མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་བྱི་ལོའི་བརྙན་ཕབ་གསར་པ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་དམག་གིས་འཛིན་བཟུང་བྱས་པའི་དངོས་བྱུང་བརྙན་ཕབ་ཅིག་གསར་དུ་ལག་སོན་བྱུང་ཡོད་འདུག

ཉེ་ལམ་དབུས་བོད་མིའི་སྒྲིག་འཛུགས་ལ་ལག་སོན་བྱུང་པའི་བརྙན་ཕབ་དེ་ནི། ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་གདན་ས་སེ་ར་དགོན་པའི་དགེ་འདུན་པ་དང་ཆུ་བཟང་དགོན་པའི་བཙུན་མ་ཚོས་རྒྱ་གཞུང་ལ་ཞི་བའི་ཁྲོམ་སྐོར་ལ་རྒྱ་དམག་གིས་དྲག་གནོན་བྱ་རྩིས་བྱས་སྐབས། ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་དོག་སྡེ་ཞང་མང་ཚོགས་ཀྱིས་རྒྱ་དམག་སེ་རར་ཡོང་མ་བཅུག་པར་ལམ་ཁ་བཀག་པ་དང་། དགེ་འདུན་པའི་ལས་འགུལ་ལ་མཉམ་ཞུགས་བྱས་སྟབས། ཉིན་ཤས་རྗེས་ལྷ་ས་གྲོང་ཁྱེར་དྲག་ཆས་ཉེན་རྟོག་དམག་མི་དང་ཉེན་རྟོག་རུ་ཆེན། སྤྱི་བདེ་ཉེན་རྟོག་པ། དམིགས་བསལ་དྲག་ཆས་ཉེན་རྟོག་པ། མཐའ་མཚམས་དམག་མི་བཅས་མཉམ་རུབ་ཐོག་གློ་བུར་དུ་བོད་རིགས་མང་ཚོགས་ཀྱི་ཁྱིམ་ཚང་ཁག་ལ་འཇབ་རྒོལ་བྱས་ཏེ། ཅ་དངོས་སྔོག་བཤེར་དང་བོད་མི་འཛིན་བཟུང་བྱེད་བཞིན་པའི་བརྙན་ཕབ་ཅིག་ཡིན་འདུག

རྒྱ་གཞུང་གིས་ཁོང་རྣམས་འཛིན་བཟུང་བྱས་ཏེ་ལོ་ཤས་ལྷག་ཕྱིན་ཡོད་ནའང་། ད་བར་ཁོང་ཚོའི་གནས་སྟངས་སྐོར་གང་ཡང་ཤེས་རྟོགས་བྱུང་ཡོད་མི་འདུག

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

སྐར་མ ༢༢ སྔོན་ལ།
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣

མཆན། 19

  1. ཆོས་བཟང་། says:
    ལོ་ 15 སྔོན།

    གནས་ཚུལ་འདི་ནི་བོད་ཀྱི་རྒྱལ་ས་ལྷ་སའི་བོད་ཀྱི་གྲོང་སྡེ་ཆུང་ཆུང་ཞིག་གི་ཐོག་རྒྱ་དམག་གིས་དྲག་གནོན་དང་། ཐུབ་ཚོད་གཏོང་བཞིན་པའི་གནས་ཚུལ་ཐུང་ཐུང་ཞིག་རེད། འདིས་མཚོན་ས་བྱི་ཞི་རྒོལ་ཆེན་མོ་འབྱུང་སའི་བོད་ཁུལ་ཡོངས་ལ་གནས་ཚུལ་འདི་འདྲ་བྱུང་བ་རེད་ལ། འདི་ནི་དཔེ་མཚོན་ཆུང་ཆུང་ཞིག་ཕྱིར་ཐོན་པ་རེད།

    ད་དུང་ས་ཁུལ་ས་ཤས་ཀྱི་བོད་ཀྱི་རོང་འབྲོག་ས་ཁུལ་ཏུ་རྒྱ་དམག་སླེབས་སྐབས་ཐོག་མར་སྒོ་ཁྱི་ལ་མེ་མདས་བརྒྱབ་ནས་བསད་དེ། དེ་ནས་ཁྱིམ་ལ་བཙན་འཛུལ་གྱིས་ཁྱིམ་མི་དམར་གསོད་དང་། བཙན་བཟུང་བྱེད་བཞིན་ཡོད་པ་རེད།

    ང་ཚོས་མཐོང་ས་ན་རྒྱ་དམག་གིས་ཉམ་ཆུང་བོད་མིར་ཐུབ་ཚོད་གཏང་བཞིན་པ་འདི་རེད། ད་དུང་གནས་ཚུལ་ཆེས་ཛ་དྲག་ཤོས་དེ་ནི། བཙན་ཁང་ནང་མི་འདི་དག་ཁེར་ཁྲིད་བྱས་ད་གཟོད་ཡོད་པ་རེད།

    ད་གནས་ཚུལ་འདི་ཚོར་སོམས་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་དེ་ཤི་སོང་བ་རེད་དམ། མང་ཚོགས་ཉམ་ཆུང་ལ་རྒྱབ་སྐྱོར་ཙམ་ཡང་མ་ཐུབ་ན་མཉམ་འབྲེལ་རྒྱལ་ཚོགས་ཟེར་བས་ག་རེ་བྱེད་བཞིན་ཡོད་པ་རེད། ཁྱོད་ཚོས་རྒྱ་དམར་སྲིད་དབང་སྒེར་གཅོད་པའི་སྲིད་གཞུང་ལ་སྤྲེལ་ལད་རྐྱང་འཁྲབ་ཏེ། ངོ་ཚ་རྒྱ་མེད་པ་གང་ཡིན་ནམ།

    Reply
  2. ཆོས་བཟང་། says:
    ལོ་ 15 སྔོན།

    རྒྱ་མིས་བོད་ས་དུམ་བུ་མང་པོར་བགོས་ཏེ། རྒྱ་ནག་གི་ཞིང་ཆེན་ཁག་གི་ངོར་སྦྱར་ཡོད་ལ། ཕྱི་ལོ་༡༩༥༠ནས་༡༩༨༠་བར་བོད་མི་ཁྲི་༡༢༠དམར་གསོད་བཏང་། དགོན་སྡེ་༦༠༠༠རྩ་གཏོར་བཏང་ཡོད་པ་སོགས་ཞོར་ལ་ཁྱབ་བསྒྲགས་བྱེད་དགོས་པ་རེད།

    Reply
  3. ཆོས་བཟང་། says:
    ལོ་ 15 སྔོན།

    རྒྱ་དམག་གིས་འདི་འདྲའི་བོད་ཀྱི་མི་ཚང་ཉམས་ཆུང་རེའི་ཐོག་ལ་འདི་ལྟ་བུའི་དྲག་གནོན་འདི་ག་རེ་རེད། གངས་ཅན་གྱི་དཔའ་དགོད་ཚོས་བསམ་བློ་རེ་ཐོངས་དང་། ང་ཚོ་ཤི་ནའང་གནས་ཚུལ་ཚབས་ཆེན་འདི་ཚོ་སེམས་ནང་བརྗེད་མི་ཉན།
    ཉི་མ་ཞིག་ལ་རྒྱ་ནག་ཕྱི་རབས་པ་ཚོས་དགོངས་དག དེ་ང་ཚོའི་ནོར་འཁྲུལ་མ་རེད། མི་རབས་སྔ་མ་ཚོའི་ནོར་འཁྲུལ་དང་། ཐལ་ཆ་རེད་ཟེར་ཉིན་ཞིག་འབྱུུང་རྒྱུ་དེ་ཆོས་ཉིད་རེད།

    Reply
  4. འབྲོང་བདའ says:
    ལོ་ 15 སྔོན།

    ཇི་འདྲའི་ཐབས་སྐྱོ་བ་ལ། ཁྱེད་ཚོས་བརྙན་ཕབ་འདིི་ཕན་ནུས་དང་གནོད་པ། དམིགས་ཡུལ་སོགས་ལ་་བསམ་བློ་མི་གཏོང་བར་གང་འདོད་དུ་འགྲམ་སྤེལ་བྱས་ན་ག་ལ་འགྲིག
    ས་བྱིའི་ཞི་རྒོལ་འགེབས་སྲུང་གི་ཆེད་དུ་ཡིན་མ་མི་རྟོགས་ན་བོད་དང་བོད་མི་ཟེར་བཞིན་ཅི་ཞིག་ལ་ས་མཐའ་ཞིག་ནས་ལྡུམ་བུ་འགམས་བཞིན་བསྡད་ཡོད་དམ། ལྷག་པར་དུ་དུས་བབས་ཚང་གི་མཁས་པ་ཚོར་ཀླད་པར་ཚ་བརྒྱབ་མེད་ན་དོན་འདི་ངེས་པར་དུ་རྟོགས་དགོས། རྟོགས་ཡོད་ན་ཁ་བྱང་གི་འཇབ་རྒོལ་དང་ཅ་དངོས་སྔོག་བཤེར་ཟེར་བའི་སྐད་ཆ་རྫུན་མ་དེ་ཚོ་ཅི་ལ་དགོས། རྒྱལ་ཁབ་ཞིག་ན་བདེ་སྲུང་གི་ཆེད་དུ་ཉེས་མི་འཛིན་བཟུང་བྱེད་པའི་བརྙན་ཕབ་ཞིག་ལ་དེ་འདྲའི་ཧ་ལས་རྒྱུ་འདུག་གམ༏

    Reply
  5. བསོད་ནམས་རྒྱ་མཚོ། says:
    ལོ་ 15 སྔོན།

    བཀའ་དྲིན་ཆེའོ་གངས་ཅན་དཔའ་རྒོད་ཚོ།

    Reply
  6. དཀར་ཕྱོགས་གཉེར་ཉེ། says:
    ལོ་ 15 སྔོན།

    གནས་ཚུལ་འདི་བཞིན་རྒྱལ་སྤྱིའི་སྟེང་སྙན་གྲགས་ཡོད་པའི་གསར་ཁང་ཞིག་ལ་ཁོ་སྤྲོད་མ་བྱས་དོན་གང་ཡིན་ནམ། ང་ཚོ་བོད་པ་ནང་ཁུལ་དུ་སྤེལ་བ་ནིན་ཁྱབ་ཆུང་དྲགས་པ་རེད། མ་འོངས་པར་གནས་ཚུལ་དེ་རིགས་འབྱོར་ཚེ་ངེས་པར་དུ་ཕྱི་ལ་གང་མང་སྤེལ་ཐབས་བྱེད་དགོས་པར་སེམས།

    Reply
  7. བརྩོན་རྒྱམ། says:
    ལོ་ 15 སྔོན།

    ད་འུ་ཚོས་འདི་ལྟར་མིག་གི་མཐོང་ཡང་དོན་དམ་ནུས་པ་ཐོན་ཁག་པོ་རེད།   མ་ཟད་བོད་མི་རང་གི་འདི་ལྟར་ལས་འབྲས་མེད་པས་བྱ་བ་བྱས་འབྲས་ལས་འདི་ལྟར་འབྱུང་བ་ཞིག་ཡིན་པ་རེད།  ད་དུང་དམར་གཞུང་གི་རྒྱུག་ཁྱི་འགའ་རེ་ནི་བོད་མི་ཡིན་ཡང་ད་དུང་མ་ཤེས་བས་དབང་གི་ལས་ངན་འདི་འདྲ་བྱེད་ཀྱི་ཡོད་པ་ངོ་མ་སེམས་སྐྱོ་བ་ཞིག་དང་ངོ་གནོང་དགོས་པ་ཞིག་རེད།  

    Reply
  8. བདེན་རྒྱལ། says:
    ལོ་ 15 སྔོན།

    སེམས་སྐྱོ་ཡ་རང་རེད། བོད་མི་རྣམ་བཤས་ར་ནང་དུ་དུད་འགྲོ་རྣམ་ཁྲིད་པ་ནང་བཞིན་རྒྱ་འདྲེ་དེ་ཚོས་བྱས་སྟངས་དེ་བོད་མིའི་རྣམ་ནས་ལོ་བརྒྱ་ཕྲག་སོང་ན་རྗེད་ཐུབ་པ་མི་འདུག ད་དུང་ཁོང་ཚོ་མནར་གཅོད་ཚད་ལས་བརྒལ་བ་གཏོང་ཡོད་ཤག་རེད། བྱེད་སྟངས་དེ་མུ་མཐུད་གནས་ན་ཉིན་ཞིག་བོད་མི་ཚོས་འུ་ཐུག་ཐབས་ཟད་ཆག་ནས་ལུས་ལ་འབར་རྫས་བཏགས་ནས་འགྲོ་དགོས་པའི་དུས་ཞིག་ཤར་ངེས་གཏན་རེད། ང་ཚོས་འཁོར་ཡུག་བསྐྲུན་པའི་འོག་ནས་རྒྱ་མི་དམར་པོའི་བྱེད་སྟངས་དེ་ཚོ་མཁྱེན་གྱི་མེད་ན་ཡག་པོ་ཞིག་གཟིག་ན་ལེགས། དེ་ཡང་རྒྱ་འདྲེས་བྱེད་སྟངས་ཀྱི་ཟུར་ཞིག་རེད། བོད་རང་བཙན་གཙང་མ་ཡིན། རྒྱ་དམར་བོད་ནས་ཕར་རྒྱུག་ཤིག བོད་རྒྱལ་ལོ།

    Reply
  9. གངས་འོད། says:
    ལོ་ 15 སྔོན།

    བོད། ཤ་ཁྲག་རུས་གསུམ་ལ་བསམ་ཚུལ་འདི་འདྲ་ཞིག་གླེང་། བརྙན་གཟུགས་འདི་ཁོང་གི་སྟོད་གོས་དང་ཞྭ་མོ་གང་དུ་ཡང་སྦས་ནས་པར་བརྒྱབ་པ་ཞིག་རེད་མི་འདུག་སྙམ། རྒྱུ་མཚན་ཨ་རིས་ཨེ་རག་གི་འཇིགས་སྐུལ་བར་རྒོལ་བའི་བརྙན་རིས་ལ་ལད་ཟློས་ཀྱིས་རྒྱ་ནག་གིས་དམིགས་ཡུལ་ཡོད་པའི་སྒོས་ཆེད་དུ་བཟོས་པ་འདྲ་བའི་ཚོར་བ་ཞིག་བྱུང་། ལན་དུ་མར་བརྙན་ངོས་སར་ཕབ་སྟངས་ལ་བལྟས་ན་བརྙན་ཕབ་ཀྱང་ཆུང་ཆུང་ཞིག་མིན་པར་ཆེན་པོ་ལྗིད་ཚད་ཅན་ཞིག་ཡིན་པ་ཚོར་ཐུབ་ལ། རྕིག་འགྲམ་ནས་དམག་མི་རྣམས་ཅུང་བྲེལ་འགྲོ་བྱེད་སྐབས་བརྙན་ཕབ་མཁན་ཁོང་དབུགས་བསགས་བཞིན་པའི་རྣམ་པས་ཀྱང་ཕྱོགས་ཙམ་ཚོད་དཔག་བྱེད་ཐུབ།
    རྒྱ་ནག་གིས་བོད་མི་རིགས་འདི་འཇིགས་སྐུལ་བ་ཞིག་ཏུ་ངོས་འཛིན་བྱེད་ཐབས་དང་། ད་དུང་རྒྱ་ནག་དམར་ཕྱོགས་ཀྱི་ལོ་རྒྱུས་བང་མཛོད་དུ་བོད་ཆམ་ལ་ཕབ་པའི་དངོས་གཟུགས་བརྙན་ཕབ་གསོག་ཉར་སོགས་གྱི་ཆེད་དུ་བཟོས་པ་ཡིན་པ་འདྲ། ད་དུང་གོ་སྐབས་ཡོད་ཚེ་འདི་རྒྱལ་སྤྱིས་ཁ་ཕྱོགས་པའི་འཇིགས་སྐུལ་བར་རྒོལ་བའི་བྱེད་ཐབས་ལྟར། བོད་འདི་ལོ་རྒྱུས་ཐོག་འཛམ་གླིང་མི་མང་གི་མདུན་སར་ནམ་ཡང་ནག་པོ་ནག་རྐྱང་བཟོ་འདོད་ཀྱི་ལག་ཆར་བེད་སྤྱོད་རྒྱུར་དམིགས་ཡོད་ཀྱང་། ཉིས་སྟོང་བརྒྱད་ལོའི་སྐབས་དེར་རྒྱལ་སྤྱི་དང་འཛམ་གླིང་མི་མང་གིས་བོད་རྒྱ་ཆེའི་མི་མང་ལ་ཁག་མེད་པའི་རྣམ་འགྱུར་(དཔེར་ན་CNNསོགས་སུ་སྐབས་དེར)ཅུང་ཙམ་བསྟན་པས་ཁོང་ཚོའི་དམིགས་ཡུལ་མ་འགྲུབ་པར་སྦས་སྐུང་བྱས་པ་ཕྱི་ལ་ཤོར་བ་ཞིག་ཨེ་ཡིན་ནམ་འདོད།
    འོ་ན། འདི་ཕྱི་ལ་ཅི་ལྟར་ཤོར་བའི་རྒྱུད་རིམ་དེ་རྒྱ་ནག་ལས་ང་ཚོས་རྩད་གཅོད་གཏོང་རྒྱུ་ཞིག་མ་རེད་ལ། ང་ཚོས་ཤེས་དགོས་པ་བོར་སོང་བའི་ཡུལ་མི་དེ་དག་ཅི་ལྟར་རྩད་གཅོད་གཏོང་དགོས་པ་དེ་རེད། ཨ། ཕྱི་སྡོད་བོད་པ་རྩྭ་ཟན་ཚོ།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    ངས་བརྙན་ཐག་འདི་ལ་བལྟ་ཞོར་དུ་བསམ་བློ་བཏང་། བསམ་བློ་བཏང་། བསམ་བློ་དེ་ཡང་བརྙན་ཐག་འདི་འཁོ་འཕྲོད་བྱེད་མཁན་དང་། བརྙན་ཐག་འདི་བརྙན་ཕབ་དུ་ལེན་མཁན་སོགས་ལ་བསམ་བློ་བཏང་། བརྙན་ཐག་ལ་ཞིབ་དུ་བལྟས་ན། བརྙན་ཕབ་ལེན་མཁན་ཡང་སྐད་ཆ་འདྲི་མཁན་གྱི་བོད་མི་དེ་རེད་འདུག ཁོས་རང་གི་རིགས་ཀྱི་མི་དག་འདི་ལྟར་བཙན་ཁྲིད་བྱེད་པའི་ཁྲོད་དུ་ལས་གནས་ཀྱི་དབང་གིས་དེད་དེ་སོང་ན་ཡང་། རང་ཉིད་བོད་མི་ཞིག་ཡིན་པ་བརྗེད་མི་འདུག་ལ། རང་ཉིད་བོད་མི་ཞིག་གི་ངོས་ནས་ཁོང་ཚོ་ལ་རྒྱབ་སྐྱོར་ཞིག་བྱེད་པ་དེ་ནི་ཐབས་དེ་ལས་མེད་སོང་བ་རེད་འདུག ཁོས་མི་རེ་རེ་ཡི་མིང་གསལ་བོ་བྱས་ནས་འདྲི་བ་དང་གདོང་ཡང་ཁོ་རང་ལ་ཐད་ཀར་གཏོད་པར་སྐུལ་ལྕགས་གཏོང་གི་འདུག བརྙན་ཐག་འདི་ཁོ་རང་གི་སྟོད་གོས་སམ། ཡང་ན་ཞ་མོའི་ནང་དུ་སྤས་སྐོང་བྱས་ཡོད་པ་འདྲ། འདི་ལྟར་ཁོས་རང་ཉིད་བོད་མི་ཞིག་གི་འགན་འཁུར་ནས་རྒྱའི་སྲིད་གཞུང་གི་ངན་ཇུས་བཀོད་འདོམས་འོག་མི་འགྲོ་ཐབས་མེད་དུ་གྱུར་འདུག བུད་མེད་ལོ་ན་བཞི་བཅུ་ལ་སོན་པ་དེར་རྒྱ་དམག་ཞིག་གིས་ས་ཕག་ཞིག་བསྒུམ་ནས་བརྡུངས་གྲབས་བྱས་དུས། འགྲམ་གྱི་བོད་མི་དམག་མི་དེ་དག་གིས་མ་བྱེད་རོགས་ཟེར་ནས་འབོད་སྐུལ་ཞུ་བའི་ཚབ་དུ་དགད་མོ་དགད་སྟབས། མི་དེ་ཡིས་བརྡུང་སྟངས་མ་ཤེས་པར་ས་ཕག་དེར་སར་གཡུགས་སོང་། འདི་ལྟར་བལྟས། ངས་བོད་མི་དམག་མི་དེ་དག་གིས་རང་རང་གི་ལྟོ་ཕོར་དང་རང་རང་གི་བཟའ་ཟླ་བུ་ཕྲུག་གི་བདེ་འཇག་ཆེད་དུ། ལས་ཀ་དེ་ཡི་ཆེད་དུ། ཐབས་ཤེས་གཞན་མེད་པའི་བཙན་པོའི་དབང་ཡོད་ཀྱི་འགོ་ཁྲིད་དེ་དག་གིས་འོག་ནས། རང་གི་མི་རིགས་ཀྱི་ཞི་བའི་ལས་འགུལ་བ་དེ་དག་རེ་རེ་བཞིན། ཁྱིམ་ཚང་རེ་རེ་ཡི་ནང་དུ་འཛུལ་ནས། ལུ་གུ་གླག་གིས་བཟུང་བ་ལྟར། བརྙན་ཕབ་མཁན་གྱི་བོད་མི་དམག་མི་འདི་བཞིན་དུ། བོད་མི་དམག་མི་གཞན་དག་ལ་ཡང་རིགས་ཀྱི་འདུ་ཤེས་གཏན་བྲལ་དུ་སོང་བ་དེ་འདྲ་མ་ཡིན་པར། རྒྱའི་སྲིད་གཞུང་གི་དྲགས་གནོན་ལ་བོད་མི་ཁུ་བཙུར་ལས་མེད་པ་དེ་དག་གཏན་ནས་འགྲོ་ཡུལ་གཞན་མེད་པ་ཁོང་ཚོས་གསལ་བོ་ཤེས་འདུག ཡ་ང་བ་ཞིག་ལ་ཁོང་ཚོའི་ལག་པར་མིང་བྱང་དེ་དག་གསལ་གསལ་དག་དག་ཞིག་འཁོ་སྤྲོད་བྱེད་ཐུབ་མཁན་གྱི་བོད་མི་དེ་སུ་ཡིན་ན། དེ་ནི་དངོས་ནས་ཉེས་ཅན་ལྟེ་བོ་རེད་ལ། རང་ཉིད་ལས་གཞན་གང་ཡང་བསམ་རྒྱུ་མེད་པའི་རྩ་གཟུགས་ཀྱི་མི་དེ་རེད། ད་མང་བོ་མང་བོ་མི་བཤད། ང་ཚོ་ས་མཐའ་ཞིག་ནས་སྐྱིད་ས་ཞིག་ནས། སྐད་ཆ་སྤོམས་པོ་རེ་བཤད། ཅིག་ཅིག་མ་འགྲིག་ཚུལ། ཅིག་ཅིག་རྒྱུའི་རྒྱུགས་ཁྱི་ཡིན་རབས་བཤད་དེ། རང་གིས་མི་ལ་བསྡིག་དམོད་བྱས་ནས་དངོས་ནས་གང་ཡང་མི་ཕན། འདི་ནི་བཙན་བྱོལ་དང་བྱེས་ཀྱི་ཡུལ་གྲུ་སོ་སོ་ནས་གནས་བཅའ་བའི་བོད་མི་འདུས་བསྡོད་ཚང་མའི་ཁ་ཤོམ་བརྒྱབས་དེ། རང་སྐྱིད་རང་བདེ་ལ་སྙེགས་པའི་མཇུག་འབྲས་ཤིག་ཀྱང་ཡིན་པ་སེམས་སུ་འཛིན་དགོས་པ་རེད་འདུག འདི་ཙམ་ཡིན།

    Reply
  11. གངས་འོད། says:
    ལོ་ 15 སྔོན།

    ཡིད་སྐྱོ་བ་རང་རེད། གཤས་ར་ནས་ལུག་འཛིན་འཛིན་བྱས་ནས་ཁྲིད་སོང་ན། འཇིགས་སྣང་འདི་འདྲ་ཞིག་ཡོད་འདུག་ན། ཕར་རྒྱབ་བཙོན་ལས་བྱ་ས་ན་ཅི་འདྲིའི་མནར་གཅོད་ཚད་མེད་ཅིག་མྱོང་བཞིན་ཡོད་ཨང་། དཔའ་བོ་འདི་དག་གི་གང་བྱས་པ་ང་ཚོ་ཚང་མའི་ཆེད་དུ་ཡིན་པ་སེམས་ལ་ནམ་ཡང་བརྟན་པོར་འཛིན་རོགས། ཕྱི་སྡོད་བོད་རིགས་རྩྭ་ཟན་ཚོ།

    Reply
  12. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    རྒྱ་དམག་གི་བྱ་སྤྱོད་ཡ་ང་བ་དེས་ངའི་སྙིང་རླུང་སྟོད་ལ་འཚང་བཅུག་གི ངོས་རང་སྔོན་མ་ནས་དེ་ལྟར་དྲན་སོང་། ས་བྱི་ལོའི་བརྙན་པར་དེ་དུས་ཚོད་སྟབས་བདེ་ཞིག་བྱུང་ཚེ་བཙན་བྱོལ་ནང་དུ་ཐོན་རྒྱུ་རེད། བརྙན་པར་འདི་ནི་ང་ཚོས་འཛམ་གླིང་མི་མང་ལ་དཔང་པོ་སྟོན་བྱེད་ཀྱི་ལག་ཆ་ཞིག་ཡིན། བྱས་ཙང་གོ་སྐབས་དམ་འཛིན་དགོས་པ་ཡིན། བརྙན་པར་འདིའི་པར་པ་སུ་ཡིན་རུང་ཁོང་གི་དཔའ་མཛངས་ཀྱི་བྱ་སྤྱོད་ལ་བསྔགས་བརྗོད་ཙམ་དུ་མ་ཟད། ཐུགས་རྗེ་ལན་མང་ཞུ་རྒྱུ་ཡིན། ཁྱེད་ཀྱིས་གྲི་འཕྱར་ནས་དཔའ་བོའི་བྱ་སྤྱོད་བསྟན་མེད་ཀྱང་འདི་ནི་དཔའ་བོའི་བྱ་སྤྱོད་གཅིག་ཏུ་ངོས་རང་གིས་ངོས་འཛིན་བཞིན་ཡོད། སྐུ་ཚེ་རིང་ཨ།

    Reply
  13. དགའ་ས་བོད། says:
    ལོ་ 15 སྔོན།

    སེམས་སྐྱོ་བ་ཞིག་འདུག
    བོད་ནང་སྐྱིད་པོ་འདུག་ཟེར་མཁན་དང་། སྐྱིད་པོ་ཡོད་ས་བསམ་མཁན་ཚོས་འདི་འདྲ་བའི་བརྙན་ཕབ་གཟིགས་ཐུབ་ན་གཞི་ནས་གནས་ཚུལ་ངོ་མ་ཤེས་ཐུབ་ངེས།

    Reply
  14. ཨ་མིའི་བུ། says:
    ལོ་ 15 སྔོན།

    དཔང་རྟགས་འདི་རིགས་ཐོག་མར་གསར་ཁང་ཆེ་རིག་དཔེར་ན་BBC དང་CNN་སོགས་ལ་མཁོ་སྤྲོད་མ་བྱས་པར་གསར་འགྱུར་ཆུང་ཆུང་དག་གི་ལ་མཁོ་སྤྲོད་བྱས་ན་ཁྱབ་བསྒྲག་འགྲོ་བ་ལ་གནོད་པ་ཧ་ཅང་ཆེ། གང་ཡིན་ཟེར་ན་ཁྱབ་བསྒྲག་སོང་ཟིན་པ་ཞིག་གསར་འགྱུར་ཆེ་བ་དག་གི་ལུང་འགྲེན་བྱེད་གི་མ་རེད། དེས་ན་ཐོར་མར་འདི་འདྲ་དཔང་རྟགས་གལ་ཆེན་རིགས་BBC སོགས་ལ་མཁོ་སྤྲོད་བྱེད་རྒྱུ་གལ་ཆེན་རེད་འོང་ཀྱང་རང་རེས་ཕྱི་ཚོགས་ཆུང་ཆུང་འདིའི་རང་ཉིད་ཀྱི་ཁེ་དང་སྙན་གྲགས་ལས་གཞན་ལ་བསམ་བློ་གཏོང་ནི་ཉུང་ཉུང་རེད་་་་་་་་་་་་་་་་་་་་

    Reply
  15. གསལ་ལེ་རྒྱལ། says:
    ལོ་ 15 སྔོན།

    ལྟ་མི་ཉན་མིག་ཆུ་མི་ཁོག།
    ལམ་དབུ་མའི་ཁ་ཤ་གཡོན་ཡོང་།།
    འདང་མ་རྒྱག་ཞེ་སྡང་མི་ནོན།།
    ཐབས་ཞི་བར་ཞེན་པ་ལོག་ཡོང་།།

    Reply
  16. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཙན་བྱོལ་སྒྲིག་འཛུགས་འོས་འགན་འོག ཀུན་གླེང་དང་རེ་དྲི་ཡི་ཕི་རི་ཨེ་ཤི་ཡ་སོགས་ནས་བོད་བསྒྱུར་དང་སྐད་རིགས་གཞན་ལ་བསྒྱུར་ནས་སྤེལ་དགོས་འདུག
    ང་ལ་རྒྱ་རིགས་ལས་བྱེད་ཚོ་ལས་བོད་རིགས་ལས་བྱེད་ཀྱིས་བོད་སྐད་བརྒྱབ་ནས་ཁོ་རེ་ཁྱོད་རེ་མིང་ག་རེ་ཡིན་པ་འདྲི་བ་དང་། ཡང་། རང་རིགས་རྒྱའི་ལས་བྱེད་བོད་རིགས་གཞན་པ་དེ་ལ་ཁོང་༼བོད་པ་༽ཚོ་ཟིན་ཐུབ་སོང་ཟེར་བའི་ཚིག་འདི་ཚོ་རྒྱ་རིགས་ཀྱིས་ཤི་ཤི་ལ་ལ་ཟེར་བ་དེ་ཚོ་ལས་ལྷག་པ་པ་དང། ཁོང་ཁྲོ་མང་བ་ཅིག་ལང་བྱུང་བས་ང་ནོར་བ་རེད་པེ། དྲ་གྲོགས་ཚོ།

    Reply
  17. རྟེན་འབྱུང་། says:
    ལོ་ 15 སྔོན།

    པར་འདི་མཁོ་སྒྱུབ་གནང་མཁན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ། པར་འདི་སི་ཨན་ཨན་དང་བྷི་བྷི་སི་སོགས་གསར་འགྱུར་བརྒྱུད་ཁག་ནང་སྟོན་ཐུབ་ན་དགེ་མཚན་ཧ་ཅང་ཆེ། སྤྱང་དང་བྱ་ཁྲུང་ཁྲུང་གི་སྒྲུང་ལྟར་ང་ཚོས་རྒྱ་དམར་གྱི་ངན་མཚང་འཛམ་གླིང་མི་མང་མདུན་སར་གང་ཐུབ་བསྒྲགས་ནས་ཕམ་པར་བྱ་རྒྱུ་ནི་ལས་འགན་ཨང་དང་པོ་དེ་རེད་བསམ།

    Reply
  18. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དཔང་རྟགས་འདི་རིགས་གསེར་གྱིས་མི་ཁུགས། དེང་སང་མིག་ལམ་དུ་སྟོན་རྒྱུ་ཞིག་ཧ་ཅང་མཁོ། འདི་རིགས་ད་དུང་མི་ཉུང་བ་རེ་ཡོད་ངེས། ག་ལེར་ལྷང་ལ་འབུད་རྒྱུ་རེད།

    Reply
  19. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ལྟ་འདོད་ཧ་ཅང་ཆེ་ཡང་. ཕབ་ལེན་ལ་ཧ་ཅང་འགོར་ཆེ་བས་ལྟ་མ་ཐུབ་ཐལ. རྗེས་སུ་ལྟ་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese