མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡིད་སྐྱོའི་གནས་ཚུལ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

གཞུང་ཞབས་ཟུར་པ་སྐུ་ཞབས་ཀུན་གླིང་བསྟན་པ་བཟོད་པ་ལགས་ཕོ་སྐྲན་གྱི་ནད་གཞིའི་འོག་སྨན་བཅོས་དྲག་སྐྱེད་མ་བྱུང་བར་འདས་གྲོངས་སུ་ཕྱིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་ཀུན་གླིང་བསྟན་པ་བཟོད་པ་ལགས། བར་ལམ་ནས་ཕོ་སྐྲན་གྱི་ནད་གཞི་ཕོག་སྟེ་ལྡི་ལིར་ཡོད་པའི་གངྒ་རམ་སྨན་ཁང་ཆེན་མོའི་ནང་སྨན་བཅོས་སུ་ཕེབས་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥ པ་ཡས་མས་སུ་སྨན་བཅོས་དྲག་སྐྱེད་མ་བྱུང་བར་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད།  

ཀུན་གླིང་བསྟན་པ་བཟོད་པ་ལགས་ནི། ཕྱི་ལོ་ ༡༩༣༣ ལོར་སྟག་རྩེ་རྫོང་ཁོངས་ཕག་མོ་ཞོལ་སྒེར་སྒུར་མ་ཁང་གསར་ཞེས་པའི་ཁྱིམ་དུ་འཁྲུངས་ཤིང་། ཕྱིས་སུ་ས་གནས་ཀྱི་བོད་ཡིག་སློབ་གྲྭ་དང་གཞུང་གཉེར་རྩེ་སློབ་གྲྭ་བཅས་སུ་སློབ་གཉེར་གནང་བ་དང་། རང་ལོ་ ༡༩ ཐོག་བོད་གཞུང་དགའ་ལྡན་ཕོ་བྲང་ཆེན་པོའི་གཞུང་ཞབས་རྩེ་དྲུང་དང་བཀའ་ཤག་གིས་བཀའ་འབྲེལ་ལྟར་ཤར་ཕྱོགས་ལམ་བཟོའི་ཕོགས་རྒྱག ༸གོང་ས་མཆོག་རྒྱ་ནག་ཏུ་ཆིབས་སྒྱུར་སྐབས་ཕེབས་བསུ་བ་དང་ལེགས་བཅོས་སྤྱི་ཚོགས་ཀྱི་ལས་འགན་བཞེས་ཡོད་པ་དང་། ༸གོང་ས་མཆོག་རྒྱ་གར་དུ་གནས་གཟིགས་སུ་ཆིབས་སྒྱུར སྐབས་ཞབས་ཞུ་བ་སོགས་གནང་ཡོད་པ་དང་། དེ་བཞིན་༸གོང་ས་མཆོག་རྒྱ་ནག་པེ་ཅིང་དུ་ཆིབས་སྒྱུར་བསྐྱངས་སྐབས་ཕེབས་སྒྲིག་དོ་དམ་པ།  ༡༩༥༩ ལོའི་ཟླ་ ༣ པར་རྒྱ་ནག་གིས་༸གོང་ས་མཆོག་གི་སྐུ་ཕྱྭར་བསྡོ་བའི་ཛ་དྲག་གི་གནས་ཚུལ་བྱུང་སྐབས་ཕོ་བྲང་གི་ལྕགས་རི་སེར་པོའི་སྒོ་སྲུང་བའི་ལས་འགན་བཅས་གནང་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༡༧ མཚན་མོ་༸གོང་ས་མཆོག་སྟོན་འཁོར་ནོར་གླིང་ཕོ་བྲང་ནས་ཆིབས་སྒྱུར་གྱིས་ར་མ་གྲུ་ཁ་ཐོན་ཏེ་སྣེའུ་རྫོང་དུ་བསླེབས་རྗེས། ཁོང་གིས་ཤག་ཚང་དགེ་རྒན་ཀུན་གླིང་ཛ་སག་འོད་ཟེར་རྒྱལ་མཚན་བཀའ་ལྟར། ཉེན་ཁར་མ་འཛེམས་པར་༸གོང་ས་མཆོག་གི་བཀའ་ཡིག་གལ་ཆེ་ཞིག་ནོར་གླིང་ཕོ་བྲང་དུ་ཡོད་པའི་དམག་དཔོན་བཀའ་བཀོད་ཁང་ལ་འབུལ་བར་ཕྱིན་ཡོད།

ཕྱི་ལོ་ ༡༩༥༩ ལོར་རྒྱ་མིའི་བཙོན་འོག་ཚུད་དེ་རྒྱ་ནག་ཅེའུ་ཇན་ཞེས་པའི་ས་ཁུལ་དུ་ངལ་རྩོལ་བསྒྱུར་བཀོད་དུ་བཏང་བ་མ་ཟད། དུས་བཀག་བཙོན་འཇུག་མི་ལོ་ ༢༠ ཉེས་ཆད་བཏང་། ཕྱི་ལོ་ ༡༩༧༩ ལོར་བཙོན་གྲོལ་ཐོབ་རྗེས་བོད་གཞིས་བྱེས་གཉེན་འཕྲད་ཀྱི་གོ་སྐབས་དང་བསྟུན་ནས་རྒྱ་གར་དུ་ཕེབས་ཏེ་༸ གོང་ས་མཆོག་ལ་མཇལ་ཁ་ཞུས། ༡༩༨༡ ལོའི་ཟླ་ ༦ ཚེས་ ༡ ནས་བདེ་སྲུང་ལས་ཁུངས་སུ་རྒན་དྲུང་གི་གནས་རིམ་ཐོག་ཞབས་ཞུ་གནང་ཡོད་པ་དང་། ༡༩༨༩ ལོར་གནས་རིམ་བདུན་པར་གནས་སྤོར་གྱིས་མོན་གྷོ་འདོད་རྒུ་གླིང་གི་གཞིས་མགོར་གནས་སྤོས་རྗེས། བགྲེས་ཡོལ་འཕར་འགྱངས་གནང་སྟེ་དྲུང་ཆེ་གཞོན་པའི་གནས་རིམ་ཐོག་ཞབས་ཞུ་གནང་། རྗེས་སུ་ནང་སྲིད་ལས་ཁུངས་སུ་གནས་སྤོར་བྱས་པ་ལྟར་ལོ་ ༡༤ རིང་ཕྱག་ལས་གནང་བ་དང་།  ༡༩༩༥ ལོར་བགྲེས་ཡོལ་བཀའ་འཁྲོལ་སྩལ་ཐོབ་མ་བྱུང་བར་གཞུང་མང་སྲི་ཞུའི་ཞབས་འདེགས་ཞུ་སྒོ་གང་ཅིར་ལྷག་བསམ་དོ་ཁུར་ཆེ་བསྐྱེད་ཞུས་ཡོད་པ་མ་ཟད། ད་བར་སྐུ་སྒེར་ཡིག་ཚང་དུ་ཞབས་ཞུ་གནང་སྟེ་སྐུ་ཚེ་གང་བོར་བོད་བསྟན་སྲིད་ཀྱི་དོན་དུ་ཞབས་འདེགས་བླ་མེད་བསྒྲུབས་ཡོད་པ་རེད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༡༢ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ཨ་ཁ་མཐོང་མྱོང་ངོ་ཤེས་གཅིག་གཤིན་རྗེས་འཁྲིད་ཚར་འདུག ར་བསད་ལུག་འདར་ཙམ་ཡང་མི་ཤེས་པའི་རྨོངས་པ་ང་འཆི་བ་མི་རྟག་པའི་དྲན་ཤེས་ཅིག་ག་དུས་ཡོང་ངམ། འདས་པོ་དལ་འགྲོའི་རྟེན་བཟང་གི་གོ་འཕང་མྱུར་དུ་ཐོབ་པར་ཤོག །

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 11 སྔོན།

    ཨོ་རྒྱན་ཡུལ་གྱི་ནུབ་བྱང་ན། བདེ་བ་ཅན་གྱི་ཉེ་འགྲམ་ན། ཨ་རི་ཡུལ་གྱི་ཞིང་ཁམས་ན། ཀུན་གླེང་བསྟན་བཟོད་སྐྱེ་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist