མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཇི་དང་ཨེ་རན་བར་གྱི་ཕྱི་འབྲེལ་སྲིད་བྱུས་ཛ་དྲག་ཏུ་གྱུར།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཨེ་རན་ནང་གི་དབྱིན་ཇིའི་གཞུང་ཚབ་ཁང་ལ་གཏོར་རྒོལ་ཐེབས་རྗེས། དབྱིན་གཞུང་གིས་ཨེ་རན་ནང་གི་དབྱིན་ཇིའི་གཞུང་ཚབ་ཕྱིར་འཐེན་དང་། ཆུ་ཚོད་ ༢༤ ནང་དབྱིན་ཡུལ་གྱི་ཨེ་རན་གཞུང་ཚབ་ཕྱིར་འཐོན་དགོས་པའི་ཐག་གཅོད་བྱས་ཡོད་ཅིང་། རྒྱལ་ཁབ་གཞན་ཁག་ཅིག་གིས་ཀྱང་ཨེ་རན་དང་ཕྱི་འབྲེལ་མཚམས་འཇོག་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་གོ་སྐབས་བཟུང་སྟེ་ཨེ་རན་ཕྱོགས་ནས་ཁེ་བཟང་ལེན་རྒྱུར་འབད་ཀྱིན་ཡོད་འདུག

ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་ཨེ་རན་རྒྱལ་ས་ཊེ་རན་(Tehran) ནང་མི་མང་བརྒྱ་ཕྲག་འགའ་འདུས་ཏེ་དབྱིན་ཇིའི་གཞུང་ཚབ་སྟེང་དྲག་རྒོལ་གྱིས་གཞུང་ཚབ་ཁང་དང་ལས་བྱེད་ཀྱི་སྡོད་ཁང་བཅས་ལ་གཏོར་སྐྱོན་བཏང་ཞིང་།  དབྱིན་ཇིའི་རྒྱལ་དར་དང་གཞུང་ཚབ་ཁང་གི་རླངས་འཁོར་སོགས་མེར་བསྲེགས་བཏང་ཡོད་ལ། དབྱིན་ཇིའི་གཞུང་ཚབ་ཨེ་རན་ནས་ཕྱིར་འཕུད་གཏོང་དགོས་པའི་སྐད་འབོད་བྱས་ཡོད་ཅིང་། སྐབས་དེར་དབྱིན་ཇིའི་གཞུང་ཚབ་དང་ལས་བྱེད་རྣམས་གཞུང་ཚབ་ཁང་གི་སྟག་སྒོ་བརྒྱུད་ཕྱིར་བྲོས་ཡོད་འདུག མི་མང་སྐོར་ཞིག་ཨེ་རན་གྱི་ཁཱོ་ལཀ་ཁྲོང་ཁྱེར་ནང་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཤིག་ཡོད་པ་དེར་ཡང་ཕར་རྒོལ་གྱིས་གཏོར་སྐྱོན་བཏང་ཡོད་འདུག དེ་ནི་ཨེ་རན་གྲོས་ཚོགས་ནང་དབྱིན་གཞུང་དང་ཕྱི་འབྲེལ་ཇེ་ཉུང་དུ་གཏོང་རྒྱུར་མང་མོས་ཐག་གཅོད་བྱས་རྗེས་བྱུང་པ་ཞིག་ཡིན་འདུག

 

དོན་རྐྱེན་བྱུང་རྗེས་དབྱིན་ཇིའི་སྲིད་བློན་ཁཱ་མེ་རོན་གྱིས་ཨེ་རན་ནང་གི་དབྱིན་ཇིའི་གཞུང་ཚབ་སྟེང་མི་མང་གིས་རྒོལ་གཏོར་བཏང་བར་ཨེ་རན་གཞུང་གིས་འགོག་སྲུང་ནན་མོ་མ་བྱས་པ་དེ་ནི་ངོ་གནོང་དགོས་པའི་གནད་དོན་ཞིག་ཡིན་པ་དང་། དོན་རྐྱེན་དེའི་ཐད་ཨེ་རན་གཞུང་རྒྱལ་སྤྱིའི་ཕྱི་འབྲེལ་ཁྲིམས་གཞི་དང་འགལ་ཡོད་སྟབས། མཇུག་འབྲས་ཚབས་ཆེན་ཡོང་ངེས་པའི་ཉེན་བརྡ་བཏང་ཡོད་ལ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཡུ་རོབ་མཐུན་ཚོགས། རྒྱལ་ཚོགས་བདེ་འཇགས་ལྷན་ཁང་། འཇར་མན། ཧྥ་རན་སི། རཱ་ཤི་ཡ་སོགས་ཀྱིས་ཀྱང་ཨེ་རན་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། དོན་རྐྱེན་དེའི་ཐད་ཨེ་རན་གཞུང་གིས་བློ་ཕམ་ཆེན་པོ་ཡོད་ཚུལ་དང་། ཕར་རྒོལ་བྱེད་མཁན་ཚོར་ཉེས་ཆད་གཏོང་ངེས་ཡིན་ལུགས་བརྗོད་ཡོད་ཀྱང་། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་གཞུང་ཚབ་ལ་ཕར་རྒོལ་བྱེད་མཁན་ཚོའི་རྒྱབ་དུ་སྲིད་གཞུང་གི་དཔོན་རིགས་ཡོད་པ་དང་། གཞུང་ཚབ་ལས་བྱེད་དང་དོན་གཅོད་སོགས་ཀྱི་ལས་ཤག་ལ་གཏོར་བཤིག་དང་། གཞུང་ཚབ་ཁང་ལ་མེ་སྒྲོན་པ། གཞུང་ཚབ་ཁང་གི་རྒྱུ་དངོས་རྐུ་འཁྱེར་སོགས་བྱས་ཡོད་པར་བརྗོད་འདུག

 

ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་དབྱིན་ཇིའི་གྲོས་ཚོགས་ནང་ཕྱི་སྲིད་བློན་ཆེན་ཝེ་ལེམ་(William Hague) གྱིས་ཨེ་རན་ནང་གི་དབྱིན་ཇིའི་གཞུང་ཚབ་དང་ལས་བྱེད། ཁོང་ཚོའི་ནང་མི་བཅས་ཕྱིར་འཐེན་བྱས་ཡོད་པ་མ་ཟད། ཆུ་ཚོད་ ༤༨ ནང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཨེ་རན་གཞུང་ཚབ་དང་ལས་བྱེད་རྣམས་དབྱིན་ཡུལ་ནས་ཕྱིར་འཐོན་དགོས་པའི་ཁྱབ་བསྒྲགས་བྱས་ཡོད་ལ། རྒྱལ་ཁབ་གང་ཞིག་གིས་གནད་དོན་འདི་ལ་འགོག་རྐྱེན་དང་ཁོང་ཚོའི་རྒྱལ་ཁོངས་སུ་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ལ་དཀའ་ངལ་སྤྲད་ཚེ། རྒྱལ་ཁབ་དེའི་གཞུང་ཚབ་དབྱིན་ཡུལ་དུ་གནས་རྒྱུར་རེ་བ་མ་བྱེད་ཅེས་བསྒྲགས་འདུག ཉིན་དེར་འཇར་མན་དང་ཧྥ་རན་སི། ནེ་ཐཱར་ལན་ཌི་བཅས་ཀྱིས་ཨེ་རན་ནང་གི་སོ་སོའི་གཞུང་ཚབ་དག་ལ་ཛ་དྲག་གི་ཚོགས་འདུ་འཚོགས་དགོས་སྐོར་བརྗོད་ཅིང་། ནོར་ཝེ་གཞུང་གིས་གནས་སྐབས་རིང་ཨེ་རན་ནང་གི་གཞུང་ཚབ་སྒོ་བརྒྱབ་ཡོད་འདུག

ཨེ་རན་ནང་གི་དོན་རྐྱེན་དེ་དང་འབྲེལ་ཏེ་ཡུ་རོབ་མཐུན་ཚོགས་ཀྱི་བློན་ཆེན་ལྷན་ཚོགས་ནང་། ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་མི་རྣམས་རྒྱལ་སྤྱིའི་སྲིད་གཞུང་གཞན་དག་དང་མཉམ་འབྲེལ་ཐོག ཨེ་རན་གྱི་རྡུལ་ཕྲན་མཚོན་ཆའི་ལས་གཞིར་འགོག་རྒོལ་བྱ་ཕྱིར་ཨེ་རན་གྱི་སྐྱེལ་འདྲེན་ཚོང་ལས་སྡེ་ཚན་དང་(Transport sector) དང་ནུས་ཤུགས་སྡེ་ཚན་(energy sector) བཅས་དམིགས་འབེན་གཙོ་བོར་བཟུང་སྟེ། ཨེ་རན་གྱི་དཔལ་འབྱོར་སྲིད་ཇུས་སྟེང་གནོན་ཤུགས་སྤྲོད་རྒྱུའི་གྲོས་གཞི་བཏོན་ཡོད་ཀྱང་།  ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་ཨེ་རན་གྱི་རྡོ་སྣུམ་དབོར་འདྲེན་མཚམས་འཇོག་བྱ་རྒྱུར་ངོས་ལེན་མ་བྱས་སྟབས། གྲོས་དོན་དེ་ཐག་གཅོད་བྱུང་ཐུབ་མེད་པ་དང་། གནད་དོན་དེའི་ཐད་དཔྱད་བརྗོད་པ་དག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨེ་རན་དང་ཚོང་འབྲེལ་མཚམས་འཇོག་བྱས་པ་དེས། ཨ་རི་དང་དབྱིན་ཇི་སོགས་འབྱོར་ལྡན་རྒྱལ་ཁབ་དག་ལ་ཤུགས་རྐྱེན་ཆེར་ཐེབས་མི་སྲིད་ཀྱང་། ཡུ་རོབ་གླིང་གི་དཔལ་འབྱོར་སྐྱོ་བོའི་རྒྱལ་ཁབ་དག་ལ་ཨེ་རན་གྱི་ཕྱི་འབྲེལ་བརྒྱུད་རྡོ་སྣུམ་དབོར་འདྲེན་གྱི་ལས་གཞི་མཚམས་འཇོག་བྱས་པ་དེས་གྱོང་གུད་ཆེན་པོ་རག་རྒྱུ་ཡིན་ཚུལ་བརྗོད།

ཨེ་རན་ནང་ཡོད་པའི་དབྱིན་ཇིའི་གཞུང་ཚབ་སྟེང་དྲག་རྒོལ་བྱས་པའི་རྒྱུ་རྐྱེན་ནི། ཕྱི་ཟླ་ ༡༡ པའི་ཚེས་མགོར་རྒྱལ་ཚོགས་རྡུལ་ཕྲན་ཞིབ་བཤེར་སྡེ་ཚན་(UN nuclear watchdog) གྱིས་ཨེ་རན་གཞུང་གིས་རྒྱལ་སྤྱིའི་ཁྲིམས་གཞིར་རྩིས་མེད་ཀྱིས་གསང་པའི་ཐོག་རྡུལ་ཕྲན་མཚོན་ཆའི་ལས་གཞི་རྒྱ་སྐྱེད་བྱེད་ཀྱི་ཡོད་པའི་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་རྗེས། ཨ་རི་དང་ཁེ་ནཱ་ཌ། དབྱིན་གཞུང་བཅས་ཀྱིས་ཨེ་རན་ལ་སྐྱོན་བརྗོད་དང་ཨེ་རན་གྱི་དབུས་དངུལ་ཁང་གི་ལས་དོན་ཐོག་དམ་དྲག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། དབྱིན་ཇི་གཞུང་གིས་ཨེ་རན་དང་འབྲེལ་བ་ཡོད་པའི་དབྱིན་ཇིའི་དངུལ་ཁང་ཚང་མ་མཚམས་འཇོག་བྱས་པར། ཨེ་རན་གྲོས་ཚོགས་ནང་གླེང་སློང་ཤུགས་ཆེན་བྱུང་སྟེ་དབྱིན་གཞུང་དང་ཕྱི་འབྲེལ་སྲིད་ཇུས་ཇེ་ཉུང་དུ་གཏོང་རྒྱུར་མང་མོས་ཐག་གཅོད་བྱུང་ཡོད་སྟབས། མི་མང་གིས་དབྱིན་ཇི་གཞུང་ཚབ་སྟེང་དྲག་རྒོལ་བྱས་ཡོད་ཅིང་། དྲག་རྒོལ་པའི་ཁྲོད་ཀྱི་མི་མང་ཆེ་བ་དམག་སྦྱོང་སློབ་གྲྭའི་སློབ་མ་ཡིན་འདུག

 

རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་དག་གིས་ཨ་རི་དང་དབྱིན་གཞུང་གཉིས་ཀྱིས་ཨེ་རན་ཐོག་དཔལ་འབྱོར་སྲིད་ཇུས་དམ་དྲག་བྱས་པ་དེས་སྲིད་གཞུང་གཞན་དག་ཀྱང་ཨེ་རན་དང་མཉམ་དུ་ཚོང་འབྲེལ་བྱ་རྒྱུར་དཀའ་ངལ་འཕར་མ་ཞིག་བཟོས་ཡོད་ཀྱང་། རྒྱ་ནག་གིས་ཨེ་རན་དང་མཉམ་དུ་ཚོང་འབྲེལ་ཤུགས་ཆེ་རུ་བཏང་སྟེ་རྒྱ་ནག་ལ་རྡོ་སྣུམ་སྐྱེལ་འདྲེན་དང་རྒྱ་ནག་གི་བཟོ་ལས་ཐོན་རྫས་ཨེ་རན་ནང་གཏོང་པའི་ལས་གཞི་རྒྱ་རུ་གཏོང་བཞིན་ཡོད་པ་དང་། བྷི་བྷི་སིའི་རྒྱལ་སྤྱིའི་ཕྱི་འབྲེལ་དཔྱད་ཞིབ་པ་མར་ཁུ་སི་(Jonathan Marcus)ཡིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོས་ཨེ་རན་ལ་གནོན་ཤུགས་སྤྲོད་བཞིན་པར་རྒྱུ་མཚན་གཙོ་བོ་གཉིས་ཀྱི་ཐད་ནས་གླེང་གི་ཡོད་པ་རེད། དང་པོ། ཨེ་རན་གྱི་ཚོང་ལས་ཚུད་པའི་ཕྱི་འབྲེལ་སྲིད་ཇུས་ཐད་གནོན་ཤུགས་སྤྲད་དེ་རྡུལ་ཕྲན་མཚོན་ཆའི་ལས་གཞི་བཀག་འགོག་བྱ་རྒྱུ་དང་། གཉིས་པ། རྒྱལ་ཁབ་གཞན་ནང་ཡོད་པའི་ཨེ་རན་གྱི་ཚོང་ལས་སྡེ་ཚན་དང་ཚོང་པ་སྒེར་པ་རྣམས་ཀྱི་ཚོང་ལས་སྒོ་རྒྱག་གི་འཇུག་ཅིང་། རྒྱལ་ཁབ་ཕན་ཚུན་བར་འགྲོ་སྐྱོད་དང་ཚོང་ལས་བྱེད་མ་བཅུག་ཚེ། ཁོང་ཚོས་ཨེ་རན་གཞུང་ལ་གནད་དོན་དེར་གྲོས་མོལ་ཐག་གཅོད་བྱ་དགོས་པའི་སྐུལ་མ་བྱ་རྒྱུ་བཅས་ལ་དམིགས་ཡོད་པར་བརྗོད་འདུག

༡༩༧༩ ལོར་ཨེ་རན་གསར་བརྗེ་བྱུང་རྗེས་དབྱིན་ཇི་དང་ཨེ་རན་བར་གྱི་ཕྱི་འབྲེལ་གནས་བབ་ཧ་ཅང་སྐྱོ་བོར་གྱུར་ཡང་། ཕྱི་ལོ་ ༡༩༨༨ ལོ་ནས་རྒྱལ་ཁབ་གཉིས་བར་བསྐྱར་དུ་ཕྱི་འབྲེལ་བྱུང་ཡོད་པ་དང་། ༡༩༩༩ ལོ་ནས་རྒྱལ་ཁོངས་ཕན་ཚུན་ནང་གཞུང་ཚབ་བཙུགས་ཏེ་ཕྱི་འབྲེལ་གོང་འཕེལ་ཆེ་ཆེར་ཕྱིན་ཡོད། ༢༠༠༩ ལོར་ཨེ་རན་གྱི་རྡུལ་ཕྲན་མཚོན་ཆའི་ལས་གཞི་ལ་དབྱིན་གཞུང་གིས་ངོ་རྒོལ་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་བསྐྱར་དུ་ཛ་དྲག་ཏུ་གྱུར་ཡོད།  

 གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༧ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 5

  1. དུག་མདའ། says:
    ལོ་ 15 སྔོན།

    ཨ་རི་སོགས་ཀྱིས་ཨེ་རན་སོགས་རྡོ་སྣུམ་རྒྱལ་ཁབ་དག་དཀོན་མཆོག་གིས་ཁོ་ཚོ་ལ་གནང་བར་འདོད་བཞིན་པས། བོད་ཁ་བ་ཅན་རྒྱ་ནག་ལ་བསྐྲུན་པར་ཡང་ངོས་ལེན་མི་བྱེད་ཀ་མེད་རེད།

    Reply
  2. གཤིན་རྗེ་ནག་པོ། says:
    ལོ་ 15 སྔོན།

    དབྱིན་ཇི་དང་ཨ་རི་སོགས་ནུབ་ཕྱོགས་པ་དག་གིས་ཁྱི་སྤྱང་ངན་འབྲེལ་ཐོག་ནས་འཛམ་གླེང་ལ་ལག་པ་བརྐྱངས་ཡོད་པ་རེད་ལ། གལ་ཏེ་ཆོས་ལུགས་དང་མི་རིགས་གཞན་པའི་ཤར་ཕྱོགས་པ་དག་གི་སྟོབས་ཤུགས་ཅུང་ཟད་གང་ནས་འཕར་ཡོང་གི་ཡོད་ན། དེར་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།

    འཛམ་གླེང་ཤར་ཕྱོགས་སུ་གནད་དོན་འདི་ཤེས་པའི་མི་རྒན་རེ་བྱུང་ལས་མེད་ལ། དེ་དག་གིས་ཀྱང་ཞི་བའི་གཡོ་འཕྲུལ་གྱིས་མ་ཐུབ་པས་དྲག་པོ་དང་མངོན་གསལ་དོད་པོས་ཁ་བཏད་བཅག་པ་ན། ཁོང་ཚོས་འགའ་རེ་མངོན་སུམ་འཛེམ་མེད་ཀྱིས་དམག་རྒྱབ་ནས་བཅོམ་ཡོད་ཅིང་། འགའ་རེ་རང་གི་མི་དམངས་བསྐུལ་སློང་བྱས་ནས་བསད་ཡོད་པ་རེད།

    དེ་ཡང་ཞི་བའི་ཐོགས་ནས་ཕར་གནོན་ཤུགས་སྤྲོད་མི་ཐུབ་པའི་རྒྱུ་རྐྱེན་ནི་གཉིས་ཏེ། དང་པོ་ནི་མི་དམངས་གཉིད་ལས་སད་མ་ཐུབ་པས་ཡིན་ལ། གཉིས་པ་ནི་ཤེས་ལྡན་པར་རློམ་པ་ནས་ཚོང་པ་ཐེབ་ཆག་བར་ནུབ་ཕྱོགས་པའི་སྨྱོ་ཆུ་བཏུངས་དྲག་པས་རེད།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ནུབ་ཕྱོགས་པའི་རྒྱལ་ཁབ་འདི་ཚོ་་་་ཉམ་ཆུང་རྒྱལ་ཁབ་ལ་དབང་ཡོད་བྱེད་དགོས་ན་ངར་མ་ཡོད་རེད། གོང་ཁྲན་ཏང་ཐུག་དུས་སྣ་རིང་པོའི་འོག་གི་ཁ་དེར་ཉག་ཉག་ཆགས་འགྲོ་གི་རེད། ཚོང་འབྲེལ་བཤད་ཀྱི་རེད། ཁེ་ཕན་བཤད་ཀྱི་རེད།

    Reply
  4. ཤག་སྒང་པ། says:
    ལོ་ 15 སྔོན།

    གསར་འགོད་པས་གནས་ཚུལ་ཡག་པོ་ཞིག་བཏང་ནས་འདུག ཐུགས་རྗེ་ཆེ།

    Reply
  5. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    སྤྱི་ཚོགས་ཀྱི་འགལ་ཟླ་ནི་ནམ་ཡིན་ཡང་སངས་ཐབས་དཀའ་ནི་རེད་་་་འདི་ལྟར་མུ་མཐུད་འགྲོ་དགོས་པ་ཡིན་པས་ཧང་སང་ཅི་ལ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese