་རིའི་ཐུགས་རྗེ་ལེགས་འབུལ་(Thanksgiving)ཉིན་མོ་ནི་ཨ་རིའི་ལོ་རྒྱུས་རང་བཞིན་གྱི་དུས་ཆེན་ཞིག་ཡིན་ཞིང་། ཡོངས་གྲགས་སུ་ཡུ་རོབ་ཁུལ་གྱི་མི་རིགས་དཀར་པོ་རྣམས་བྱང་ཨ་རིར་ཐོག་མར་འབྱོར་སྐབས། ཆུ་མ་འཕྲོད་པ་དང་ཟས་གོས་གནས་མལ་སོགས་འཚོ་བའི་མཐུན་རྐྱེན་སྒྲུབ་མ་ཐུབ་པས་མི་གྲངས་སྤྱིའི་བརྒྱ་ཆ་ ༥༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་ཅིང་། སྐབས་དེར་ཨ་རིའི་གདོད་མའི་མི་རིགས་ཀྱིས་ཁོང་ཚོར་ཟས་གོས་གནས་མལ་མཁོ་འདོན་དང་། ཞིང་ཕྱུགས་འདེབས་ལས་སོགས་ཀྱི་ཐབས་ལམ་བསླབས་ཏེ་ཁོང་ཚོ་འཚོ་གནས་བྱེད་ཐུབ་པ་ཆགས་ཡོད་སྟབས། གདོད་མའི་མི་རིགས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དུ་དུས་དེ་ཙམ་ནས་མགོ་འཛུགས་པའི་སྲོལ་རྒྱུན་ཞིག་ཡིན་པར་བཤད།

ས་གནས་གསར་འགོད་པ། སངས་རྒྱས་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༦ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༡ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

མཆན། 9

  1. ཁ་བའི་རྡུལ་བརྩེགས། says:
    ལོ་ 15 སྔོན།

    བུ་མོ་སྒྲོལ་དཀར་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  2. ཤག་སྒང་པ། says:
    ལོ་ 15 སྔོན།

    སྐལ་བཟང་སྒྲོལ་དཀར་ལགས། འདི་ནི་དོན་དམ་པའི་བོད་དོན་ཁྱབ་བསྒྲགས་ཤིག་ཡིན་པས་ཡིད་སེམས་དགའ་ཞིང་སྤྲོ་ནས་ཡོད། ད་དུང་མུ་མཐུད་ཅིག

    Reply
  3. བརྩོན་རྒྱམ། says:
    ལོ་ 15 སྔོན།

    སྐལ་བཟང་སྒྲོལ་དཀར་ལགས་ལ་བཀྲིས་བདེ་ལེགས་ཞུ།  བོད་མི་རིགས་ཟེར་པ་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་ཞིག་ཡིན་ཟེར་པ་བཞིན་ད་ཐང་ཡང་སྐལ་བཟང་སྒྲོལ་དཀར་ལགས་ཀྱི་བོད་དོན་ཁྱབ་བསྒྲགས་གནང་པ་འདི་དོན་དམ་གཟི་བརྗིད་མངོན་པ་ཞིག་རེད།

    Reply
  4. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ད་ནངས་ཆབ་མདོ་ནས་སྟན་འཛིན་ཕུན་ཚོགས་ཟེར་བ་ཞིག་གིས་རང་ལུས་མེར་སྲེག་བཏང་འདུག ཁོང་ནི་རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་༡༣ པ་རེད"ཅེས་གྲོགས་པོ་ཞིག་གི་འཕྲིན་ཐུང་ནས།

    Reply
  5. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ཐབས་ལམ་ཡག་པོ་དང་གོ་སྐབས་དམ་འཛིན་གྱིས། བོད་དོན་ཁྱབ་བསྒྲག་ལེགས་པོ་གནང་འདུག་པས་ཐུགས་རྗེ་ཆེ་ཞུ། མ་ཟད་མུ་མཐུད་ནས་བྱ་བ་གང་བརྩམ་ལམ་འགྲོ་ཡོང་བར་སྨོན།

    Reply
  6. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    གཉེན་ཞིང་བརྩེ་བའི་བུ་མོ་སྐལ་བཟང་སྒྲོལ་དཀར་ལགས་སུ། ཁྱེད་རང་གིས་རང་རེ་བོད་ཀྱི་བདེན་དོན་ཆེད་དེ་ལྟ་བུའི་ལས་འགུལ་སྤེལ་བར་སྙིང་ནས་དགའ། ཡིན་ནའང་མ་འོངས་པར་ད་དུང་ལས་འགུལ་དེ་འདྲའི་ནང་ཞུགས་ཚེ་སྡེ་ཚན་ C ནང་མ་ཞུགས་པར་གཞན་ཞིག་ཏུ་ཞུགས་ཐུབ་ན་རྟེན་འབྲེལ་ལ་བཟང་ངོ་ཤར། C ཞེས་པ་དེ་ China ཞེས་པར་གོ་ཉེན་འདུག

    Reply
  7. དོན་འགྲུབ། says:
    ལོ་ 15 སྔོན།

    ཨ་རིར་གནས་སྡོད་སྐལ་བཟང་སྒྲོལ་དཀར་ལགས་ཀྱིས་བོད་དོན་ཁྱབ་བསྒྲགས་ཆེད་དུ་ལས་འགུལ་དེའི་ནང་འཛུལ་ཞུགས་བྱས་པར་བསྔགས་བརྗོད་དང་། རྗེས་ཕྱོགས་སུ་ཡང་མོ་ལྟར་བོད་མི་མི་རེ་ངོ་རེའི་ངོས་ནས་རང་ནུས་གང་ཡོད་ཀྱིས་བོད་དོན་ཆེད་ཕྱག་ལས་གནང་རྒྱུའི་གོ་སྐབས་བཙལ་ནས་གང་ཐུབ་ཐུབ་འབད་བརྩོན་གནང་རྒྱུའི་རེ་བ་ཡོད།

    Reply
  8. ཆོས་བཟང་། says:
    ལོ་ 15 སྔོན།

    བུ་མོ་ཁྱོད་རེ་བཟང་། དེང་སྐབས་ཀ་ལུ་སྤྲུལ་སྐུ་ཟེར་བ་ཞིག་ཡོད་པ་དེའི་རིགས་ཀྱི་བླ་རྫུན་ཞབས་འདྲེན་འབུམ་ཕྲག་བོད་ལ་ཡོད་པ་ལས་ཀྱང་། ཁྱོད་འདྲའི་བུ་མོ་ཞིག་ངེད་པ་ཚང་ལ་སྐྱེས་ན་དེས་བཟང་།

    བདེ་ཤིས་བདེ་ལེགས་ཡོད།

    Reply
  9. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    ཕ་བཟང་བུ་མོ་རིགས་བཟང་མ་དངོས་གནས་ལས་འགུལ་འདི་འདྲར་ཞུགས་ཐུབ་པར་ཐུགས་རྗེ་ཆེ་ཞེས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese