མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་བ་རིན་པོ་ཆེ་ལྷ་སྐུ་དང་ཐང་ག་ཞིག་ཡིན་ན་བསམ་སོང་།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp


རྒྱ་ནག་གཞུང་གིས་བོད་ནང་གི་
དགོན་སྡེ་དང་གྲོང་གསེབ་ཁག་ཏུ་༸རྒྱལ་བ་རིན་པོ་ཆེའི་སྐུ་པར་སྒྲིག་བཤམ་བཀག་སྡོམ་བྱེད་ཀྱི་ཡོད་སྟབས། གཞོན་སྐྱེས་རེ་ཟུང་གིས་་༧རྒྱལ་བ་རིན་པོ་ཆེ་ཞུ་བ་དེ་ལྷ་སྐུ་ཞིག་གམ། ཐང་ག་ཞིག་མིན་ནམ་སྙམ་པའི་ཚོར་སྣང་ཡོང་གི་ཡོད་འདུག

རྒྱ་ནག་གཞུང་གིས་ད་ལྟའི་བར་བརྒྱུད་ལམ་ཁག་ཏུ་བོད་ནང་གི་འབྲོག་ཁུལ་དང་གྲོང་གསེབ་ཁག་ཏུ་དགོན་པ་དང་སློབ་གྲྭ་གསར་རྒྱག་གི་ལས་གཞི་སྤེལ་ཡོད་ཚུལ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ཕྱིན་ཡོད་པའི་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང་། གཞིས་ཀ་རྩེ་ས་འབྲོང་པ་རྫོང་ཁོངས་ཀྱི་གྲོང་གསེབ་ཁག་ཏུ་རྒྱ་ནག་གིས་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་གྱིས་མི་མང་གི་འཚོ་བའི་ཐད་ལ་དཀའ་ངལ་རིམ་པར་འཕྲད་ཀྱི་ཡོད་པ་མ་ཟད། དགོན་པ་དང་སློབ་གྲྭ་གཅིག་ཀྱང་མེད་པར་གཞོན་སྐྱེས་རྣམས་ཡིག་རྨོངས་ཆགས་ཀྱི་ཡོད་འདུག

འདིའི་ཐད་གསར་འགོད་པས་ཉེ་ཆར་བོད་གནས་གསར་དུ་འབྱོར་ཞིང་ད་ལྟའི་བཞུགས་སྒར་དབུས་སྣེ་ལེན་ཁང་དུ་ཡོད་པའི་གཞིས་ཀ་རྩེ་འབྲོང་པ་རྫོང་སྐྱིད་སྨད་ཞང་མེར་ཁ་གྲོང་ཚོའི་རྡོ་རྗེ་ཚེ་རིང་ལགས་སུ་བཅར་འདྲི་བརྒྱུད་རྒྱུས་ལོན་བྱས་པ་ལྟར་ན།  ཁྱིམ་ཚང་ ༧ ལས་མེད་པའི་འབྲོང་པ་རྫོང་མེར་ཁ་གྲོང་ཚོ་ནི། ཕྱུགས་ཟོག་ཁོ་ནར་བརྟེན་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་ཞིང་། སྔོན་ཆད་གྲོང་དེའི་ཁྱིམ་ཚང་མང་ཆེ་བར་ལུག་ ༡༠༠༠ ཡས་མས་དང་ནོར་ ༡༠༠ ལྷག་ཡོད་ཀྱང་། ༢༠༠༧ ལོའི་ལོ་མཇུག་ཏུ་རྒྱ་གཞུང་གི་ལས་བྱེད་ཡོང་སྟེ། ཁྱིམ་ཚང་རེས་ནོར་ ༥༠ དང་ལུག་ ༥༠ ལས་ཉར་མི་ཆོག་པའི་བཙན་བཀའ་བཏང་ཡོད་སྟབས། ས་གནས་བོད་མི་ཚོ་དངངས་སྐྲག་འོག་ཕྱུགས་ཟོག་མང་ཆེ་བ་གཞན་ལ་བཙོང་ཡོད་པ་དང་། དེའི་རྗེས་ནས་བཟུང་ཁྱིམ་ཚང་གི་འཚོ་ཐབས་ལ་དཀའ་ངལ་འཕྲད་དེ་དཔྱིད་ཀ་སླེབས་ཡོང་སྐབས། གྲོང་པ་དེའི་རྒན་གཞོན་ཚང་མ་དབྱར་རྩ་དགུན་འབུ་བརྐོ་རུ་སོང་སོང་སྟེ་འཚོ་བ་སྐྱེལ་བཞིན་ཡོད་འདུག  

གསར་འགོད་པས་ཁོང་ལ་ས་གནས་ཀྱི་དགོན་པ་དང་སློབ་གྲྭའི་གནས་སྟངས་གང་འདྲ་ཡིན་མིན་དང་། གཞོན་སྐྱེས་ཚོའི་ལས་ཀའི་སྐོར་དྲིས་པར་ཁོང་གིས། “ ཕ་མ་དང་རྒན་མགོ་ཚོའི་ཁ་ནས་སྔོན་མ་མེར་ཁ་དགོན་པ་ཟེར་བ་ཞིག་ཡོད་པ་དེ་ང་ཚོའི་གྲོང་པའི་མང་ལ་ཐོགས་པ་རེད་ཟེར་བ་ལས། ཆུང་དུས་ནས་སྡེ་བའི་ཉེ་ཁུལ་ན་དགོན་པའི་ཤུལ་ཙམ་ཡང་མཐོང་རྒྱུ་མི་འདུག གཅིག་བྱས་ན་གྲོང་ཚོའི་ནང་གི་ཆོས་པ་མང་ཆེ་བ་སྔགས་ཆོས་ཡིན་དུས། དམིགས་བསལ་དགོན་པ་དང་རབ་བྱུང་བ་མེད་པ་ཡིན་རྒྱུ་རེད། དེ་བཞིན་སློབ་གྲྭའི་ཕྱོགས་ནས། ང་ཚོའི་ཉེ་འཁོར་ལ་སློབ་གྲྭ་ཡང་མཐོང་རྒྱུ་ཡོད་པ་མ་རེད། ང་རང་ལོ་ ༢༡ ལ་སོན་པའི་བར་དུ་ཕྱུགས་ཟོག་འཚོ་སྐྱོང་བྱས་བསྡད་པ་ཡིན། སློབ་གྲྭར་འགྲོ་མ་ཐུབ་པ་དེ་ཆ་རྐྱེན་གྱིས་མ་འདང་བ་དེ་འདྲ་མ་རེད། གཙོ་བོ་ང་ཚོའི་ས་ཆར་སློབ་གྲྭ་མེད་པ་དང་། གལ་སྲིད་ས་གནས་གཞན་ལ་སློབ་གྲྭར་ཕྱིན་ཡང་རྒྱ་ཡིག་ལས་བོད་ཡིག་ཡག་པོ་སློབ་ཀྱི་མེད་པ་དང་། རྗེས་མ་སློབ་མཐར་ཕྱིན་ཡང་བྱ་བ་རག་གི་མེད་པའི་སྐད་ཆ་ཕ་མ་ཚོས་ཐོས་ཏེ་ཕྲུ་གུ་སློབ་གྲྭར་གཏོང་རྒྱུར་དགའ་བོ་ཡོད་པ་མ་རེད། དེར་བརྟེན། ང་ཚོའི་གྲོང་ཚོར་ང་དང་གཅིག་མཚུངས་ཀྱི་གཞོན་སྐྱེས་ ༣༠ མ་ཟིན་ཙམ་ཞིག་ཡིག་རྨོངས་ཆགས་ཡོད་པ་རེད། “ཅེས་བརྗོད་བྱུང་།

ཡང་ཁོང་ལ་ ༢༠༠༨ ལོར་བོད་ཀྱི་ས་ཁུལ་ཁག་ཏུ་ཞི་རྒོལ་བྱས་པའི་གནས་ཚུལ་དང་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་སྐོར་གོ་ཐོས་ཡོད་མེད་དྲིས་པར “ ༢༠༠༨ ལོར་ཁམས་དང་ལྷ་སར་ཡར་ལངས་བྱེད་ཀྱི་ཡོད་པ་ཞིག་ཕྱུགས་འཚོ་རོགས་དག་གི་ཁ་ནས་གོ་སོང་། ཡིན་ནའང་། ང་ཚོ་ས་ཆ་ཁུག་ཀྱོག་ཅིག་ཏུ་ཡོད་པས་ལས་རྒྱུ་གང་ཡང་མི་འདུག ང་ཆུང་དུས་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་མཇལ་བ་རབ་རིབ་ཅིག་དྲན་གྱི་འདུག་ལ། ཕ་མ་རྒན་མགོ་ཚོས་ཀྱང་ “༧རྒྱལ་བ་རིན་པོ་ཆེ་མཁྱེན” ཞེས་གསོལ་བ་འདེབས་པ་ཐོས་མྱོང་ཡོད། ཕྱིས་སུ་རྒྱ་གཞུང་གིས་༸རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམ་མི་ཆོག་པ་བཟོས་པ་རེད་ཟེར་གྱི་འདུག ངས་༧རྒྱལ་བ་རིན་པོ་ཆེ་ལྷ་སྐུ་ཞིག་དང་ཐང་ག་ཞིག་ཡིན་པའི་ཚོར་སྣང་ཙམ་ལས་དངོས་སུ་མཇལ་རྒྱུ་ཡོད་པ་ཞིག་ཏུ་བསམ་མྱོང་མེད། ཡིན་ནའང་། ཕྱིས་སུ་མི་གཞན་གྱི་ཁ་ནས་ཁོང་རྒྱ་གར་དུ་བཞུགས་ཡོད་ཚུལ་དང་རྒྱ་གར་ནང་དགོན་པ་དང་སློབ་གྲྭ  བོད་གཞུང་གི་སྒྲིག་འཛུགས་སོགས་ཡོད་པ་གོ་སོང་ལ། བལ་ཡུལ་སྣེ་ལེན་ཁང་དུ་སླེབས་སྐབས་ཁོང་དངོས་སུ་རྒྱལ་ཁབ་གཞན་ནང་ཕེབས་ཀྱི་ཡོད་གློག་བརྙན་ནང་མཇལ་བྱུང”  ཞེས་བརྗོད་བྱུང་།    

མཐར་ཁོང་ལ་རྒྱ་གར་ནང་ཡོང་སྟངས་སྐོར་དང་དམིགས་ཡུལ་གང་འདྲ་ཡོད་མེད་དྲིས་པར། “ སྤྱིར་བཏང་ང་ལ་མཚོན་ནང་ནས་ཆུང་ཤོས་ཡིན་ཡང་། ཆུང་དུས་ཕུ་བོ་ཁྱིམ་ཚང་གཞན་དུ་གནས་སྤར་རྗེས་ངས་ཕ་མ་གཉིས་ལ་བདག་སྐྱོང་བྱས་པ་ཡིན་ལ། སྔར་ལོ་ཨ་མ་འདས་གྲོངས་སུ་ཕྱིན་རྗེས་ངས་ཨ་ཕར་བདག་སྐྱོང་བྱས་པ་ཡིན། ངས་འདས་པའི་ལོ་ ༢༡ རིང་དཀའ་ལས་ཅི་ཙམ་བརྒྱབ་ཀྱང་ཕྱུགས་ཟོག་འཚོ་རྒྱུ་ལས་ལྷ་ས་དང་གཞིས་ཀ་རྩེ་ལ་འགྲོ་མྱོང་མེད་ལ། ཐ་ན་འབྲོང་པ་རྫོང་དང་ཞང་ལའང་འགྲོ་མྱོང་མེད་པས། ཨ་ཕ་དང་སྤུན་མཆེད་གཉིས་ལ་གྲོས་བྱས་ཏེ། རྒྱ་གར་ལ་ཕྱིན་ན་༧གོང་ས་མཆོག་ལ་མཇལ་ཁ་དང་། སློབ་སྦྱོང་ཡང་རག་གི་ཡོད་དུས། ལམ་འཁྲིད་པ་ཞིག་ལ་རྒྱ་སྒོར་ ༥༠༠༠ སྤྲད་དེ་བལ་ཡུལ་བར་ཡོང་བ་ཡིན། མ་འོངས་པའི་དམིགས་ཡུལ་ཟེར་ནས་ཆེན་པོ་གང་ཡང་མེད། ཐོག་མའི་དམིགས་ཡུལ་འགྲུབ་ཆེད་ང་རང་ལྷོ་ཕྱོགས་རྣམ་གྲོལ་གླིང་དགོན་པའི་ཁྱབ་ཁོངས་སུ་ཡོད་པའི་གསང་སྔགས་དར་རྒྱས་གླིང་དུ་ཕྱིན་ཏེ་སྔགས་ཆོས་ཀྱི་ཐོག་སློབ་གཉེར་བྱ་རྒྱུ་ཡིན། ཆབ་སྲིད་དང་རྩ་དོན་ཐོག་ང་རང་གིས་ནུས་པ་ཆེན་པོ་འདོན་ཐུབ་པའི་རེ་དེ་འདྲ་མེད” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 5

  1. བརྩོན་རྒྱམ། says:
    ལོ་ 14 སྔོན།

    ཁ་བྱང་གི་ལན།   ༧གོང་ས་མཆོག་སངས་རྒྱས་དངོས་སུ་བྱོན་ཡོད་ན་ཡང་མི་རྒོད་ཚོ་འདུལ་མ་ཐུབ་ན་ལྷ་སྐུ་ཞིག་དང་ཐང་ག་ཞིག་ཕན་གྱི་ཁག་པོ་རེད།  

    Reply
  2. རྟེན་འབྱུང་། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་འདིའི་ནད་རྙིང་ཡང་འཕར་འདུག་སྙིང་རྗེ། ནོར་བའི་ནོར་ཉམས་དེ་མི་རྣམ་དཔྱོད་ཅན་གྱིས་ཆོད་གྱི་རེད་མ་གཏོགས་སེམས་ཅན་དུད་འགྲོ་ཚོས་ཆོད་ཀི་མ་རེད། དཔེ་དེ་བཞིན་དུ་༧གོང་ས་མཆོག་གི་སྐུའི་གསང་གསུམ་གྱི་ཡོན་ཏན་རྣམས་འཛམ་གླིང་འདིའི་སྒང་གི་མཁས་དབང་ཚོས་ཧ་གོ་ནས་རྟགས་མ་ཕུལ་བ་དང་གདན་འདྲེན་གྱིས་བཀའ་སློབ་ཞུ་ཡ་སོགས་གཡར་གྱི་ཆུ་བོ་ལྟར་རྒྱས་བཞིན་པ་ལ་ལྟོས་དགོས།

    Reply
  3. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དེང་སང་རྡ་ས་ནས་ཆབ་སྲིད་པ་འདི་ཚོས་རྒྱལ་བ་རིན་པོ་ཆེ་འཛམ་གླིང་ཉི་མ་བཞིན་མ་ཁྱབ་ཞིག་མེད་རབ་བཤད་ཀྱི་ཡོད་་་་ང་ཚོས་ཕ་ཡུལ་དང་ས་ཕྱོགས་ནས་རྒྱལ་བ་རིན་པོ་ཆེ་ཟེར་བ་ག་མྱོང་བ་ཙམ་ལས་་་་སུ་ཡིན་ཏག་ཏག་ཤེས་ཀྱི་མེད་་་་་མི་འདིས་སྐད་ཆ་ལྷད་མ་འདྲེས་པ་ཞིག་བཤད་འདུག་་་་་་ང་ཚོའི་ཕ་ཡལ་ནས་རྩ་བའི་བླ་མ་འམ་བླ་མ་ཆེ་ཤོས་དེ་རྒྱལ་བ་རིན་པོ་བརྩི་གི་མ་རེད་་་་་འདི་འདྲའི་ས་ཁུལ་བོད་ལ་མང་་་་་

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ས་ཁུལ་སོ་སོའི་གནས་སྟངས་མི་འདྲ་བ་དེ་ས་ཁུལ་སོ་སོའི་མི་དམངས་ཀྱི་ཤེས་ཡོན་དང་བསམ་བློའི་གོ་རྟོགས་སོགས་ལ་ཡང་འབྲེལ་བ་ཡོད། ང་ཚོའི་ས་ཁུལ་སོགས་ལ་མཚོན་ན་ས་ཆ་བགོས་ནས་སྒོ་ཕྱུགས་བགོས་ནས་ཆ་སྙོམ་བྱས་ཡོད། ད་ལྟ་ལ་ལ་སྒོ་ནག་ལ་བུད་པ་དང་ལ་ལ་ཕྱུག་པོ་ཆགས་ཡོད། ལ་ལས་རང་གི་རྩྭ་ས་ཡང་བཙོང་ཚར་ཡོད། འདི་དག་རང་ཉིད་ལ་རག་ལས་པ་ཞིག་རེད།
    དེང་སང་འཛམ་གླིང་ཀུན་ལ་ཏཱ་ལའི་བླ་མ་ཞེས་པའི་སྙན་གྲགས་འཕུར་གྱིན་པས་བོད་གངས་ཅན་ལྗོངས་སུ་ཡང་ད་དུང་མ་གོ་མ་ཤེས་པ་ཡོད་དོན་ཅི། འདི་ཡང་ཁག་གཞན་ལ་དཀྲིའམ། ད་དུང་གཉིད་མ་སད་པའི་རྟགས་རེད། གཉིད་འདི་རང་གིས་སད་དུ་འཇུག་པ་ཞིག་ལས་གཞན་གྱིས་གཉིད་ལས་སློང་རྒྱུར་རེ་བ་རྒྱག་མི་རུང། གཞན་གྱིས་གཉིད་བཅུག་ནས་འཆི་རུ་འཇུག་ན་ཡང་ཐང།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སྐད་ཆ་དྲང་པོ་དྲང་ཤག་ལྷ་སྐུས་གསུངས་པ་དང་ཁྱད་མེད་པ་ཅིག་བཤད་འདུག མི་འདི་འདྲའི་རིགས་ལ་ཕན་ཐོགས་དུས་སུ་འདགས་མ་ཐུབ་ན་བཙན་བྱོལ་སྒྲིག་འཛུགས་ཀྱི་དགོས་གཅིག་མ་བསྒྲུབས་པ་རེད་སྙམ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese