མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་མི་མང་དམངས་གཙོར་དགའ་མོས་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་ཧན་ཆིག་དུས་བབ་གསར་ཤོག་གིས་རྒྱ་ནག་མི་མང་གི་བསམ་ཚུལ་བསྡུ་རུབ་སྐབས།  བརྒྱ་ཆ་ ༩༠ དམངས་གཙོ་ནི་སྤྱི་ཚོགས་ལམ་ལུགས་ཡག་ཤོས་ཡིན་པའི་ངོས་འཛིན་བྱས་འདུག

ཟླ་སྔོན་མའི་ནང་རྒྱ་ནག་ཧན་ཆིག་དུས་བབ་གསར་ཤོག་གིས་རྒྱ་ནག་མང་ཚོགས་ཁྲོད་དམངས་གཙོའི་བཅོས་སྒྱུར་ཐད་བསམ་ཚུལ་བསྡུ་ལེན་གྱི་ཉམས་ཞིབ་བྱ་འགུལ་ཞིག་སྤེལ་ཡོད་པ་དང་།  ཉམས་ཞིབ་ཀྱི་མཇུག་འབྲས་ལ་མི་མང་བརྒྱ་ཆ་ ༩༠ ཡིས་དམངས་གཙོ་ནི་སྤྱི་ཚོགས་ལམ་ལུགས་ཡག་ཤོས་ཡིན་པའི་ངོས་འཛིན་གནང་ཡོད་འདུག  ཧན་ཆིག་དུས་བབ་གསར་ཤོག་ནི་རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་གསར་ཤོག་གི་སྟེང་འཛིན་འོག་ཡོད་པའི་རྒྱལ་སྤྱི་རང་བཞིན་གྱི་གསར་ཤོག་ཅིག་ཡིན་པར་མ་ཟད། ལྷག་པར་དུ་འབྱུང་འགྱུར་གྱི་ལོ་རྗེས་མའི་ནང་རྒྱ་གཞུང་གི་མཐོ་རིམ་མགོ་ཁྲིད་ཚོ་བརྗེ་སྤོར་བྱེད་དགོས་ཀྱི་ཡོད་སྟབས། དུས་མཚམས་གནད་འགག་ཅན་དེ་འདྲ་ཞིག་ལ་རྒྱ་ནག་ནང་དམངས་གཙོའི་བཅོས་སྒྱུར་ཐད་བསམ་ཚུལ་བསྡུ་ལེན་གྱི་བྱ་འགུལ་སྤེལ་ཏེ་གྲངས་འབོར་ཕྱིར་བསྒྲགས་བྱས་པ་དེར། རྒྱལ་སྤྱིའི་གསར་ལམ་ཁག་གིས་དོན་སྣང་ཤུགས་ཆེན་བྱེད་བཞིན་ཡོད་འདུག 

ཧན་ཆིག་དུས་བབ་གསར་ཤོག་གིས་མང་ཚོགས་ཁྲོད་བསམ་ཚུལ་བསྡུ་ལེན་གྱི་བྱ་འགུལ་དེ་ནི།  ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༥ ནས་ ༢༩ བར་ཉིན་ལྔའི་རིང་། རྒྱ་ནག་པེ་ཅིན་དང་། ཧྲང་ཧེ། ཀུང་ཀྲིག ཁྲང་ཧྲ། ཁྲིན་ཏུ། ཞི་ཨན། ཧྲན་ཡཱང་སོགས་གྲོང་ཁྱེར་ཆེ་ཁག་ ༧  ནང་སྤེལ་ཡོད་པ་དང་། ཁྱོན་བསྡོམས་བསམ་ཤོག་ ༡༠༠༩ ལྷག་བསྡུ་རུབ་བྱས་ཡོད་འདུག

ཧྥ་རན་སིའི་རླུང་འཕྲིན་གསར་ཁང་གིས་ཧན་ཆིག་དུས་བབ་གསར་ཤོག་གི་དམངས་གཙོའི་བསམ་ཚུལ་བསྡུ་རུབ་སྐོར་གྱི་གནས་ཚུལ་སྤེལ་བའི་ནང་།  དེང་སྐབས་དམངས་གཙོའི་ཐ་སྙད་དེ་རྒྱ་ནག་སྤྱི་ཚོགས་ནང་སྔར་ལས་ལྷག་པར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཐེངས་འདིར་དམངས་གཙོ་བཅོས་བསྒྱུར་དང་འབྲེལ་བའི་རྣམ་གྲངས་ཁ་ཤས་ཐད་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་བྱས་སྐབས། མཉམ་ཞུགས་གནང་མཁན་མང་ཚོགས་ཀྱི་བརྒྱ་ཆ་ ༨༧་༢ ཀྱིས་དམངས་གཙོ་ནི་སྤྱི་ཚོགས་ལམ་ལུགས་ལེགས་པོ་ཞིག་ཡིན་པའི་ངོས་འཛིན་དང་། བརྒྱ་ཆ་ ༧༧་༢ ཀྱིས་དམངས་གཙོ་ནི་རྒྱལ་སྤྱིའི་འཕེལ་འགྱུར་གྱི་ཁ་ཕྱོགས་ཤིག་ཡིན་པའི་ངོས་འཛིན་བྱས་ཡོད་པར་མ་ཟད།   མི་མང་ཚོགས་ཕྱེད་ཀ་ལྷག་གིས་རྒྱ་ནག་གི་གོམ་པ་རིམ་འགྱུར་གྱི་དམངས་གཙོའི་བཅོས་བསྒྱུར་དེ་ནི།  ད་ལྟའི་རྒྱ་ནག་གི་འཕེལ་རྒྱས་ཀྱི་གནས་སྟངས་དང་འཚམ་པོ་མེད་པའི་བསམ་ཚུལ་བཏོན་ཡོད་འདུག 

གཞན་ཡང་། ཉེ་བའི་ཨ་རབ་ཀྱི་དམངས་གཙོའི་གསར་བརྗེ་ལས་འགུལ་གྱི་ཐད་ལ།  མང་ཚོགས་ཁྲོད་ཨ་རབ་ཀྱི་དམངས་གཙོའི་རླབས་རྒྱུན་གྱིས་དཀྱིལ་ཤར་ཡུལ་གྲུའི་ནང་ཤུགས་རྐྱེན་སླེབས་ཐུབ་མིན་ཐད་བསམ་ཚུལ་བསྡུ་ལེན་བྱས་པར། བརྒྱ་ཆ་ ༤༡་༧ གྱིས་སླེབས་དཀའ་བའི་ངོས་འཛིན་དང་། བརྒྱ་ཆ་ ༡༥་༩ ཡིས་ངེས་པར་དུ་སླེབས་སྲིད་པའི་ངོས་འཛིན་བྱས་ཡོད་པ་དང་། དེ་མིན་གྱི་བརྒྱ་ཆ་ ༤༢་༤ ཙམ་གྱིས་ཁ་མཚོན་གཅོད་དཀའ་བའི་བསམ་ཚུལ་བཏོན་ཡོད་འདུག 

 
གསར་འགོད་པ། ཚེ་རིང་རྒྱལ།
 
 

འབྲེལ་ཡོད་གསར་འགྱུར།

བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

ཆུ་ཚོད་ ༡༠ སྔོན་ལ།
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

ཆུ་ཚོད་ ༡༡ སྔོན་ལ།
སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འདེམས་སྒྲུག་འགྲན་ཚོགས་ཐོག་བོད་ཀྱི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ཀྱིས་ཨང་དང་པོ་བླངས། དྲ་ལམ་གྱི་པར། ༢༠༢༦།༠༥།༢༥
Mobile App

བོད་ཀྱི་རྒྱང་རྒྱུག་རྩེད་འགྲན་པ་གཉིས་ཨེ་ཤ་ཡའི་རྩེད་འགྲན་ནང་ཚུད།

ཆུ་ཚོད་ ༡༣ སྔོན་ལ།
Front Slider

བོད་མི་དམངས་འཆིང་བྱེད་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད།

ཆུ་ཚོད་ ༡༣ སྔོན་ལ།
Front Slider

Long-life prayer offereing to His Holiness by two associations

ཆུ་ཚོད་ ༡༣ སྔོན་ལ།
ttt
Front Slider

བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར།

ཆུ་ཚོད་ ༡༣ སྔོན་ལ།

མཆན། 4

  1. དུག་མདའ། says:
    ལོ་ 14 སྔོན།

    སྙིང་རྗེ། དགྱ་ནག་མི་མང་གིས་དམངས་གཙོ་ཟེར་བའི་ལམ་ལུགས་འདི་དངུལ་མང་པོ་བཟོ་ཐུབ་ཀི་རེད་བསམ་གྱི་ཡོད་རེད། གད་མོ་ཤོར་བ་རང་རེད།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དམངས་གཙོ་འདོད་མིན་ལ་མང་མོས་ཤིག་བསྡུ་ཅི་ལ་དགོས། དེ་ནི་ཚོད་དཔག་ཐུབ་པ་ཞིག་རེད།
    ་་་བསམ་ཤོག་ ༡༠༠༩ ལྷག་་་་ཅེས་པའི་གོ་དོན་ཅི།

    Reply
  3. sangkye says:
    ལོ་ 14 སྔོན།

    ཧན་ཆིག་དུས་བབས་གསར་ཤོག་ལ་བསྔགས་བརྗོད་ཡོད།་ ལས་འགུར་དེ་མི་མཐུན་ནས་སྤེལ་རོགས་གནང་། སྙིང་ཐགས་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད་།

    Reply
  4. དཀར་མཛེས། says:
    ལོ་ 14 སྔོན།

    ཧན་ཆིག་དུས་བབ་གསར་ཤོག་ལ་སེམས་སྡིང་ནས་བསྔགས་བརྗོད་ཡོད། ལས་ཁུར་དེ་རིགས་མང་པོ་སྤེལ་རོགས། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese