མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་བཟང་སྨོན་ལམ་གྱི་ལོ་སར་ལེགས་སྐྱེས།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་སྨོན་ལམ་ཚིག་མཛོད་ཨཱལ་ཌི་རའོ་ཌི་ (Android) མ་ལག་ནང་དུ་ལེགས་འགྲུབ་དང་། སྨོན་ལམ་ཡིག་གཟུགས་ཨཱལ་ཌི་རོའི་ཌི་སཱམ་སཱང་ལག་ཁྱེར་ཁ་པར་ (Android Samsung Mobile) མ་ལག་ནང་ལེགས་འགྲུབ་བྱུང་འདུག

༢༠༡༢ ལོའི་ལོ་གསར་བ་སླེབས་ལ་ཉེ་སྐབས་འདིར། སྨོན་ལམ་ཚིག་མཛོད་དེ་ཨཱལ་ཌི་རའོ་ཌི་ (Android) མ་ལག་ནང་ལེགས་འགྲུབ་དང་། སྨོན་ལམ་ཡིག་གཟུགས་དེ་ཌི་རོའི་ཌི་སཱམ་སཱང་ལག་ཁྱེར་ཁ་པར་ ( Android Samsung Mobile ) མ་ལག་ནང་ལེགས་འགྲུབ་བྱུང་འདུག  སྨོན་ལམ་བོད་ཡིག་གསར་བཟོ་གནང་མཁན་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ཀྱི་ཁྱབ་བསྒྲགས་ཡིག་ཆའི་ནང་། ༢༠༡༢ ལོའི་ལོ་གསར་བ་སླེབས་ལ་ཉེ་སྐབས་འདིར། སྨོན་ལམ་ཚིག་མཛོད་དེ་ཨཱལ་ཌི་རའོ་ཌི་ (Android) ལག་ཁྱེར་ཁ་པར་མ་ལག་ནང་ལེགས་འགྲུབ་བྱུང་སྟེ། ཨཱལ་ཌི་རའོ་ཌི་ཚོང་ར་བརྒྱུད་ནས་རིན་མེད་ཐོག་བོད་རང་གི་སྐད་ཡིག་ལ་དུང་བ་ཡོད་མཁན་རྣམས་ལ་ལོ་གསར་པའི་ལེགས་སྐྱེས་ཤིག་གི་ཚབ་དུ་འགྲེམས་སྤེལ་བྱས་པ་བཀོད་འདུག 

སྨོན་ལམ་ཚིག་མཛོད་དེ་ནི་ཝིན་ཊོ་སི་ (Windows) མ་ལག་ནང་བཀྲམ་པའི་ཚིག་མཛོད་དང་གཅིག་མཚུངས་ཡིན་པར་མ་ཟད། ཨཱལ་ཌི་རོའི་ཌི་ལག་ཁྱེར་ཁ་པར་མང་ཆེ་བའི་ནང་བཀོལ་ཐུབ་ལ། ལག་ཁྱེར་ཁ་པར་ནང་བོད་ཡིག་སྤྱོད་འདོད་ཡོད་མཁན་དག་གིས་ཨཱལ་ཌི་རོའི་ཌི་ཚོང་ར་བརྒྱུད་རིན་མེད་ཕབ་ལེན་བྱས་ཆོག་ལ།  ཕབ་ལེན་སྐབས་དང་པོ་ཡིག་གཟུགས་དང་། གཉིས་པ་མཛུབ་གནོན། གསུམ་པ་ཚིག་མཛོད་བཅས་རིམ་པ་ལྟར་མཉེན་ཆས་རིགས་གསུམ་ཕབ་ལེན་བྱ་དགོས་པ་དང་། དེ་རྗེས་ལག་ཁྱེར་ཁ་པར་མ་ལག་ནང་ཡིག་གཟུགས་དང་མཛུབ་གནོན་གཉིས་སྒྲིག་འཇུག་བྱས་རྗེས་བོད་ཡིག་བྱེད་སྤྱོད་གཏོང་ཐུབ་ཀྱི་ཡོད་འདུག

སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ཀྱིས་སྔ་ཕྱིར་སྨོན་ལམ་བོད་ཡིག་ཐོན་རིམ་གསུམ་དང་། སྨོན་ལམ་གློག་རྡུལ་ཚིག་མཛོད། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་མཉེན་ཆས་བཅས་གསར་བཟོ་གནང་པ་མ་ཟད། སྨོན་ལམ་བོད་ཡིག་དེ་ཀུ་ཤུ་རྟགས་ཅན་དང་སྒེའུ་ཁུང་རྟགས་ཅན་གྱི་རྩིས་འཁོར་མ་ལག་དང་།  དེ་བཞིན་ལག་ཁྱེར་ཁ་པར་སོགས་བརྡ་འཕྲིན་མ་ལག་སོགས་ཀྱི་ནང་སྤྱོད་ཐུབ་པའི་ཕྱག་ལས་བཅས་གནང་ཡོད་པ་རེད།

དང་པོ། མཉེན་ཆས་ཕབ་ལེན་བྱེད་སྟངས་ཀྱི་དཔེ་རིས།

གཉིས་པ། ཡིག་གཟུགས་སྒྲིག་འཇུག་བྱེད་སྟངས་ཀྱི་དཔེ་རིས།

གསུམ་པ།  མཛུབ་གནོན་སྒྲིག་འཇུག་བྱེད་སྟངས་ཀྱི་དཔེ་རིས།

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༤ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 15

  1. མི་རབས་གསར་པ་ says:
    ལོ་ 15 སྔོན།

    བོད་ཡིག་གི་བདག་པོ་ངོ་མ། བོད་ཀྱི་ལས་སྐལ་གསར་བའི་ལམ་ཁྲིད་པ། བོད་ཀྱི་བློ་བཟང་སྨོན་ལམ་ལགས་སུ། བཀའ་དྲིན་བླ་ན་མེད་པ་ཆེ་ཞུ་དང་ལྷན་དུ་བགྱི་བ་མཐའ་དག་བདེ་བླག་ངང་འགྲུབ་པའི་སྨོན་འདུན་ཞུ།

    Reply
  2. མི་རབས་གསར་པ་ says:
    ལོ་ 15 སྔོན།

    བློ་བཟང་སྨོན་ལམ་ལགས་ཐུགས་རྗེ་ཆེ།མ་འོང་པ་ལེཛྙ་རྒྱག་ཡ་ཡོད་པ་ཞིག་བྱུང་ཧ་ཅང་ཡག་པོ་འདུག་པས་དེ་དོན་དགོངས་འཇགས་ཡོང་བ་འཚལ།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བོད་ཡིག་གི་བདག་པོ་ངོ་མ། བོད་ཀྱི་ལས་སྐལ་གསར་བའི་ལམ་ཁྲིད་པ། བོད་ཀྱི་བློ་བཟང་སྨོན་ལམ་ལགས་སུ། བཀའ་དྲིན་བླ་ན་མེད་པ་ཆེ་ཞུ་དང་ལྷན་དུ་བགྱི་བ་མཐའ་དག་བདེ་བླག་ངང་འགྲུབ་པའི་སྨོན་འདུན་ཞུ།

    Reply
  4. མདོ་ལའི་འཁྱམས་པོ། says:
    ལོ་ 15 སྔོན།

    རིགས་རྒོད་ཀྱི་བློ་གྲོས་ལྡན་པའི་སྐུ་ཞབས་བློ་བཟང་སྨོན་ལམ་ལགས། སྨོན་ལམ་ཚིག་མཛོད་ཨཱལ་ཌི་རའོ་ཌི་ (Android) མ་ལག་ནང་དུ་ལེགས་འགྲུབ་དང་། སྨོན་ལམ་ཡིག་གཟུགས་ཨཱལ་ཌི་རོའི་ཌི་སཱམ་སཱང་ལག་ཁྱེར་ཁ་པར་ (Android Samsung Mobile) མ་ལག་ནང་ལེགས་འགྲུབ་བྱུང་བར་སྙིང་ནས་བཀྲ་ཤིས་བདེ་ལེགས་ཞུ། ད་དུང་རིན་མེད་དུ་བཀྲམ་པ་ནི་ཆེས་རླབས་ཆེན་ཞིག་རེད་ཨང། བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་པར་གུས་པས་་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱིས་བོད་མི་རིགས་ལ་ཕུལ་བའི་ལེགས་སྐྱེས་ནི་མུ་མཐའ་མེད།

    Reply
  5. གླིང་གེ་སར། says:
    ལོ་ 15 སྔོན།

    ང་བློ་བཟང་སྨོན་ལམ་ལ་དགའ་།ང་བོད་ཡིག་ལ་དགའ་།ང་བོད་ལ་དགའ་།ང་བོད་པ་ཡིན་།

    Reply
  6. དོན་འགྲུབ། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ། ངོ་མ་ཐུགས་རྗེ་ཆེ། བོད་ཀྱི་ཆོས་དང་རིག་གཞུང་ལ་ངེས་ཕན་ཡོངས་བ་ཡིད་ཆེས་ཡོད།

    Reply
  7. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ༈ སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ནི་ངོ་མ། ནད་ལ་ཕན་པའི་སྨན། དུས་སུ་དགོས་པའི་བྱ་བ། མེད་དུ་མི་རུང་བའི་བོད་གངས་ཅན་པའི་སྐད་ཡིག་ཉག་ཕྲ་བའི་སྐབས་འདིར། བུ་ཁྱོད་རང་ཐོན་མི་གཉིས་པ་དང་། གངས་ཅན་པའི་སྐད་ཡིག་གི་སྲོག་སྦྱིན་མཁན། མི་རིགས་ལ་སྨན་པའི་མཛད་རྗེས་ཆེས་གཟེངས་སུ་མཐོ་བ་འདི་ལ་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཡང་ཡང་ཞུ་གི་ཡོད། གུས་པ་ལ་ཞུ་བསྐུལ་ཞིག་ལ། བོད་ཀྱི་འདོན་ཆ་གི། ཡི་གེ་བཟོ་དུས་(པེ་ཆ་མེ་ཁི)pecha maker ཆ་ཚང་བ་ཞིག་ཅི་ནས་ཀྱང་བཟོ་གནང་ཡོང་བའི་ཞུ་བ་ཕུལ་གི་ཡོད། གལ་བཟོ་མཛད་ཟིན་ཡོད་ན། ག་བ་ལ་ཡོད་པ་འདི་རྒྱུད་ནས་གསུང་ཕྲིན་ཞིག་གནང་སྐྱོང་ཡོང་བ་བྱེད་རོག་ཞེས་ཞུ་གི་ཡོད།

    Reply
  8. གཟི་མིག་༣པ says:
    ལོ་ 15 སྔོན།

    བློ་བཟང་སྨོན་ལམ་ལགས་ཁྱེད་ནི་བོད་མི་རིགས་ཀྱི་ལ་རྒྱ་དང་སྲོལ་རྒྱུན་ལ་བདག་བཅེས་བྱ་མཁན་གྱི་དུས་རབས་ཉེར་གཅིག་པའི་ལམ་སྟོན་བོད་མི་ཞིག་ལ་ངས་ཡིད་ཆེས་དང་འཚམས་འདྲི་ཞུ་བཞིན་ཡོད་དེ་དུས་ཚན་རིག་རིག་པ་ལ་སློབ་སྦྱོང་བྱས་ཟིན་པ་དང་བྱ་བཞིན་པའི་བོད་རིགས་ཕོ་མོ་ཁྱད་མེད་ཚོས་ད་ཁོང་བཞིན་འཛམ་གླིང་མི་དམངས་ཀྱི་་མདུན་དུ་དོན་པའི་དུས་ལ་བསླེབས་ཡོད་པས་དཔའ་ངར་ཞུམ་མེད་ཐོགས་དོན་དང་

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    ཨ་ཁུ་སྨོན་ལན་ལགས་ཀྱིས་དུས་དང་རྣམ་པ་ཀུན་དུ་བོད་ཀྱི་རིག་གནས་གོང་འཕེལ་གྱི་ཐད་དུ་ཕྱག་རྗེས་བླ་མེད་བཞག་གནང་བ་དེར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།

    Reply
  10. རིག་པའི་རལ་གྲི says:
    ལོ་ 15 སྔོན།

    བོད་ཀྱི་བུ་བློ་བཟང་སྨོན་ལམ་ལ་ཁ་ཞེ་གཉིས་མེད་ཀྱིས། ལག་ཟུང་ཐལ་མོ་སྙིང་ཁར་བཀོད་དེ་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཤིན་ཏུ་ནས་ཡག་བྱུང་ཞུ་རྒྱུ་ཡིན

    Reply
  11. ཤག་སྒང་པ། says:
    ལོ་ 15 སྔོན།

    སྨོན་ལམ་ལགས། ངོ་མ་ཁྱེད་ཀྱི་ཕྱག་ལས་ནི་མི་རིགས་འདིའི་རྐང་དུ་འཕྲོད་ནས་ཡོད་པས་བཀའ་དྲིན་ཤིན་ཏུ་ནས་ཆེ་ལགས།

    ད་ཡང་༌༌༌༌༌༌༌༌༌ཨིན་ཇི་བཞིན་བོད་ཡིག་གི་དག་ཆ་རྣམས་དག་བཅོས་བྱེད་ཐུབ་པའི་ཚིག་མཛོད་གསར་པ་ཞིག་གསར་བཟོ་གནང་ཐུབ་ན་ཤིན་ཏུ་ནས་ཕན་ཐོགས་ཆེ་བར་འདུག དགོངས་བཞེས་ཀྱི་ཕྱག་ལས་གནང་མུས་ཡིན་རྒྱུ་རེད།

    ཐུགས་རྗེ་ཆེ་བློ་བཟང་སྨོན་ལམ་ལགས། སྐུ་རྒྱབ་ཏུ་ལག་རྡང་སྦྲེལ་མཁན་གྱི་ཕྱག་རོགས་ལའང་ཐུགས་རྗེ་ཆེ།་སྐུ་ཁམས་བཟང་། སྐུ་ཚེ་རིང་།

    Reply
  12. དམག་ལོག་ says:
    ལོ་ 15 སྔོན།

    སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ཀྱི་དེང་རབས་ཀྱི་གྲུབ་རྟགས་རང་རེད། སྐུ་ཞབས་སྨོན་ལམ་ཚེ་རིང་བོར་ཤོག

    Reply
  13. བློ་འཕེལ། says:
    ལོ་ 15 སྔོན།

    ཨ་ལ་ལ། དངོས་གསན་རླབས་ཆེན་གྱི་ལེགས་སྐྱེས་ཤིག་རེད། སྐུ་ཞབས་སྨོན་ལམ་ལགས་སུ་བཀའ་དྲིན་ཆེའི་ལེགས་སྐྱེས་སུ་ག་རེ་དགོས་སམ།

    Reply
  14. ཁུག་རྟ། says:
    ལོ་ 15 སྔོན།

    བློ་བཟང་སྨོན་ལམ་ལགས་ཐུགས་རྗེ་ཆེ།མ་འོང་པ་ལེཛྙ་རྒྱག་ཡ་ཡོད་པ་ཞིག་བྱུང་ཧ་ཅང་ཡག་པོ་འདུག་པས་དེ་དོན་དགོངས་འཇགས་ཡོང་བ་འཚལ།

    Reply
  15. ནད་པ says:
    ལོ་ 15 སྔོན།

    བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག སྤྱི་ཚོགས་སོགས་ནང་ཞབས་འདེགས་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་པའི་སྐུ་ཞབས་སསྨོན་ལམ་ཞ་ཐུགས་རྗེ་ཆེ་ཞུ་འོས་པ་རེད།

    ཕོ་ཁྱོ་ཀ་ཟེར་ན་མི་མི་འདྲའི་རིགས་ལ་ངོས་འཛིན་བྱེད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese