མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་གསུམ་གྱི་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཁམས་དཔལ་ཤོད་རྫོང་གི་བསོད་ནམས་རྣམ་རྒྱལ་འབོད་པའི་སློབ་མ་ཞིག་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག

ལྷོ་ཕྱོགས་སེ་ར་ཚ་བ་ཁང་ཚན་གྱི་གྲྭ་བློ་བཟང་ཆོས་འཕེལ་ལགས་ཀྱིས་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས། འདི་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༡༧ ཉིན་ཁམས་ཆབ་མདོ་ཁུལ་དཔལ་ཤོད་རྫོང་གྲོང་ཚ་ཤང་མགོ་ར་གྲོང་ཚོའི་རང་ལོ་ ༢༣ ཡིན་པའི་སློབ་མ་བསོད་ནམས་རྣམ་རྒྱལ་འབོད་པ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ཉེ་ཆར་དཔའ་ཤོད་རྫོང་འབྲིང་རིམ་མི་མང་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་ངོ་ལོག་པ་ཡིན་པའི་ཉེས་མིང་འོག་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཁོང་འཛིན་བཟུང་བྱེད་དོན་གཙོ་བོ། སྔར་ལོ་ཁོང་གིས་གྲོང་ཚ་ཞང་གི་སློབ་གྲྭའི་ནང་བསྒྲེངས་འཛུགས་བྱས་ཡོད་པའི་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ། རྡོ་ཆེན་པོ་ཞིག་གི་འོག་སྤས་བ་སོགས་ཀྱིས་རྒྱ་ནག་གཞུང་ལ་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པ་དང་། སྐབས་དེར་ས་གནས་ཉེན་རྟོག་མི་སྣས་བརྩད་གཅོད་རིམ་པར་བྱས་ཀྱང་ཤེས་རྟོགས་བྱུང་མེད་ནའང་།  འདི་ལོ་ཁོང་གིས་ཕ་ཡུལ་གྱི་ས་གནས་སུ་དབྱར་རྩྭ་རྒུན་འབུ་བརྐོ་བཞིན་པའི་སྐབས། མི་སེར་དཀྱུས་མའི་ལྭ་བ་གོན་པའི་ཉེན་རྟོག་པ་གཉིས་ཡོང་སྟེ་ཁོང་ལྷ་སར་འགྲོ་དགོས་སྐོར་སོགས་བཤད་དེ་བཙན་འཁྲིད་ཀྱིས་ཉིན་ ༣ རིང་ས་གནས་ཀྱི་ཉེན་རྟོག་དོ་དམ་ཁང་དུ་བཀག་ཉར་འདྲི་བརྩད་བྱས་ཡོད་འདུག་ལ། རྗེས་སུ་དཔལ་ཤོད་རྫོང་ཉེན་རྟོག་པར་རྩིས་སྤྲོད་ཀྱིས་རྫོང་གི་བཙོན་ཁང་དུ་ཟླ་ ༤ མ་ཟིན་ཙམ་ལ་བཙོན་འཇུག་བཀག་ཉར་དང་ཉེས་རྡུང་ཚབས་ཆེན་བཏང་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་ངོ་ལོག་པ་ཡིན་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཉེ་ཆར་ཁོང་གི་ནང་མིས་བཙོན་གྲོགས་ཤིག་བརྒྱུད་དེ། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་སྐབས་གཅར་རྡུང་མནར་གཅོད་བཏང་སྟེ། ཁོང་གི་རྣ་གཉིས་འོན་པར་གྱུར་ཡོད་པ་དང་གཟུགས་པོའི་གནས་སྟངས་སྐྱོ་བོ་ཡིན་པའི་གནས་ཚུལ་ཤེས་ཡོད་པ་ལས།  ད་ལྟའི་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་ཤེས་མེད་པར་ལྷག་ཡོད་འདུག   

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༤ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

མཆན། 3

  1. བསོད་ནམས་རྒྱ་མཚོ། says:
    ལོ་ 15 སྔོན།

    རྒྱ་དམར་དགྲ་བོའི་དར་དམར།།
    མེ་མདའི་ཁ་ནས་ཕབ་མཁན།།
    སྙིང་སྟོབས་དམར་ཡག་སྟག་འདྲ།།
    ཁྱོད་དང་ཁྱོད་འདྲར་ཡི་རང་།

    དཔའ་ཤོད་ཡུལ་གྱི་དཔའ་རྒོད།
    གངས་ལྗོངས་བདེན་མཐའ་གསལ་ཕྱིར།
    དམྱལ་བའི་མནར་གཅོད་སྡུག་སྔལ།
    མྱོང་ཕོད་དོན་གྱི་སེང་ཕྲུག།

    ཁྱེད་ཀྱི་རེ་དོན་རླབས་ཆེན།།
    མྱུར་དུ་འགྲུབ་པའི་རམ་འདེགས།།
    བོད་པ་ཡོངས་ལ་ཡོད་ཕྱིར།།
    གཅིག་པུར་བཞག་ན་མཚང་ཆེ།།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    རྒྱ་དམར་གྱིས་སྲིད་དོན་ཐད་ཀྱི་ཉེས་མིང་བཀལ་དང་འགེལ་བཞིན་པ་ཚང་མ་ང་ཚོའི་སྤུན་ཟླ་ལེགས་ཤོས་དང་དཔའ་བོར་ངོས་འཛིན་འོས།

    Reply
  3. མཚོ་ཚང་བཀྲིས། says:
    ལོ་ 15 སྔོན།

    ཕྱི་ནས་དགྲ་བོས་གསོད་བཟུང་བཙོན་དུ་མནར། ནང་ནས་རང་རིགས་སྤུན་ཟླས་མཁོན། །བོད་པ་ཚང་ད་ཚར་ལ་ཉེ་བ་མ་ཡིན་ནམ་???????

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese