མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛིན་བྱང་ཧིན་སྒོར་ ༨༠༠ ལ་སྤར་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཕྲུག་ཁྱིམ་སྡེའི་དགུན་ཁའི་གུང་གསེང་ཀྱི་སྐབས་དང་བསྟུན་ཏེ། ངྷ་སའི་རླངས་འཁོར་ཁ་ལོ་པ་ཚོས་རླངས་འཁོར་གྱི་གླ་ཆ་ཧིན་སྒོར་ ༨༠༠ ལ་སྤར་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༩ཉིན་ནས་བོད་ཁྱིམ་སློབ་གྲྭ་ཁག་གི་དུས་ཡུན་ཟླ་གཉིས་ཀྱི་དགུན་ཁའི་གུང་གསེང་ལ་འཁེལ་ཡོད་པ་ལྟར། ད་ལོའི་བོད་ཁྱིམ་སློབ་གྲྭ་ཁག་གི་གུང་གསེང་སྐབས་དང་བསྟུན་ངྷ་ས་ནས་རྒྱལ་ས་ལྡི་ལིར་བསྐྱོད་པའི་རླངས་འཁོར་གྱི་འཛིན་བྱང་རིན་གོང་ཡང་མཐོ་རུ་ཕྱིན་ཏེ། ད་ཆར་འཛིན་བྱང་རེར་ཧིན་སྒོར་༦༠༠ ནས་ ༨༠༠ལ་སྤར་ཡོད་འདུག

དེའི་ཐད་ངྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོེ་རྗེ་ལགས་ཀྱིས་བརྗོད་དོན་ལྟར་ན། ལོ་ལྟར་བོད་ཁྱིམ་སློབ་གྲྭ་ཁག་གི་དགུན་ཁའི་གུང་གསེང་སྐབས། ངྷ་སའི་ས་གནས་འགྲིམ་འགྲུལ་ལས་ཁུངས་ཁག་གིས་རླངས་འཁོར་གླ་ཆ་སྤར་གྱི་ཡོད་པ་དང་། དེ་ནི་གཙོ་བོ་གུང་གསེང་སྐབས་སློབ་ཕྲུག་ཚོ་རྒྱ་བལ་འབྲུག་གསུམ་གྱི་ས་ཆ་གང་སར་ལོག་བཞིན་པར་ཆེད་དུ་དམིགས་པ་ཞིག་ཡིན་འདུག

གསར་འགོད་པས་ས་གནས་མགོ་འཛིན་ལགས་སུ་སློབ་མ་ཚོར་སྒོར་མོའི་དཀའ་ངལ་ཡོད་སྟབས། བདེ་དོན་ལས་ཁུངས་ཀྱིས་དཀའ་ངལ་སེལ་ཐབས་ཀྱི་ཐབས་ཤེས་གནང་གི་ཡོད་མེད་དྲིས་པར་ཁོང་གིས།  “ སྤྱིར་ཡིན་ན་རྒྱལ་ཁབ་དང་ས་གནས་གང་འདྲ་ཞིག་ཡིན་རུང་། མངའ་སྡེ་ཞིག་ནས་མངའ་སྡེ་གཞན་ཞིག་ལ་འགྲོ་དགོས་ན། འཛིན་བྱང་ཕྱེད་བཅག་གིས་ཆག་ཡང་གཏོང་གི་ཡོད་པ་རེད། ཡིན་ནའང་། ལོ་ལྟར་བོད་ཁྱིམ་སློབ་གྲྭའི་གུང་གསེང་སྐབས། ངྷ་ས་རླངས་འཁོར་ཁ་ལོ་པ་ཚོས་སློབ་ཕྲུག་ཚོར་རླངས་འཁོར་གླ་ཆ་གཅོག་རྒྱུའི་ཚབ་ལ་སྒོར་མོ་ཚོད་མེད་སྤར་གྱི་ཡོད་པ་རེད། ཉེ་ཆར་ང་རང་ཀ་ཅཱ་རཱ་གྲོང་རྡལ་སྤྱི་ཁྱབ་འགྲིམ་འགྲུལ་ལས་ཁུངས་སུ་ཕྱིན་ཏེ། འབྲེལ་ཡོད་མགོ་ཁྲིད་ལ་སློབ་ཕྲུག་ཚོར་གླ་ཆ་སྤར་ན་འོས་འཚམ་མིན་པ་དང་། རླངས་འཁོར་གླ་ཆ་དེ་སྔོན་མ་ལྟར་རང་འཇགས་སུ་འཇོག་དགོས་པའི་འབོད་སྐུལ་བཅས་ཞུས་པ་ཡིན། ཁོང་ཚོས་ཀྱང་གནད་དོན་དེའི་ཐོག་གྲོས་བསྡུར་བྱ་རྒྱུ་ཡིན་ ” ཞེས་བརྗོད་བྱུང་།  

བོད་ཕྲུག་ཁྱིམ་སྡེའི་དགུན་ཁའི་གུང་གསེང་དེ་ཟླ་འདིའི་ཚེས་ ༡༩ ཉིན་འཁེལ་ཡོད་འདུག་ལ། ད་ཆར་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ལ་ཁྱོན་སློབ་མ་ཆིག་ཁྲི་ ༡༠༠༠༠ ལྷག་ཡོད་འདུག

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༤ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༧ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

མཆན། 7

  1. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    རིན་གོང་སྤར་བ་དེ་ཧ་ཅང་ཡག་པོ་འདུག ང་ཚོའི་རིགས་འདི་ཡོད་མདོག་བྱེད་པ་ལ་དགའ་མཁན་ཞིག་ཡིན་སྟབས་ཡག་པོ་རེད། དེ་མིན་རིན་གོང་ཁེ་བོའི་རིགས་ཀྱི་རླངས་འཁོར་མིག་ནང་ལ་འཇོག་ན་རིན་གོང་ཁེ་བོ་ཡང་མ་མང་ན་མི་ཉུང་བ་རེད། ཨག་སྐད་འདོན་དགོས་པ་མེད་དོ།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    རྒྱ་གར་ཡུལ་ལུང་འདི་ཡི་ནང་རིན་གོང་ཆེ་ཆུང་འདྲ་མིན་དང་། བཟང་ངན་སྣ་ཚོགས་ཤིག་ཡོད་པས་རིན་གོང་ཆུང་ས་དང་བཟང་ས་ནས་གདམས་གནང་ན་འགྲིགས་པ་ལས། སྣུམ་འཁོར་གྱི་གླ་སོགས་འཕར་ཡོད་སྐོར་བརྗོད་ནས་བསྡད་ན་དོན་མེད་ཡུལ་མིའི་སེམས་འཁྲུག་རོགས་དང་རང་གཞན་ཚང་མ་མ་སྐྱིད་པ་ཡོང་རྒྱུ་ཉག་ཅིག་ཡིན་པ་ལས་གཞན་གྲུབ་འབྲས་གང་ཡང་མི་ཐོན། བྱ་སྔ་མ་ཤི་བའི་རོ་ལ་ལྟོས། ཟེར་བའི་དཔེ་ལ་བསམ་བློ་ཞིག་མཐོངས་དང་།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    འབྲེལ་ཡོད་མི་སྣས་འགན་འཁུར་བཞིན་པ་ཡག་པོ་རེད། མ་གཞི་ནས་ཚོང་ལས་པ་དང་སྲིད་དོན་པའི་རིགས་གནག་སེ་ཡོད་པ་རེད།

    ་་་་་ཆིག་ཁྲི་ ༡༠༠༠༠ ལྷག་ཡོད་འདུག་་་་
    ཆིག་ཁྲི་ལྷག་ཡོད་འདུག ་ཅེས་པས་འཐུས།
    མ་གཞི་ནས་བཅུ་ལྷག་དང་བརྒྱ་ལྷག་ཅེས་འབྲི་བ་ལས། ༡༠ལྷག་དང་༡༠༠ལྷག་སོགས་འབྲི་མི་འོས། རྒྱུ་མཚན་ཅི།

    Reply
  4. ཉེར་གཅིག་པའི་ཅོང་རྡ། says:
    ལོ་ 15 སྔོན།

    དེ་འདྲ་ཡིན་ན་བོད་པ་ཚོ་སྤྱིར་བཏང་གི་རླངས་འཁོར་ལ་བསྡད་ན་འགྲིག་གི་རེད། ཡིན་ཅིག་མིན་ཅིག་གོང་ཆེ་བའི་རླངས་འཁོར་ལ་བསྡད་དགོས་པ་ཡོད་མ་རེད།
    རྒྱ་གར་གཞུང་གི་རླངས་འཁོར་ལ་བསྡད་ན་རིན་གོང་ཆུང་བ་ཚང་མས་ཤེས་གི་རེད།

    Reply
  5. ཁ་བའི་འདབ་མ says:
    ལོ་ 15 སྔོན།

    ངྷ་སའི་རླངས་འཁོར་ཁ་ལོ་པ་ཚོས་རླངས་འཁོར་གྱི་གླ་ཆ་ཧིན་སྒོར་1000བྱེད་ན་ང་ཚོ་བཙན་བྱོལ་ཡོད་པའི་ཕྲུག་གུ་སོ་སོའི་དོ་བདག་རྣམས་ཀྱིས་བསམ་ཤེས་བྱེད་དགོས་པ་ཚིག་མ་རེད་དམ་

    Reply
  6. དོན་འགྲུབ། says:
    ལོ་ 15 སྔོན།

    མི་རིགས་གང་ཡིན་ཀྱང་ད་ལྟའི་གནས་སྐབས་འདིར་ཤེས་ཡོན་རྩ་ཆེན་འཛིན་བཞིན་པ་ནི་མངོན་སུམ་དུ་གྱུར་ཡོད་པ་དང་། རང་རེའི་བོད་པས་ཀྱང་ཤེས་ཡོན་རྩ་ཆེན་འཛིན་བཞིན་ཡོད་ཀྱང་། མི་རིགས་ལ་ཤ་ཞེན་མེད་མཁན་དང་། ཡུལ་ཁྲིམས་ལ་བརྩི་འཇོག་མེད་མཁན་རེ་ཟུང་གིས་འདོད་རྔམ་ཁོ་ནས་ལས་ཀ་འདི་འདྲ་བྱེད་ཚེ། གཞུང་དང་མི་དམངས་གཉིས་ཀས་དོ་སྣང་བྱེད་དགོས།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གུང་གསེང་དུས་ཡུན་ཙམ་ལ་སྒོར་༢༠༠སྤར་བ་ཡིན་ནམ། ལོ་ལེར་སྒོར་༢༠༠སྤར་རྒྱུའི་འཆར་གཞི་ཡང་ཡོད་པ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese