མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊེ་བྷེ་དང་མྱོས་རྫས་གཉིས་དཀའ་ངལ་ཆེ་ཤོས་རེད།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་མའི་དགོང་མོར་བོད་གཞུང་ཟློས་གར་ཚོགས་ཁང་དུ་ཊེ་བྷེ་དང་མྱོས་རྫས་སྐོར་གྱི་ཀྱེ་མ་ཞེས་པའི་གློག་བརྙན་ཞིག་མི་མང་ལ་གཟིགས་འབུལ་ཞུས་ཡོད་འདུག

དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་དགོང་མོའི་ཆུ་ཚོད་  ༥  དང་ཕྱེད་ཀའི་སྟེང་། ངྷ་ས་བོད་གཞུང་ཟློས་གར་ཚོགས་ཁང་དུ། གློ་བའི་གཉེན་ཚད་ཊེ་བྷེ་ནད་གཞི་དང་ཐ་མ་ནག་པོའི་ཉེས་དམིགས་སྐོར་གྱི་གློག་བརྙན་༼ ཀྱེ་མ ༽ཞེས་པ་ཞིག་གཟིགས་འབུལ་ཞུས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གཙོས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དབུས་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་གི་འགན་འཛིན་དང་སྨན་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་མགོ་འཛིན། དེ་བཞིན་བཞུགས་སྒར་ཁུལ་གྱི་བོད་རིགས་སེར་སྐྱ་མང་ཚོགས་ ༡༠༠ ཙམ་འདུ་འཛོམས་བྱུང་ཡོད།

མཛད་སྒོའི་སྟེང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཊེ་བྷེ་ནད་གཞི་དང་ཐ་མ་ནག་པོ་གཉིས་བོད་པའི་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་དེ་གཉིས་སྐོར་ངོ་སྤྲོད་གནང་སྟེ།  “ སྤྱིར་ཊེ་བྷེ་ནད་གཞི་དེ་སྤྱི་ཚོགས་སྐྱོ་བོའི་ནང་ཡོང་གི་ཡོད་པ་དང་། ཁྲག་ཤེད་ན་ཚ་དང་སྙིང་ནད། ཐ་མ་ནག་པོ་འཐེན་པ་སོགས་སྤྱི་ཚོགས་ཕྱུག་པོའི་ནང་ཡོང་གི་ཡོད་ནའང་།  བོད་པའི་སྤྱི་ཚོགས་ནང་སྤྱི་ཚོགས་མཐོ་དམན་གཉིས་ཀྱི་ན་ཚ་ཡོང་བཞིན་པ་དེ་གནས་སྟངས་ཁྱད་མཚར་ཞིག་ཆགས་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་སྤྱི་ཚོགས་གཞན་དང་མ་འདྲ་བར་ཊེ་བྷེ་ན་གཞི་དེ་ཛ་དྲག་གི་ངོ་བོར་འཕེལ་བཞིན་ཡོད་སྟབས། ན་ཚ་དེ་གཞན་ལ་འགོས་སླ་བ་དང་བཅོས་དཀའ་བ་སོགས་ཀྱིས་ཉེན་ཁའི་དུས་སུ་བསླེབས་ཡོད་ ” ཅེས་གསུངས་སོང་། ཡང་བཀའ་ཁྲི་མཆོག་གིས་མུ་མཐུད་དེ་མ་འོངས་པར་བོད་པའི་སྤྱི་ཚོགས་ནང་དཀའ་ངལ་དེའི་རིགས་ཉུང་དུ་འགྲོ་བར་མང་ཚོགས་ཀྱིས་དོ་སྣང་དང་གློག་བརྙན་འདི་བརྒྱུད་མང་ཚོགས་ནང་གོ་རྟོགས་གསར་པ་ཞིག་ཡོང་བའི་རེ་བ་ཡོད་སྐོར་གསུངས་སོང་། དེའི་རྗེས་འཕྲོད་བསྟེན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་ཀྱང་གློག་བརྙན་འདི་ལ་བོད་རིགས་མང་ཚོགས་ཀྱིས་དོ་སྣང་བྱ་དགོས་པའི་འབོད་སྐུལ་བཅས་ཞུས་སོང་།  

ཀྱེ་མ་ཞེས་པའི་གློག་བརྙན་འདི་ནི་འཕྲོད་བསྟེན་ལས་ཁུངས་དང་ཟློས་གར་གཉིས་ཐུན་མོང་ཐོག་བཟོ་བསྐྲུན་བྱས་པ་ཞིག་ཡིན་ཞིང་། གློག་བརྙན་དེའི་ནང་གི་འཁྲབ་སྟོན་པ་རྣམས་ཟློས་གར་ཚོགས་པའི་ལས་བྱེད་ཡིན་འདུག

གསར་འགོད་པ། དཔལ་ལྡན། 

༼ ཞིབ་ཕྲའི་གནས་ཚུལ་བོད་ཀྱི་དུས་བབ་ཚགས་པར་སྟེང་འགོད་འཆར་ཡོད། ༽

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༦ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༩ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 5

  1. Ngawang Norbu says:
    ལོ་ 15 སྔོན།

    ༄༅། །ད་རེ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་བོད་གཞུང་ཟློས་གར་གཉིས་མཐུན་མོང་ཐོག་བཟོ་བསྐྲུན་མཛད་པའི་གློག་བརྙན་”ཀྱེ་མ་”་ཞེས་ཞིག་ཐོན་ཡོད་པ་ཧ་ཅང་དགའ་པོ་བྱུང་། ཡུན་རིང་ནས་གུས་རང་གི་བསམ་པར་བོད་གཞུང་ཟློས་གར་དང་ཤེས་རིག དྲིལ་བསྒྲགས་དང་ཆོས་རིག་ལྷན་ཁང་སོགས་མཉམ་རུབ་ཀྱི་བོད་ཀྱི་རྒྱལ་རབས་ལོ་རྒྱུས། ཆོས་དང་འབྲེལ་བའི་ལས་རྒྱུ་འབྲས། ཚེ་འདི་ཕྱི། བོད་ཀྱི་གྲགས་ཅན་དཔའ་བོ་དཔའ་མོ། གཞན་ཡང་དེང་དུས་ཀྱི་མི་ཚེའི་འགྲོ་སྟངས་སོགས་ཀྱི་སྐོར་ལ་གློག་བརྙན་བཟོ་བསྐྲུན་ཐུབ་ན་དེང་དུས་ཀྱི་བོད་ཕྲུག་ན་གཞོན་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་བ་འདུག་བསམ་པའི་བསམ་ཚུལ་ཐེངས་འགའ་ཕུལ་མྱུང་ཡོད། ད་རེ་གོང་གི་གནས་ཚུལ་འདི་དང་འབྲེལ་ཆགས་ཡོད་དུས་ཡང་བསྐྱར་ཞུ་འདོད་བྱུང་། ཐུགས་རྗེ་ཆེ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཊི་བྷི་TBལ་ཊེ་བྷེ་འདི་བོད་སྐད་འདི་སུའི་བོད་སྐད་རེད།

    Reply
  3. དོན་འགྲུབ། says:
    ལོ་ 15 སྔོན།

    སྤྱི་ཚོགས་ལ་ཕན་པའི་ཆེད་ཡིན་ན་ནི་ཡག་པོ་རེད་ལ་རྒྱབ་སྐྱོར་ཡོད། རང་ཉིོད་ཁེ་ཕནགཅིག་པོའི་ཆེད་ཡིན་ན་ཐ་ཤལ་རེད།

    Reply
  4. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    གློག་བརྙན་འདི་རིམ་བཞིན་མང་ཚོགས་ལ་རིན་མེད་ཀྱིས་བཏོན་འཆར་འདུག་ཅིང་། དམིགས་བསལ་རྡོར་གདན་དུ་ཁྱབ་བསྒྲགས་ཤུགས་ཆེ་གནང་འཆར་འདུག གློག་བརྙན་དེའི་མིང་ཆ་ཚང་། (ཀྱེ་མ། ལམ་ནོར་གྱི་སྐྱོ་གདུང་།)ཟེར་གྱི་འདུག

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    གློག་བརྙན་འདི་རིགས་སྟོན་དུས་ཆེ་ཆེ་མཐོ་མཐོ་ཚོ་ལས་མི་དམངས་དང་སློབ་ཕྲུག་གང་མང་མགྲོན་འབོད་གནང་ན་ལོས་བཟང། མི་བརྒྱ་ཐམ་པ་མང་དྲགས་པ་མ་རེད་དམ། གལ་ཏེ་སྐད་འབོད་བཏང་ནས་ཀྱང་འདི་ཙམ་ལས་མ་ཡོང་བ་ཡིན་ན་ད་སྤྱི་ཚོགས་ཁྲོད་ལ་ཁྱབ་སྤེལ་ཅི་ཙམ་འགྲོ་མིན་ཡང་ཚོད་དཔག་ཐུབ་པ་ཞིག་རེད། གང་ལྟར་དུས་ངན་སྙིགས་མའི་རང་མཚང་ལ་འགོག་ཐབས་དཀའ་བའི་རྟགས་མཚན་ལོས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese