མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནས་ཕེབས་པའི་ཆོས་ཞུ་བར་སྣེ་ལེན་བྱེད་སྟངས་འདི་འདྲ་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྡོར་གདན་དུས་དབང་ཐོག་དབུས་སྣེ་ལེན་ཁང་གིས་བོད་ནས་ཕེབས་མཁན་ཚོར་སྣེ་ལེན་གནང་གི་ཡོད་པ་ལྟར། འདི་གའི་གསར་འགོད་པས་ས་གནས་སུ་གྲ་སྒྲིག་བྱེད་བཞིན་པའི་དབུས་སྣེ་ལེན་ཁང་གི་འགན་འཛིན་ངག་དབང་ནོར་བུ་ལགས་སུ་ཐུག་འཕྲད་ཀྱིས་བཅར་འདྲི་ཞུས་ཡོད།

དྲི་བ། སྐུ་ཉིད་ཀྱིས་ཐེངས་འདིར་བོད་ནས་ཆེད་དུ་ཕེབས་པའི་ཆོས་ཞུ་བ་ཚོར་འདིར་དབུས་སྣེ་ལེན་ཁང་གི་ངོས་ནས་གྲ་སྒྲིག་གང་འདྲ་གནང་ཡོད་པ་དང་། དཀའ་ངལ་ག་རེ་འཕྲད་ཡོད་མེད་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། ང་ཚོའི་སྣེ་ལེན་ཁང་གི་ངོས་ནས་འདས་པའི་ཟླ་བ་གཉིས་ཙམ་གོང་ནས་ང་རང་འགན་འཛིན་དང་རྩིས་པ། ལས་བྱེད་གཞན་གཉིས་བཅས་ང་ཚོ་ལས་བྱེད་ ༤ ཙམ་འདིར་ཡོང་ནས་གྲ་སྒྲིག་བྱེད་བཞིན་ཡོད། སང་ཉིན་གནངས་ཉིན་ངྷ་རམ་ས་ལས་སྣེ་ལེན་ཁང་སྒོ་བརྒྱབ་སྟེ་ལས་བྱེད་ཚང་མ་ཡོང་རྒྱུ་རེད་ལ། ལྡི་ལི་སྣེ་ལེན་ཁང་གི་ལས་བྱེད་ཡོངས་དང་བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་ ༢ བཅས་འདིར་ཕེབས་ཏེ་ཕྱག་ལས་གནང་རྒྱུ་རེད། བོད་ནས་ཕེབས་མཁན་ཚོ་ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་སྐུ་མགྲོན་གཙོ་བོ་ཆགས་ཀྱི་ཡོད་སྟབས། བཞུགས་གནས་ཡག་པོ་ཞིག་གོ་སྒྲིག་ཞུ་རྒྱུ་དེ་ང་ཚོའི་ལས་འགན་ཡིན་དུས། ཐོག་མ་སྣེ་ལེན་ཁང་ལ་གུར་རྒྱག་སའི་ས་ཆ་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་སོང་། དུས་དབང་གོ་སྒྲིག་ཚོགས་ཆུང་ལ་རེ་སྐུལ་ཞུས་ཏེ་ས་ཆ་དང་གུར་རག་སོང་། དུས་འཁོར་དབང་ཆེན་ཐོག་མི་མང་བཞུགས་ཡུལ་ཁ་ཤས་གོ་སྒྲིག་བྱས་ཡོད་པ་དག་ལས་སྣེ་ལེན་ཁང་གི་གུར་རྒྱག་ཡུལ་དེ་ས་ཆ་ཡག་ཤོས་དང་མཐུན་རྐྱེན་འཛོམས་ཤོས། གསུང་ཆོས་ར་བ་དང་བར་ཐག་ཉེ་ཤོས་དེ་ཆགས་ཡོད།

 

དྲི་བ། ད་ལོ་བོད་ནས་ཆོས་ཞུ་བ་ག་ཚོད་ཅིག་ཕེབས་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། དེ་དག་ལ་འདང་ངེས་ཀྱི་བཞུགས་ཡུལ་དང་མཐུན་འགྱུར་གང་འདྲ་གོ་སྒྲིག་ཞུས་ཡོད་དམ།   

ལན། ང་ཚོས་ཐོག་མ་བོད་ནས་ཕེབས་པའི་ཆོས་ཞུ་བ་ ༤༠༠༠ ཙམ་ཕེབས་རྒྱུར་རྩིས་བརྒྱབ་པ་ཡིན། འོན་ཀྱང་དེ་རིང་ཁ་སང་བལ་ཡུལ་སྣེ་ལེན་ཁང་ནས་ཐོ་གཞུང་འབྱོར་བ་ལྟར་ན་མི་གྲངས་ ༦༠༠༠ ལས་བརྒལ་འདུག ད་དུང་དབང་གསུང་རྒྱུར་ཉིན་བཅུ་གྲངས་ཤིག་ཡོད་སྟབས་མི་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་གསལ་བོ་རེད། དེར་བརྟེན། ཐོག་མའི་ཚོད་དཔག་ལྟར་གུར་གྱིས་འདང་གི་ཡོད་པ་མ་རེད། ད་སྔ་ང་ཚོས་གྲ་སྒྲིག་བྱས་ཟིན་པ་མི་ ༤༠ ཤོང་བའི་གུར་ ༧༠ ཙམ་དང་། མི་ ༢༠ ཤོང་བའི་གུར་ ༡༢༠ བཅས་ཁྱོན་བསྡོམས་གུར་ ༡༩༠ ལྷག་ཡོད། འདི་ཙམ་མ་གཏོགས་གུར་རྒྱག་སའི་ས་ཆ་རག་གི་ཡོད་པ་མ་རེད། གལ་སྲིད་གུར་གྱིས་མ་འདང་བའི་དཀའ་ངལ་འཕྲད་ཚེ། ང་ཚོ་སྣེ་ལེན་ཁང་གིས་ལས་ཁུངས་ཤིག་དང་སྨན་ཁང་ཞིག དེ་བཞིན་ཚོགས་ཁང་ཆེན་པོ་གཅིག་བཅས་རྒྱག་གི་ཡོད་པ་དག་ཏུ་ཡང་ཆོས་ཞུ་བ་སྡོད་དུ་འཇུག་རྒྱུ་ཡིན།  

 

དྲི་བ། བོད་ནས་ཕེབས་མཁན་ཞིག་ལ་མཚོན་ན་ཐོག་མ་བལ་ཡུལ་སྣེ་ལེན་ཁང་ལ་འབྱོར་བ་ནས་དུས་དབང་མཇུག་བསྒྲིལ་རག་བར་ཆ་རྐྱེན་དང་འགྲོ་ལུགས་གང་དག་བསྒྲུབ་དགོས་ཀྱི་ཡོད་དམ།  

ལན། བོད་ནས་ཕེབས་མཁན་ཆོས་ཞུ་རྣམས་ལ། བལ་ཡུལ་སྣེ་ལེན་ཁང་ནས་མཇལ་ཁ་དང་གནས་སྐོར་གྱི་འཛིན་བྱང་དཀར་པོ་རེ་སྤྲོད་ཀྱི་ཡོད། ཤོག་བུ་དཀར་པོ་དེ་མ་གཏོགས་ཁྲིམས་ཐོག་ནས་ཕེབས་ལེན་ཞུ་སྒོ་གང་ཡང་ཡོད་པ་མ་རེད། འཛིན་བྱང་དཀར་པོ་དེ་བསྣམས་ཡོང་མཁན་དག་ལ་འདི་ནས་འབྱོར་ཐོ་རྒྱག་དགོས། དེ་ནས་གདན་རེ་སྤྲད་དེ་སྡོད་གུར་གོ་སྒྲིག་ཞུ་རྒྱུ་ཡིན། དེའི་རྗེས་སུ་གསུང་ཆོས་ཞུ་བའི་ལག་འཁྱེར་བཟོ་དགོས་པ་རེད། ནམ་རྒྱུན་བོད་ནས་ཕེབས་མཁན་དང་གསུང་ཆོས་ཞུ་མཁན་བྱིངས་གཉིས་ཀྱི་འཛིན་བྱང་གཅིག་པ་ཡིན་སྟབས། མཚམས་རེར་ང་ཚོར་དཀའ་ངལ་འཕྲད་ཀྱི་འདུག ད་ལོར་བདེ་སྲུང་ལས་ཁུངས་ལ་ཞུས་ཏེ་བོད་ནས་ཕེབས་མཁན་ཚོར་མི་མང་བྱིངས་དང་མ་འདྲ་བའི་ལག་འཁྱེར་ཞིག་བཟོ་རྒྱུ་བྱས་ཡོད།

 

དྲི་བ། སྣེ་ལེན་ཁང་གིས་བོད་ནས་ཕེབས་མཁན་ཚོར་ག་དུས་ནས་སྣེ་ལེན་ཞུ་རྒྱུ་ཡིན་པ་དང་། དེ་སྔ་ནས་འབྱོར་བ་མང་པོ་ཞིག་ལ་ཉིན་འདི་གར་སྡོད་གནས་མ་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་དམ།  

ལན། བལ་ཡུལ་སྣེ་ལེན་ཁང་འགག་སྒོ་གཙོ་བོ་ཡིན་སྟབས། ཐོག་མ་ང་ཚོས་བོད་ནས་ཕེབས་པའི་ཆོས་ཞུ་བ་ཚོར་ཕྱི་ཟླ་ ༡༢ པའི་ཚེས་ ༢༠ ཉིན་ནས་བཟུང་སྣེ་ལེན་ཞུ་རྒྱུ་ཡིན་ཞེས་གསལ་བསྒྲགས་བསྐྱངས་ཡོད། མི་ཧ་ཅང་མང་པོ་ཞིག་ཟླ་འདིའི་ཚེས་མགོ་ནས་རྡོ་རྗེ་གདན་དུ་འབྱོར་ཡོད་པ་དང་། ས་གནས་མགྲོན་ཁང་དང་རྒྱ་གར་ཡུལ་མིའི་ཁང་པ་བཅས་ལ་རིན་གོང་ཧ་ཅང་མཐོན་པོ་ཆགས་ཏེ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་གོ་སོང་། ཁག་ཅིག་ང་ཚོའི་མདུན་ཕྱོགས་ཀྱི་རྒྱ་གར་མགྲོན་ཁང་ཞིག་ནང་སྡོད་དུ་བཅུག་པ་ཡིན། ང་ཚོའི་གུར་སྔོན་མ་ནས་བརྒྱབ་ཚར་ཡོད་ཀྱང་ཆུ་དང་གློག་མ་འགྲིག་པའི་དབང་གིས་བོད་ནས་ཕེབས་མཁན་ཚོར་ཁ་ཐུག་ཁ་ཐུག་ལ་སྣེ་ལེན་ཞུ་ཐུབ་མ་སོང་། ཕྱི་ཚེས་ ༡༦ ཉིན་ནས་བཟུང་གླིང་གཅིག་ལ་ཆུ་འགྲིག་སོང་བས་ཚེས་ ༡༧ ནས་བཟུང་གུར་ནང་སྡོད་དུ་མི་འཇུག་ཐབས་མེད་ཆགས་སོང་། ད་ཆར་མི་ ༡༠༠༠ ལྷག་གུར་ནང་བསྡད་ཡོད་པ་རེད།

 

དྲི་བ། དུས་དབང་གོ་སྒྲིག་ཚོགས་ཆུང་དང་སྣེ་ལེན་ཁང་གཉིས་ཀྱིས་མང་ལ་སྣེ་ལེན་ཞུ་ཕྱོགས་ཐད་ཁྱད་པར་ག་རེ་ཡོད་དམ།

ལན། སྤྱིར་བཏང་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་མི་དམངས་སྤྱི་བྱིངས་དང་། ལྷག་པར་དུ་དེ་སྔ་ནས་གོ་སྒྲིག་ཚོགས་ཆུང་གི་སྡོད་གུར་སྔོན་མངགས་བྱས་ཡོད་པ་དག་ལ་སྣེ་ལེན་ཞུ་བཞིན་ཡོད་པ་རེད། ང་ཚོ་སྣེ་ལེན་ཁང་གི་ངོས་ནས་བོད་ནས་ཕེབས་པའི་ཆོ་ཞུ་བ་ཁོ་ནར་སྣེ་ལེན་ཞུ་བཞིན་ཡོད་པ་རེད། གོ་སྒྲིག་ཚོགས་ཆུང་གིས་ཕྱི་ཟླ་ ༡༠ པ་ཙམ་ནས་གསར་ལམ་ཁག་ཏུ་གསལ་བསྒྲགས་མང་པོ་ཕྱིན་པ་རེད། ང་ཚོས་དེ་འདྲ་གནང་མ་ཐུབ་པའི་དབང་གིས་མི་མང་ལ་མགོ་ཉོག་པོ་ཆགས་འདུག གོ་སྒྲིག་ཚོགས་ཆུང་གི་གུར་དེ་ཕྱི་ཚེས་ ༢༥ ནས་མི་མང་ལ་གཏོང་རྒྱུ་རེད། ཐོག་མའི་འཆར་གཞི་ལྟར་ན་སྣེ་ལེན་ཁང་གི་གུར་དེ་ཕྱི་ཟླ་ ༡༢ པའི་ཚེས་ ༢༠ ནས་གཏོང་རྒྱུ་དང་། ཕྱི་ཚེས་ ༢༥ ཉིན་ནས་ཞོགས་ཇ་འབུལ་རྒྱུའི་གྲ་སྒྲིག་ཡོད་པ་རེད།  

 

དྲི་བ། འདིར་སྣེ་ལེན་ཁང་དུ་བོད་ནས་ཕེབས་མཁན་ཚོར་འཕྲོད་བསྟེན་སྨན་ཁང་དང་བདེ་འཇགས་སྲུང་སྐྱོབ། དེ་བཞིན། སྡོད་གུར་ནང་ཅ་དངོས་གྱི་མཐུན་རྐྱེན་གང་དག་སྦྱར་ཡོད་དམ།   

ལན། བོད་ནས་ཕེབས་མཁན་ཚོར་བལ་ཡུལ་སྣེ་ལེན་ཁང་ནས་རླངས་འཁོར་འཚོལ་རྒྱུ་དང་འགྲོ་སོང་གཏོང་རྒྱུ་དེ་འདྲ་གནང་ཐུབ་ཡོད་པ་མ་རེད་དེ། འདིར་འབྱོར་རྗེས་བཞུགས་གུར་དང་། མི་རེར་ཉལ་གདན་རེ། ཕྱི་ཚེས་ ༢༥ ནས་བཟུང་ཞོགས་ཇ་ཡང་གོ་སྒྲིག་ཞུ་རྒྱུ་ཡིན། ཉིན་གུང་གསུང་ཆོས་ལ་ཕེབས་ཀྱི་ཡོད་སྟབས་ཆོས་རྭ་ནས་ཞལ་ལག་རག་འགྲོ་བ་རེད། དགོང་མོ་ཆབ་ཁོལ་མ་ཙམ་ལས་ཞལ་ལག་གྲ་སྒྲིག་ཞུ་ཐུབ་མ་སོང་། གཞན། སྨན་ཁང་གི་ཐད་དུ་དེ་སྔ་དུས་དབང་གོ་སྒྲིག་ཚོགས་ཆུང་དང་བདེ་ལེགས་སྨན་ཁང་བཅས་ལ་བཀའ་མོལ་ཞུས་ཏེ་ཡར་མར་བྱས་མཐར་དགའ་ལྡན་བྱང་རྩེའི་སྨན་ཁང་ཆ་ཚང་འདིར་ཕེབས་རྒྱུ་བྱས་ཡོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་ཡང་རྟོག་ཞིབ་ལ་ཕེབས་རྒྱུ་རེད། ང་ཚོའི་གྲ་སྒྲིག་ཐད་ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་མཆོག་ཐེབས་ཏེ་གཟིགས་སྐོར་གནང་སོང་།  

 

དྲི་བ། བལ་ཡུལ་སྣེ་ལེན་ཁང་དང་ངྷ་རམ་ས་ལའི་སྣེ་ལེན་ཁང་ལ་བོད་ནས་སྐྱབས་བཅོལ་དུ་འབྱོར་ཡོད་པ་དག་འདིར་དས་དབང་ཐོག་ཕེབས་ཐུབ་ཀྱི་ཡོད་མེད་དང་། རྡོར་གདན་སྣེ་ལེན་འཕྲལ་སེལ་ལས་ཁུངས་ག་དུས་སྒོ་རྒྱག་གི་ཡོད་དམ།

ལན། བོད་ནས་སྐྱབས་བཅོལ་དུ་འབྱོར་ཡོད་རིགས་ཡོངས་རྫོགས་གནས་སྐབས་རིང་བལ་ཡུལ་སྣེ་ལེན་ཁང་ནས་འགོག་རྒྱུ་བྱས་ཡོད། རང་ངོས་ནས་འགྲོ་སོང་བཏང་སྟེ་ཕེབས་མཁན་ཡོད་ན་གཏོང་རྒྱུ་ལས་གཞུང་འབྲེལ་ཐོག་དུས་དབང་ལ་གཏོང་ཐུབ་ཀྱི་ཡོད་པ་མ་རེད། རྒྱ་གར་གཞུང་གི་ལག་འཁྱེར་ཐད་ནས་ཀྱང་དཀའ་ངལ་ཡོད་པ་རེད། དེ་སྔ་ནས་ངྷ་རམ་ས་ལའི་སྣེ་ལེན་ཁང་ལ་འབྱོར་ཡོད་པ་ཚང་མ་གྲྭ་ས་ཁག་དང་སློབ་གྲྭ་ཁག་སོགས་སུ་བཏང་ཚར་ཡོད། དུས་འཁོར་དབང་ཆེན་མཇུག་བསྒྲིལ་རྗེས་གཞི་ནས་བལ་ཡུལ་སྣེ་ལེན་ཁང་དུ་བཀག་ཉར་བྱས་ཡོད་པ་རྣམས་ངྷ་རམ་ས་ལར་གཏོང་རྒྱུ་ཡིན། ཕྱི་ཟླ་ ༡ ཚེས་ ༡༠ ནས་དབང་རྫོགས་ཀྱི་ཡོད་སྟབས་ཚེས་ ༡༥ ནས་སྣེ་ལེན་ཁང་སྒོ་རྒྱག་རྒྱུ་ཡིན། བོད་ནས་ཕེབས་པའི་ཆོས་ཞུ་བ་རེ་ཟུང་རྗེས་སུ་ལྷག་སྲིད་ཀྱང་། ཕལ་ཆེར་ང་ཚོའི་གཞུང་འབྲེལ་གྱི་ངོས་ནས་གོ་སྒྲིག་དེ་འདྲ་ཡོད་པ་མ་རེད།

གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས། གནས་མཆོག་རྡོ་རྗེ་གདན་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༣ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 10

  1. ཐུབ་བསྟན། says:
    ལོ་ 14 སྔོན།

    བཀྲ་ཤིས་སྒྲོལ་མས་ག་རེ་ལབ་བཞིན་ཡོད་དམ། བུད་མེད་ཁ་ན་འདི་ལས་ཅི་ཡོད། སྣེ་ལེན་ཁང་གིས་ཡག་པོ་མ་བྱས་པ་ཡོད་ན་འདི་རེད། ཅེས་གཅིག་གཅིག་དང་གཉིས་གཉིས་ཤོད་ཅིག གཞན་བུད་མེད་ཀྱིས་ངུ་སྐད་མ་རྒྱག

    Reply
  2. ཡུལ་གྱར་བའི་མི་ཚེ། says:
    ལོ་ 14 སྔོན།

    ༄༅།།བོད་ནས་གསར་དུ་འཕེབས་པའི་ཆོས་གཞུ་བ་རྣམས་ལ་སྤྱི་གསར་དུས་ཆེན་ལ་འཚམས་འདྲིའི་བཀྲིས་བདེེགས་ཞུ།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    སྣེ་ལེན་ཁང་གིས་ནམ་རྒྱུན་ནས་བོད་ནས་ཕེབས་མཁན་ཚོར་ལམ་སྟོན་རོགས་རམ་གང་ཡག་ཡག་བྱེད་ཐུབ་རྒྱུ་ཧ་ཅང་གལ་ཆེ། སྤྱིའི་ཆ་ནས་ལེགས་པོ་བྱུང་ན་འགྲིགས་པ་རེད། ཐམས་ཅད་ཀྱི་འདོད་པ་ཁེངས་པ་ཞིག་སུས་ཀྱང་བྱེད་མི་ཐུབ།

    Reply
  4. ཡུལ་གྱར་བའི་མི་ཚེ། says:
    ལོ་ 15 སྔོན།

    བོད་ནས་འཕེབས་པའི་ཆོས་བཞུ་བ་རྣམས་ལ་སྣེ་ལེན་གང་ཟབ་ཡོང་བའི་རེ་བ་ཆེ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་པས། བོད་ནས་ཕེབས་པའི་ཆོས་ཞུ་བར་སྣེ་ལེན་བྱེད་སྟངས་ལ་རྗེས་སུ་ཡི་རང་ཡོད་ལགས། དཀའ་ལས་བསྐྱོན་དང་། རང་ཉིད་རང་གཞན་གཉིས་ཕན་དང་། འདི་ཕྱི་གཉིས་ཡོད་ཆགས་པ་རེད་ལགས།

    Reply
  6. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    རེད་དངོས་ཡོད་གནས་ཚུལ་རེད། བདེན་པ་རེད། བོད་ནས་གསར་དུ་འབྱོར་བ་ཚོར་སྣེ་ལེན་ཚད་ལྡན་བྱེད་དགོས་པ་རེད། མགུ་ཁ་གང་བ་ཞིག་བྱེད་དགོས་པ་རེད། དེ་ལ་ཐེ་ཚོམ་གང་ཡང་མེད། ངེས་པར་དགོས་ངེས་རེད། འོན་ཀྱང་སྡེ་བ་གཞུང་དང་དབུས་སྣེ་ལེན་ཁང་གིས་བྱེད་མིན་ང་ཚོར་གསལ་ཆ་གང་འཚམས་ཡོད་པ་རེད། དེའི་ཕྱིར་ང་ལ་ཐེ་ཚོམ་ཡོད་ལབ་ཡིན། ཡིད་ཆེས་མེད་ལབ་ཡིན། ལབ་རྒྱུས་གླེང་རྒྱུ་རྗེས་ནས་ཡོང་གི་རེད། གནས་ཚུལ་བལྟས་ནས་ང་ཚོ་སུ་བདེན་གླེང་ཆོག་གི་རེད།

    Reply
  7. ཚངས་སར་ཕྲིན་ལས། says:
    ལོ་ 15 སྔོན།

    གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སུ་འདྲ་ཞིག་ཡིན་ན་ད་ཐེངས་བོད་ནང་ནས་གསར་དུ་འབྱོར་བའི་སྤུན་ཟླ་དག་ལ་རོགས་རམ་དང་མཐུན་འབྱོར་གང་ཐུབ་བྱེད་དགོས་ངེས་རེད་ལ། བྱེད་འོས་པ་ཞིག་ཀྱང་རེད། ང་ཚོ་གཞན་ཡུལ་ལ་ཡོད་དུས་དེ་ཙམ་ཡང་རོགས་རམ་མ་ཐུབ་ན་སྐྱིད་སྡུག་གཅིག་པ་ཞེས་པའི་ནམ་རྒྱུན་གྱི་སྐད་ཆ་དེ་དོན་གྱིས་སྟོང་སོང་བ་རེད། དེ་བས་གཞུང་སྒེར་སུ་ཡིན་ཡང་རོགས་རམ་གང་ཐུབ་བྱེད་པའི་འབོད་སྐུལ་ཤུགས་ཆེར་ཞུ།

    Reply
  8. ཨ་མིའི་བུ། says:
    ལོ་ 15 སྔོན།

    བུད་མེད་མིང་ཅན་ལགས་ཁྱེད་ལ་ཡིད་ཆེས་མེད་ན་ད་བར་དུ་རྒྱ་གར་ནང་ག་རེ་བྱས་ནས་བསྡད་ཡོད་རང་གཞུང་དང་༧སྐྱབས་མགོན་རིན་པོ་ཆེ་་ལ་སྨད་པ་བྱེད་མི་འདི་ཚེ་རྒྱ་མའི་སོ་བ་ཡིན་པ་ཐེ་མི་ཚོམ་ཡང་དཀྲུག་ཤིང་ཞིག་གི་འགོ་བཙུག་ན་བསམ་གི་ཡོད་ས་རེད། ངོ་མ་ངོ་ཚ་མེད་པ་འདི་ཚོ་ཁྱི་དང་འདྲ་འདྲ་རེད་་་་་་་་་་་་་

    Reply
  9. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    སྣེ་ལེན་ཁང་གིས་སྣེ་ལེན་ཡག་པོ་ཞིག་བྱེད་ཀྱི་ཡོད་པའི་ཡིད་ཆེས་མེད། འོན་ཀྱང་ང་ཚོས་མིག་བལྟ་བཞིན་རྣ་བས་ཉན་ནས་འདུག་དང་སྣེ་ལེན་ཡག་པོ་བྱེད་ཀྱི་ཡོད་མེད་ཉིན་ཤས་རྗེས་སུ་དངོས་སུ་མཐོང་ཐོས་འབྱུང་གི་རེད།

    Reply
  10. ཤག་སྒང་པ། says:
    ལོ་ 15 སྔོན།

    ཤིན་ཏུ་ལེགས། འདི་ལྟར་ཞབས་ཞུ་གནང་འོས་གནང་དགོས་པ་ང་ཚོའི་འགན་འཁྲི་རེད། ཁོང་ཚོ་གལ་ཆེན་གྱི་སྐུ་མགྲོན་རྐྱང་རེད།

    ཡིད་གཟབ་གནང་དགོས་པ་དེ་འདྲ་ཡང་ཡོད་པ་རེད།

    ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese