མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རླངས་འཁོར་གྱིས་བརྫི་བཞིན་པའི་བོད་མི།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ད་ལོ་གཅིག་པུར་རྡོ་སོལ་སྐྱེལ་འདྲེན་རླངས་འཁོར་གྱིས་མཚོ་སྔོན་བོང་སྟག་ཚོ་བའི་མི་ ༤ དམར་གསོད་དང་མི་ ༥ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

འདས་པའི་ལོ་བཅུ་ལྷག་གི་རིང་རྒྱ་གཞུང་གིས་བོད་མདོ་སྨད་མཚོ་ནུབ་ཐེམ་ཆེན་རྫོང་ཁོངས་སུ་ཡོད་པའི་མུ་རུའི་རྡོ་སོལ་གཏེར་ཁ་བསྔོག་འདོན་རྒྱ་བསྐྱེད་བྱས་ཡོད་པར་མ་ཟད། ལོ་ལྟར་ས་གནས་བོད་མི་མང་པོར་རྡོ་སོལ་སྐྱེལ་འདྲེན་རླངས་འཁོར་གྱིས་བརྡུང་སྟེ་ཤི་རྨས་ཚབས་ཆེན་བཟོ་བཞིན་ཡོད་པ་དང་། ད་ལོ་གཅིག་པུར་རྒྱ་གཞུང་གི་རྡོ་སོལ་སྐྱེལ་འདྲེན་རླངས་འཁོར་གྱིས་བོང་སྟག་ཚོ་བའི་བོད་པ་ཡུལ་མི་ ༤ དམར་གསོད་དང་ ༥ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག ཡིན་ནའང་། ད་ལྟའི་བར་ས་གནས་རྒྱ་གཞུང་གིས་ཤི་རྨས་དོན་རྐྱེན་དེ་དག་གསང་སྦས་བྱས་སྟབས་གསར་ལམ་ཁག་ཏུ་ཐོན་ཐུབ་མེད་པ་རེད།

ཕྱི་ཚེས་ ༡༡ ཉིན་ཟིན་བྲིས་པ་ཞིག་གིས་དྲ་ཐོག་ཏུ་གནས་ཚུལ་སྤེལ་པ་ལྟར་ན། ད་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༣ ཉིན་ཐེམ་ཆེན་རྫོང་གི་ཐེན་མུ་གཞུང་ལམ་གྱི་ལམ་ཐིག་ལེ་དབར་ ༩༠ མཚམས་སུ། ལུང་དམར་རུ་ཁག་གཉིས་པའི་སྐར་མ་ཐུབ་བསྟན་བཟའ་མི་གཉིས་ལ་རྡོ་སོལ་སྐྱེལ་འདྲེན་རླངས་འཁོར་གྱིས་བརྡུང་སྟེ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་། ཕྱི་ཟླ་ ༤ ཚེས་ ༨ ཉིན་ཡང་བསྐྱར་ལམ་ཐིག་ལེ་དབར་ ༩༠ ལྷག་གི་མཚམས་སུ་ལུང་དམར་རུ་ཁག་དང་པོའི་ཨ་ཙོ་དང་། རུ་ཁག་གཉིས་པའི་ཐུགས་རྗེ་གཉིས་ལ་རྡོ་སོལ་རླངས་འཁོར་གྱིས་བརྡུང་སྟེ་དམར་གསོད་བཏང་འདུག  ཕྱི་ཟླ་ ༥ ཚེས་ ༡༢ ཉིན་ལམ་ཐིག་ལེ་དབར་ ༨༠ མཚམས་སུ་ལུང་དམར་རུ་ཁག་གཉིས་པའི་རུ་གཙོ་ཟུར་པ་ཀུ་རྒྱ་ལ་རྡོ་སོལ་རླངས་འཁོར་གྱིས་བརྡུང་སྟེ་ད་ལྟ་ཞ་འཁུམ་དུ་གྱུར་ཡོད་པ་དང་། ཕྱི་ཟླ་ ༦ ཚེས་ ༢༠ ཉིན་ལུང་དམར་རུ་ཁག་གཉིས་པའི་གངས་རི་རྒྱལ་ལ་རྡོ་སོལ་རླངས་འཁོར་གྱིས་བརྡུང་སྟེ་རྐང་པ་ཡ་གཅིག་གཏུབ་ཡོད་འདུག ཕྱི་ཟླ་ ༧ ཚེས་ ༢ ཉིན་ལམ་ཐིག་ལེ་དབར་ ༡༠༠ ཙམ་གྱི་མཚམས་སུ་ལུང་དམར་རུ་ཁག་གཉིས་པའི་སངས་འབྲུག་ལ་རྡོ་སོལ་རླངས་འཁོར་གྱིས་རྡུང་སྟེ་དམར་གསོད་བཏང་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༩ ཉིན་ལམ་ཐིག་ལེ་དབར་ ༡༠༠ ལྷག་གི་མཚམས་སུ་རུ་ཁག་གཉིས་པའི་ཀླུ་འབྲུག་ལ་རྡོ་སོལ་རླངས་འཁོར་གྱིས་རྡུང་སྟེ་རྐང་བ་ཡ་གཅིག་གཅོད་དགོས་བྱུང་འདུག ཕྱི་ཟླ་ ༧ ཚེས་ ༡༦ ཉིན་ལེ་དབར་ ༦༠ མཚམས་སུ་ལུང་དམར་རུ་ཁག་གཉིས་པའི་མཱི་ཅིན་ལ་རྡོ་སོལ་རླངས་འཁོར་གྱིས་རྡུང་སྟེ་དམར་གསོད་བཏང་ཡོད་འདུག 

དེ་སྔོན་བོང་སྟག་ས་ཁུལ་དུ་རྡོ་སོལ་སྐྱེལ་འདྲེན་བྱེད་མཁན་གྱི་རླངས་འཁོར་ཁ་ལོ་པ་ཞིག་གིས། མཚོ་སྔོན་པོའི་མཚོ་ཤར་གྱི་ལུག་གསོ་ར་བའི་ཁྲོམ་ཞིག་རླངས་འཁོར་འོག་གཅིར་ཏེ་གསོད་པ་ལས། ཐེམ་ཆེན་རྫོང་གི་འབྲོག་པ་ཞིག་བསད་པ་ཡིན་ན་དེའི་འགྲོ་སོང་དམའ་བ་འདུག ལུག་རྒྱུད་ལེགས་བསྒྱུར་བྱེད་སྤྱད་ཀྱི་ཁྲོམ་ཞིག་བསད་པ་ཡིན་ན་རྒྱ་སྒོར་ཁྲི་ ༡༨ ཀྱི་སྐྱིན་ཚབ་སྤྲོད་དགོས་པ་དང་། ཐེམ་ཆེན་རྫོང་གི་འབྲོག་པ་ཞིག་བསད་པ་ཡིན་ན། ཐ་ན་སྣོག་བརྒྱབ་སྟེ་སྨན་རིན་ཙམ་དང་སེམས་གསོ་ཙམ་ཡང་མ་བྱས་ན་ཆོག་པ་རེད་ཅེས་བརྗོད་མྱོང་ཡོད་འདུག

ཟིན་བྲིས་དེའི་ནང་ “ དཔལ་ཡོན་སྤྱི་ཚོགས་སྐད་པའི། ཁྲིམས་ལྡན་སྤྱི་ཚོགས་སྐད་པའི། ཞི་བདེའི་སྤྱི་ཚོགས་སྐད་པའི། འཆམ་མཐུན་སྤྱི་ཚོགས་སྐད་པའི། དེ་རིང་གི་སྲིད་གཞུང་གིས་ངའི་ཡུལ་མི་དག་འདི་ལྟར་རྩྭ་མི་ཤིང་མི་རུ་བལྟ་བཞིན་ཡོད ” ཅེས་བཀོད་དེ། ཟིན་བྲིས་སུ་བཀོད་པའི་ཡུལ་མི་ཤི་རྨས་ཀྱི་གྲངས་ཀ་དེ་ནི་ད་ལོ་གཅིག་པུར་ཁོ་ཚོའི་སྡེ་བའི་ནང་བྱུང་བའི་དོན་རྐྱེན་དག་ཡིན་པ་དང་། ཐེམ་ཆེན་རྫོང་ཁོངས་ཀྱི་མུ་རུའི་རྡོ་སོལ་གཏེར་ཁ་བསྔོག་འདོན་བྱས་ཏེ་ལོ་བཅུ་གྲངས་ལྷག་འདས་ཟིན་ཡོད་པ་དང་། ད་ལྟའི་བར་རྡོ་སོལ་སྐྱེལ་འདྲེན་དང་འབྲེལ་བའི་དོན་རྐྱེན་ཁྲོད་ཡུལ་མིར་ཤི་རྨས་ཐེབས་པའི་གྲངས་ཀ་ནི་དེ་བས་ཀྱང་མང་བའི་སྐོར་བརྗོད་འདུག 

གཞན་ཡང་། ཟིན་བྲིས་པ་དེས་ཤི་རྨས་དོན་རྐྱེན་གྱི་གནས་ཚུལ་བཀོད་པའི་མཇུག་ཏུ། “ ངའི་ཕ་ས་གཡང་གི་ཟོ་བ་དེ། དམར་ཁྲག་གི་འཁོར་ལོས་བརྫི་ཡིན་ཡོད། ངའི་ཕུ་ནུ་དུང་གི་སོ་ཕྲེང་དེ། འཇིགས་ལྕགས་ཀྱི་སོ་ཁས་གཏུབས་ཀྱིན་ཡོད། ལུས་རིན་ཆེན་གསེར་མཁར་ཡིན་ནོ་ཟེར། གསེར་ས་རུ་བསྲེ་ཚུལ་འདི་འདྲ་རེད། སྲོག་གཅེས་རྒུ་ནོར་བུ་ཡིན་ནོ་ཟེར། ནོར་ཐལ་བར་གཏོང་ཚུལ་འདི་ལ་ལྟོས། ” “ལར་དོ་ཞགས་སྨྲེང་བ་ལྷུག་ལྷུག་འོང་། མིག་ཁྲ་ཆུང་བལྟས་བལྟས་རིག་རིག་ལ། དུང་ཟླ་བ་གཟའ་ཡིས་ཁྱུར་མིད་བརྒྱབ། སྡུག་ཁུར་བོའི་ཁ་སྣོན་མིན་ནམ་ཅི། མཆོད་མར་མེའི་དཔང་བོ་ཡོད་བཞིན་དུ། སྨག་ནག་མོ་ལིང་ཏོག་གློར་བྱུང་འདྲ། སྡུག་ཁུར་བོའི་ཡང་སྣོན་མིན་ནམ་ཅི། ” ཞེས་སོགས་ཤོ་ལོ་ཀ་བརྒྱད་ཅན་གྱི་སྙན་རྩོམ་ཞིག་བྲིས་ཏེ་རང་སེམས་ཀྱི་སྡུག་གདུང་མཚོན་པར་བྱས་འདུག 

 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༩ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 4

  1. དོན་འགྲུབ། says:
    ལོ་ 15 སྔོན།

    གཞིས་སྡོད་བོད་མིའི་དཀའ་བསྔལ་འདི་ང་ཚོས་གང་འདྲ་བྱས་ནས་སེལ་དགོས་པ་རེད་བོད་མི་ཚོ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་གཞོས་སྡོད་པས།
    དེ་སྔོན་བོང་སྟག་ས་ཁུལ་དུ་རྡོ་སོལ་སྐྱེལ་འདྲེན་བྱེད་མཁན་གྱི་རླངས་འཁོར་ཁ་ལོ་པ་ཞིག་གིས། མཚོ་སྔོན་པོའི་མཚོ་ཤར་གྱི་ལུག་གསོ་ར་བའི་ཁྲོམ་ཞིག་རླངས་འཁོར་འོག་གཅིར་ཏེ་གསོད་པ་ལས། ཐེམ་ཆེན་རྫོང་གི་འབྲོག་པ་ཞིག་བསད་པ་ཡིན་ན་དེའི་འགྲོ་སོང་དམའ་བ་འདུག ལུག་རྒྱུད་ལེགས་བསྒྱུར་བྱེད་སྤྱད་ཀྱི་ཁྲོམ་ཞིག་བསད་པ་ཡིན་ན་རྒྱ་སྒོར་ཁྲི་ ༡༨ ཀྱི་སྐྱིན་ཚབ་སྤྲོད་དགོས་པ་དང་། ཐེམ་ཆེན་རྫོང་གི་འབྲོག་པ་ཞིག་བསད་པ་ཡིན་ན། ཐ་ན་སྣོག་བརྒྱབ་སྟེ་སྨན་རིན་ཙམ་དང་སེམས་གསོ་ཙམ་ཡང་མ་བྱས་ན་ཆོག་པ་རེད་ཅེས་བརྗོད་མྱོང་ཡོད་འདུག
    ཟེར།
    བོད་བྱེས་འབྱོར་པས་དེའི་ལན་དུ།
    དེའི་ཐད་ལ་ས་གནས་དབུ་ཁྲིད་དང་ཤེས་ཡོན་ཅན་ཚོས་ལམ་སྟོན་དང་ཕྱུག་པོ་ཚོས་རོགས་རམ་གནང་དགོས་ངེས་ཤིག་རེད། ང་ཚོས་འདི་དག་ལ་སྣང་ཆུང་གཏན་ནས་བྱེད་མི་རུང། ཐག་སྣེ་བསྟན་ན་ཁུགས་ལ་ལྡིང་ཟེར་བ་རེད། ཆེ་ས་ནས་གཞཱུང་དང་ཆུང་ས་ནས་རྒྱ་མི་སྒེར་བ་ཚུན་ཆད་མི་རིགས་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་མཁན་ཚང་མར་ངོ་རྒོལ་འཐབ་རྩོད་བྱེད་དགོས།
    ཟེར།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དོན་གནད་འདི་འདྲའི་སྐབས་སུ་ནང་སོག་མི་དམངས་ཀྱིས་ངོ་རྒོལ་ཅི་འདྲ་བྱས་སོང། དེ་ཚོ་མིག་དཔེ་ལྟ་ས་རེད། མི་སྲོག་དུད་འགྲོ་ལ་ཡང་མི་བརྩི་བའི་ལས་འདི་འདྲ་བྱེད་དུས་མི་དམངས་ཡོངས་ཀྱིས་ངོ་རྒོལ་སྐད་འབོད་རྒྱག་མ་ཐུབ་ན་ཡང་མ་མཐར་ཡང་ཁྲིམས་རྩོད་པ་བཙལ་ནས་ཁྲིམས་གཏུགས་བྱེད་ཐུབ་དགོས། དེའི་ཐད་ལ་ས་གནས་དབུ་ཁྲིད་དང་ཤེས་ཡོན་ཅན་ཚོས་ལམ་སྟོན་དང་ཕྱུག་པོ་ཚོས་རོགས་རམ་གནང་དགོས་ངེས་ཤིག་རེད། ང་ཚོས་འདི་དག་ལ་སྣང་ཆུང་གཏན་ནས་བྱེད་མི་རུང། ཐག་སྣེ་བསྟན་ན་ཁུགས་ལ་ལྡིང་ཟེར་བ་རེད། ཆེ་ས་ནས་གཞཱུང་དང་ཆུང་ས་ནས་རྒྱ་མི་སྒེར་བ་ཚུན་ཆད་མི་རིགས་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་མཁན་ཚང་མར་ངོ་རྒོལ་འཐབ་རྩོད་བྱེད་དགོས། ཁྲིམས་ལྟར་བྱེད་མཁས་པོ་ཡང་དགོས། གནད་དོན་འདི་རིགས་རླུང་འཕྲིན་ཁང་དག་ནས་གསལ་བཤད་དང་ལམ་སྟོན་གནང་འོས་པ་ཞིག་རེད། དེ་ཡང་ཐབས་མཁས་པོ་བྱས་ནས་གནད་དོན་དེ་རིགས་ཐད་ལ་བགྲོ་གླེང་གི་ལེ་ཚན་སོགས་བཟོས་ནས་བཤད་ཆོག་གི་རེད། གནས་ཚུལ་འདི་འདྲ་གོ་དུས་ངོ་མ་སྙིང་ན་བ་ཞིག་རེད།

    Reply
  4. བརྩོན་རྒྱམ། says:
    ལོ་ 15 སྔོན།

    གྲངས་ཉུང་མི་རིགས་ཀྱི་གནས་སྟངས་འདི་འདྲ་རེད།  མ་ཟད་རྒྱ་ནག་མི་མང་གི་ནང་དུ་ཡོད་པའི་གྲངས་ཉུང་མི་རིགས་ཚང་མ་ལ་འདི་འདྲ་མིའི་རིན་ཐང་ལ་བརྩི་བཀུར་བྱེད་ཀྱི་ཡོད་པ་མ་རེད།   ད་དུང་འདི་འདྲ་ཐབ་སྐྱོ་བོ་མང་པོ་ཡོད་པ་རེད།  ཕྱི་ལོ་གཉིས་སྟོང་བརྒྱད་ནས་བཟུང་ད་བར་བོད་མི་གང་མང་ཞིག་དམར་གཞུང་གི་དྲག་གནོན་བྱས་ཡོད་པ་དེ་གསལ་བོ་རེད་བརྗོད་མ་དགོས་པར་ཚང་མའི་ཤེས་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese