མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀིར་ཀི་སི་ཐན་གྱི་ཤེས་ཡོན་པ་ཚོས་བོད་དོན་ལ་ཐུཊ་སྣང་གནང་རོཊ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp


ད་ནངས་ཕྱི་དྲིལ་བཀའ་བློན་མཆོག་དང་ཀིར་ཀི་སི་ཐན་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱིས། རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཀཱ་ཛ་ཏི་ཨག་མ་ཏོབ་ལགས་ཀྱིས་དབྱིན་བསྒྱུར་བརྩམས་ཆོས་༼དགྲ་བཅོམ་པ།༽ཞེས་པའི་དཔེ་དེབ་དབུ་འབྱེད་གནང་ཡོད།

དེ་རིང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ བའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་ཀིར་ཀི་སི་ཐན་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨོ་ལེག་ཚོ་ཨེ (Oleg Tsoi) རྣམ་གཉིས་ཀྱིས། ཀིར་ཀི་སི་ཐན་གྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཀཱ་ཛ་ཏི་ཨག་མ་ཏོབ ( Mr.Kazat Akmatov) ལགས་ཀྱིས་བརྩམས་པའི་དགྲ་བཅོམ་པའམ་དབྱིན་སྐད་དུ་ ( Arhat) ཞེས་པའི་དབྱིན་ཡིག་ཐོག་ཕབ་བསྒྱུར་བྱས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་གཙོས། ཀིར་ཀི་སི་ཐན་གྱི་གསར་འགོད་པ་གྲགས་ཅན་ཨ་མེ་རཱ་དང་རྒྱ་གར་དང་བོད་པའི་གསར་འགོད་པ། གཞུང་ཞབས་ལས་བྱེད་བཅས་འདུ་འཛོམས་བྱུང་ཡོད།  

སྐབས་དེར་དྲིལ་བསྒྲགས་དྲུང་འཕར་བཀྲ་ཤིས་ལགས་ཀྱིས་རྩོམ་པ་པོ་དང་དཔེ་དེབ་ངོ་སྤྲོད་གནང་བ་དང་། ཕྱི་དྲིལ་བཀའ་བློན་མཆོག་གིས། ཐེངས་འདིའི་དཔེ་དེབ་དེ་བརྩམས་སྒྲུང་རང་བཞིན་གྱི་དེབ་ཅིག་ཡིན་ཡང་ཀིར་གི་སི་ཐན་གྱི་མང་ཚོགས་ཁྲོད་བོད་དོན་དང་རིག་གཞུང་ངོ་སྤྲོད་ཐོག་གལ་ཆེན་ཞིག་ཆགས་ཡོད་པ་དང་། དེ་སྔ་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཆགས་པའི་ཀིར་ཀི་སི་ཐན་མི་མང་ཚོས་ད་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་ཡོད་པའི་བོད་མི་རྣམས་ཀྱི་དཀའ་སྡུག་མྱོང་ཐུབ་པའི་རེ་བ་ཡོད་ལ། ད་བར་ཀིར་གི་སི་ཐན་ནང་བཀའ་རྒྱུད་དགོན་པ་ཞིག་ལས་བོད་རིགས་ཚོགས་པ་འཛུགས་ཐུབ་མེད་ཀྱང་། ཀིར་ཀི་སི་ཐན་གྱི་ཤེས་ཡོན་པ་མང་པོས་བོད་ཐོག་རྒྱུས་མངའ་ཡོད་པ་ལྟར་མུ་མཐུད་བོད་དོན་ལ་ཐུགས་སྣང་ཡོང་བའི་འབོད་སྐུལ་གནང་བྱུང་།

རྩོམ་པོ་གྲགས་ཅན་ཀ་ཛ་ཏི་ཨག་མ་ཏོབ་ལགས་ཀྱིས་བརྩམས་པའི་དཔེ་དེབ་དེ་ནི། ཀིར་ཀི་སི་ཐན་ཡུལ་གྱི་ཨ་ཊི་ལེ་ཏི་( Adilet) འབོད་པའི་ཕྲུ་གུ་ཆུང་ཆུང་ཞིག་རྗེ་བཙུན་མི་ལའི་ཡང་སྲིད་དུ་ངོས་འཛིན་གནང་བའི་བརྒྱུད་རིམ་ཁྲོད། ད་ཆར་འཛམ་གླིང་ནང་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་དཀའ་ངལ་ཁྲོད་མིའི་སེམས་ལ་སྡུག་བསྔལ་སྣ་ཚོགས་ཤིག་འབྱུང་བཞིན་པ་དང་། དེ་ནི་མི་རྣམས་ཀྱི་འདོད་རྔམ་ཁོ་ན་ལས་རང་ཉིད་གནས་སའི་ཁོར་ཡུག་དང་སྤྱི་ཚོགས་ལ་མ་བསྟུན་པ་དང་། མིའི་ལྷན་སྐྱེས་སུ་ཡོད་པའི་ང་རྒྱལ་ཁེངས་དྲག་གི་བསམ་བློ་སོགས་ཀྱིས་མི་སྒེར་ཙམ་དུ་མ་ཟད། འགྲོ་བ་མིའི་རིགས་ལ་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་སྟབས། དཀའ་ངལ་དེ་སེལ་བར་བོད་ཀྱི་ཆོས་དང་རིག་གཞུང་མེད་དུ་མི་རུང་བ། བོད་ཀྱི་ཆོས་དང་རིག་གཞུང་གིས་འཛམ་གླིང་གི་དཀའ་རྙོག་སེལ་བའི་ཐད་ཕན་ནུས་གང་འདྲ་ཡོང་གི་ཡོད་མེད་སོགས་བསྟན་ཡོད་འདུག  

དེབ་འདིའི་རྩོམ་པ་པོ་ཀ་ཛ་ཏི་ཨག་མ་ཏོབ་ལགས་ནི། ཕྱི་ལོ་ ༡༩༤༡ ལོར་སྐྱེས་ཤིང་སློབ་གྲྭ་ཐོན་རྗེས་རྩོམ་པ་པོ་དང་འཁྲབ་འཁྲིད་པ། གསར་འགོད་པ་བཅས་ཀྱི་ཕྱག་ལས་གནང་མྱོང་ཞིང་། ༡༩༧༨ ལོར་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་དམར་པོའི་རིང་ལུགས་ཀྱིས་དབང་འཛིན་བྱས་སྐབས། ཁོང་གིས་སའི་གོ་ལའི་དུས་བབ་ (Earth Time) ཞེས་པའི་དཔེ་དེབ་དང་། ༡༩༨༣ ལོར་གསར་འཛུགས་ཀྱི་དགོང་མོ་( The Night of the Formation) ཞེས་པའི་རྩོམ་ཡིག་གཞིར་བཞག་ཐོག་བརྩམས་པའི་འཁྲབ་གཞུང་། ཉི་མའི་མཐའ་འཁོར་གྱི་ལོ་ (Years Aruond the Sun) དང་། སོ་ཝོ་ཊི (Soviet) བཅས་དམར་པོའི་སྲིད་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་ཐེར་འདོན་བྱས་པའི་བརྩམས་ཆོས་མང་པོ་སྤེལ་ཡོད་འདུག  

མི་ལ་རས་པའི་སྐོར་གྱི་ལོ་རྒྱུས་བརྗོད་སྙིང་དུ་བཟུང་བའི་དཔེ་དེབ་འདི་ནི། ཁོང་ཆུང་དུས་སྤོ་རྨོ་གཉིས་ཀྱི་ངག་ནས་ཀིར་ཀི་སི་ཐན་དང་ཐག་ཉེ་བའི་བོད་ཀྱི་ས་ཁུལ་དུ་གྲགས་ཆེ་བའི་མཚོ་མང་པོ་ཡོད་པ་ཐོས་ཤིང་། ༡༩༦༨ ལོར་བལ་ཡུལ་བརྒྱུད་ལྷ་སར་ཕྱིན་སྐབས་པོ་ཏཱ་ལ་ཐེངས་གཅིག་ཙམ་ལ་རྒྱང་མཇལ་གྱི་གོ་སྐབས་བྱུང་བ་དང་། ཕྱིར་ལོག་རྗེས་བོད་དང་འབྲེལ་བའི་ཡིག་ཆ་བསྡུ་སྒྲིག་གིས་བོད་ཀྱི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་བྱུང་བ་མ་ཟད། སུ་ཨུ་རུ་སུའི་སྐད་ཡིག་ནང་ཡོད་པའི་མིི་ལ་རས་པའི་རྣམ་ཐར་སོགས་ཀྱིས་བོད་ཀྱི་རིག་གཞུང་ལ་དུང་བ་ཟབ་མོ་སྐྱེས་ཏེ། ༢༠༠༥ ལོར་བརྩམས་སྒྲུང་འདི་བྲིས་ཡོད་འདུག  

དཔེ་དེབ་འདི་ཐོག་མར་ ༢༠༠༥ ལོར་ཀིར་ཀི་སི་ཐན་གྱི་སྐད་ཡིག་ཐོག་དཔར་འགྲེམས་བྱས་ཡོད་ཅིང་། ཀིར་ཀི་སི་ཐན་རྒྱལ་ནང་དང་རྒྱལ་སྤྱིའི་གྲགས་ཆེན་རྩོམ་ཡིག་གི་གྲས་སུ་ཚུད་དེ། སྔ་ཕྱིར་རྒྱལ་སྤྱིའི་རུ་ཧ་ནི་ཡ་ཏི་ ( International Ruhaniat Prize) བྱ་དགའ་དང་། མོའོ་སུ་ཁོ་སློབ་གྲྭ་ཆེན་མོའི་བྱ་དགའ། ཀིར་ཀི་སི་ཐན་གཞུང་བཅས་ཀྱི་བྱ་དགའ་ཁག་ ༨ ཐོབ་ཡོད་འདུག ༢༠༠༧ ལོར་ཀིར་ཀི་སི་ཐན་དང་ཨུ་རུ་སུ། བྷུལ་གེ་རི་ཡ་སོགས་སྐད་ཡིག་གསུམ་གྱི་ནང་ཕབ་བསྒྱུར་བྱས་ཤིང་། ༢༠༠༩ ལོར་དཔེ་དེབ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་རྗེས་ཧྤར་སི་དང་ཊར་ཀི་ (farsi &Turkish) འཇར་མན་སྐད་ཡིག་ཐོག་ཕབ་བསྒྱུར་བྱེད་བཞིན་ཡོད་ཅིང་། མ་འོངས་པར་ཡུ་གུར་སྐད་ཡིག་ཐོག་བསྒྱུར་འཆར་ཡོད་འདུག རྩོམ་པ་པོའི་ངོས་ནས་ད་བར་སྤྱི་ཚོགས་ཀྱི་གདེང་འཇོག་དང་དགའ་མོས་བྱས་པ་དེ་ཁོང་རང་ཉིད་ཀྱི་རྣམ་དཔྱོད་ཙམ་མིན་པར། བོད་ཀྱི་རྩ་ཆེ་བའི་རིག་གཞུང་བརྗོད་བྱ་བྱས་པའི་བཀའ་དྲིན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག

ཉེ་ཆར་རྩོམ་པ་པོ་དང་ཀིར་ཀི་སི་ཐན་སྐུ་ཚབ་མི་སྣ་ ༦ བཅས་ལྡི་ལིར་སྐོང་ཚོགས་བྱས་པའི་འཛམ་གླིང་ནང་པའི་ཚོགས་ཆེན་སྟེང་བཅར་སྐབས། ༸གོང་ས་མཆོག་ལ་དཔེ་དེབ་སྤྱན་འབུལ་ཞུས་སྐབས་༧གོངས་ས་མཆོག་གིས་བསྔགས་བརྗོད་གནང་ཡོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 4

  1. དམག་ལོག་ says:
    ལོ་ 14 སྔོན།

    མི་རིགས་ལས་རིག་གཞུང་གལ་ཆེན་པོ་ཡིན་དང་ཡིན། མི་རིགས་ཞིག་གི་རིག་གཞུང་མེད་ན། མི་རིགས་དེ་ངོས་འཛིན་ས་མེད་པ་མ་ཡིན་ནམ།

    Reply
  2. བརྩོན་རྒྱམ། says:
    ལོ་ 14 སྔོན།

    མི་རིགས་ལས་རིག་གཞུང་རྩ་ཆེན་ཡིན་པ་དང་རིག་གཞུང་གལ་ཆེན་ཡིན་པ་བདེན་པ་རེད།  བོད་མི་རིགས་ཀྱི་རིག་གཞུང་གི་ཐོག་གླེང་ན་བརྗོད་དགོས་པ་མེད་ནའང་དམར་གཞུང་གིས་རིག་གཞུང་རྩ་མེད་བཟོད་བཞིན་ཡོད་པ་མ་ཡིན་ནམ།  ཞི་བདེ་ལ་དགའ་བའི་མི་རིགས་ཤིག་དང་དྲག་སྐྱོད་ལ་དགའ་བའི་མི་རིགས་གཉིས་དུས་ནམ་ཡང་འགལ་བ་སེལ་ཁག་པོ་ཆགས་ཀྱི་རེད། རྒྱལ་སྤྱིས་གནོད་ཤུགས་མ་སྤྲད་པར་དམར་ཕྱོགས་ཀྱིས་འགྱུར་བ་གཏོང་གི་མ་རེད།

    Reply
  3. ནོར་འཛིན་དོན་འགྲུབ། says:
    ལོ་ 14 སྔོན།

    ལེགས་སོ་ལེགས་སོ་ཕྱི་རྒྱལ་བ་་་་་་་་་ཡག་པོ་རེད་་་་

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྩོམ་པ་པོའི་དགོངས་པ་ནི། མི་རིགས་ལས་རིག་གཞུང་རྩ་ཆེན་དང་རིག་གཞུང་རྩ་ཆེན་ཞིག་གིས་མིའི་རིགས་ཧྲིལ་བོར་ཕན་པའི་ངོས་འཛིན་ཞིག་རེད། ལྟ་སྟངས་འདི་ལ་ང་ཧ་ཅང་དགའ། འདི་ལྟར་གནང་ཐུབ་ན་མི་རིགས་ཀྱི་རིག་གཞུང་སྤྱི་ནོར་ཆགས་ནས་མི་རིགས་ཀྱི་འགལ་བ་མེད་པར་འགྱུར་ངེས། དང་ཐོག་མི་རིགས་ཀྱི་འགལ་བ་སེལ་ཐུབ་ན་དེ་ནས་རྒྱལ་ཁབ་ཀྱི་འགལ་བ་རང་བཞིན་གྱིས་མེད་པར་འགྱུར་ངེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese