མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གྲོགས་པོ་ཞིག་འདས་གྲོངས།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཉི་མའི་ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཧཱ་ཝེལ་ལགས་དགོང་གྲངས་ ༧༥ སྟེང་རང་ཤག་ཏུ་འདས་གྲོངས་སུ་གྱུར་འདུག
ཕྱི་ཚེས་ ༡༨ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ (Czech Republic) ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཧཱ་ཝེལ་ (Vaclav Havel) ལགས་འདས་གྲོངས་སུ་གྱུར་ཡོད་ཅིང་། ཁོང་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་རྗེས་ཅེག་མི་མང་གིས་སྒྲོན་མེ་དང་མེ་ཏོག་ཁྱེར་ཏེ་ཁོང་ལ་མྱ་ངན་རྗེས་དྲན་བྱས་ཡོད་པ་དང་། དེ་བཞིན་དབྱིན་ཇིའི་སྲིད་བློན་ཁཱམ་མེ་རོན་དང་འཇར་མན་སྲིད་བློན་ལྕམ་མེར་ཀེལ་སོགས་ཀྱིས་དམ་པ་ཁོང་གིས་མི་ཚེ་གང་པོ་རང་དབང་དང་དམངས་གཙོའི་དོན་དུ་ཕུལ་པའི་མཛད་རྗེས་ལ་རྗེས་དྲན་དང་མྱ་ངན་ཤིས་ཚིག་ཕུལ་ཡོད་འདུག
ཧཱ་ཝེལ་འདས་གྲོངས་སུ་གྱུར་རྗེས་༧གོང་ས་མཆོག་གིས་དམ་པ་ཁོང་གི་སྐུ་ཟླ་ཧཱ་ཝིལོ་ཝ་(Dagmar Havlova) ལགས་ལ་སེམས་གསོ་དང་མྱ་ངན་ཞུ་ཚིག་བསྐུར་ཏེ། འཛམ་གླིང་གི་མི་སྣ་རླབས་ཆེན་ཁོང་གིས་ཅེག་རྒྱལ་ཁབ་ལ་རང་དབང་དང་དམངས་གཙོའི་རྒྱལ་ཁ་བླངས་པ་དང་། ༧གོང་ས་མཆོག་སྐུ་སྒེར་དང་བོད་ཀྱི་གྲོགས་པོ་ཡག་ཤོས་ཤིག་ཡིན་པ་མ་ཟད།སྐུ་སྒེར་ངོས་ནས་ཁོང་ལ་བརྩི་བཀུར་དང་མིག་དཔེར་ལྟ་ས་ཞིག་ཡིན་ཞིང་། རྗེས་ཕྱོགས་ཁོང་ལ་བཀའ་དྲིན་རྗེས་དྲན་ཕྱིར་དྲང་བདེན་དང་གུ་ཡངས། ཞི་བདེའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཤུགས་གནོན་རྒྱག་དགོས་པར་གསུངས་ཡོད་འདུག་ལ།
དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་གི་སྐུ་ཟླར་སེམས་གསོ་དང་མྱ་ངན་ཞུ་ཚིག་ཕུལ་ཏེ། བོད་དང་བོད་མིའི་གྲོགས་པོ་སྲིད་འཛིན་ཟུར་པ་ཧཱ་ཝེལ་ཁོང་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ལ་སེམས་སྡུག་དང་མྱ་ངན་ཡོད་པར་བརྗོད་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༤ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 6

  1. ནད་པ says:
    ལོ་ 15 སྔོན།

    བོད་མིའི་བླ་ན་མེད་པའི་༸ གོང་ས་མཆོག་དང་སྐུ་ཞབས་དམ་ཧ་ཝེལ་ལགས་ཀྱི་གཉིས་དབར་ཐུན་མོང་མ་ཡིན་པའི་ལས་དང་། ཐུགས་འདུན། དམ་ཚིག་ཁྱད་པར་ཅན་ཞིག་ཡོད།

    ཁོང་སྐུ་མ་གཤེགས་པའི་ཉིན་ཤས་གོང་ནས་། གོང་ས་མཆོག་དང་མཇལ་འཕྲད་ཞུས་ཏེ་རྒྱལ་བས་ཐུགས་ཚད་མེད་མཉེས་པའི་གུས་འདུད་དང་ཞལ་མཇལ། དབུ་ཐུག ཕྱག་བཟུང་སོགས་ཚད་མེད་ཅིག་མཛད་པའི་སྐུ་པར་དྲ་ཐོག་ཏུ་མཇལ་རྒྱུ་འདུག

    བོད་ཀྱི་གྲོགས་པོ་བློས་ཐུགས་ཞིག་དགོངས་པ་རྫོགས་པར་མྱ་ངན་དང་གུས་བཏུད་ཞུ།

    Reply
  2. ཤར་མདའ། says:
    ལོ་ 15 སྔོན།

    བོད་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཧེ་ཝེ་ལགས་འདས་གྲོངས་སུ་སོང་བར་མྱ་ངན་གུས་འདུད་ཞུ།   དལ་འབྱོར་གྱི་མི་ལུས་དོན་ལྡན་ཞིག་ཐོབ་པའི་སྨོན་འདུག་ཞུ།

    Reply
  3. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    བོད་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཧ་ཝེ་མཆོག་ལ་མྱ་ངན་གུས་འདུད་ཞུ། ཁོང་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གཞུང་འབྲེལ་གདན་འདྲེན་ཞུ་མཁན་གྱི་བོད་ཀྱི་གྲོགས་པོ་བརྩེ་སེམས་ཅན་ཞིག་ཡིན།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ཀྱི་གྲོགས་པོ་དྲིན་ཆེན་སྐུ་ཞབས་ཧཱ་ཝེ་ལགས་འདས་གྲོངས་སུ་སོང་བར་མྱ་ངན་གུས་འདུད་ཞུ། བདེ་ནས་བདེ་བར་བདེ་ནས་བདེ་བར་སྐྱེ་བར་ཤོག །

    Reply
  5. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    བོད་ཀྱི་གྲོགས་པོ་རྣམས་བོད་ཀྱི་མི་རབས་རྙིང་བ་རྣམས་དང་མཉམ་དུ་ཚར་གྱི་རེད།
    ད་མི་རབས་གསར་བའི་གྲོགས་པོ་ཚོ་གང་དུ་ཡོད་ན།

    Reply
  6. གྲྭ་རྐྱང་། says:
    ལོ་ 15 སྔོན།

    བོད་ཀྱི་གྲོགས་པོ་སྐུ་ཞབས་ཧཱ་ཝེ་ལགས་འདས་གྲོངས་སུ་སོང་བར་མྱ་ངན་གུས་འདུད་ཞུ་རྒྱུ་དང་། ཁོང་གི་ཆེད་དུ་བསྔོ་སྨོན་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese