མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་ ༥༠༠ དང་སློབ་ཕྲུག་ ༥༠༠༠ གི་སྙན་ཞུ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

 ཉེ་ཆར་འཚོགས་བཞིན་པའི་མཚོ་སྔོན་ཞིང་ཆེན་གྱི་ལོ་འཁོར་ཚོགས་ཆེན་གྱི་སྐབས་དང་བསྟུན་ནས། བོད་ཁུལ་གྱི་དགེ་རྒན་ ༥༠༠ དང་སློབ་ཕྲུག་ ༥༠༠༠ ལྷག་གིས་མཚན་རྟགས་བཀོད་དེ། མི་རིགས་རང་སྐྱོང་ས་ཁུལ་དུ་རྒྱ་སྒྱུར་སློབ་གསོ་སྤེལ་མཚམས་བཞག་སྟེ་མི་རིགས་སློབ་གསོའི་སྲིད་ཇུས་བསྐྱར་གསོ་དགོས་པའི་སྙན་ཞུ་ཕུལ་འདུག

ཕྱི་ཟླ་ ༡༢ ཚེས་ ༢༦ ནས་ ༢༨ ཉིན་གསུམ་རིང་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཞིང་ཡོངས་ཀྱི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་གཅིག་པ་ཚོགས་བཞིན་པའི་སྐབས་དང་བསྟུན་ནས། རེབ་གོང་དང་། གཅན་ཚ། རྨ་ལྷོ་སོག་རྫོང་། མགོ་ལོག ཡུལ་ཤུལ། མཚོ་ལྷོ་སོགས་ཁུལ་དང་རྫོང་ཁག་མང་པོའི་དགེ་རྒན་ ༥༠༠ དང་སློབ་ཕྲུག་ ༥༠༠༠ ལྷག་གིས་མཚན་རྟགས་བཀོད་པའི་སྙན་ཞུ་ཕུལ་ཏེ། ད་ལོའི་དགུན་ཚིགས་སློབ་སྐབས་ནས་བཟུང་རྒྱ་སྒྱུར་སློབ་གསོ་ལག་བསྟར་བྱེད་བཞིན་པ་དེ་མཚམས་འཇོགས་བྱས་ཏེེ། མི་རིགས་རང་སྐྱོང་ས་ཁུལ་དུ་མི་རིགས་རང་གི་སྐད་ཡིག་གཙོ་བོར་འཛིན་པའི་མི་རིགས་སློབ་གསོའི་བཅའ་ཁྲིམས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཕྱི་ཚེས་ ༢༩ ཉིན་བོད་ནས་འདི་ག་གསར་འགོད་པར་ཁ་པར་བརྒྱུད་གནས་ཚུལ་བརྗོད་དོན། ཉེ་ཆར་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་གྱི་ལོ་འཁོར་བྱ་བའི་མཇུག་སྡོམ་གྱི་ཚོགས་ཆེན་འཚོགས་བཞིན་པའི་སྐབས་དང་བསྟུན་ནས། ཕྱི་ཚེས་ ༢༦ ཉིན་རེབ་གོང་དང་གཅན་ཚ། སོག་རྫོང་། མགོ་ལོག ཡུལ་ཤུལ། མཚོ་ལྷོ་སོགས་མི་རིགས་རང་སྐྱོང་ཁུལ་དང་རྫོང་བཅས་ཀྱི་མི་རིགས་སློབ་གྲྭ་ཁག་གི་དགེ་སློབ་རྣམས་ཀྱིས་ས་ཁུལ་སོ་སོ་ནས་དུས་གཅིག་ཏུ། མི་རིགས་རང་སྐྱོང་ཁུལ་དུ་མི་རིགས་སློབ་གསོའི་སྲིད་ཇུས་བསྐྱར་གསོ་དང་ལག་བསྟར་བྱེད་དགོས་པའི་སྙན་ཞུ་བྲིས་ཏེ།   དགེ་སློབ་ཚང་མས་མོས་མཐུན་མཚན་རྟགས་བཀོད་དེ་འཐུས་མི་ཆེད་གཏོང་གིས་ཚོགས་ཐོག་ཏུ་འབུལ་བར་ཕྱིན་ཡོད་འདུག སྙན་ཞུ་ཡི་གེ་ཁག་གི་ནང་དོན་གཙོ་བོ་ནི་མི་རིགས་འབྲིང་རིམ་སློབ་གྲྭ་ཁག་ནང་རྒྱ་ཡིག་གཙོ་བོར་འཛིན་པའི་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་སྤེལ་བཞིན་པ་དེ་མཚམས་འཇོག་དང་།   མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། མི་རིགས་རང་སྐྱོང་ས་ཁུལ་ཏུ་མི་རིགས་རང་གི་སྐད་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་དང་ཡར་རྒྱས་མཐོར་འདེགས་གཏོང་དགོས་པའི་སྐོར་ཡིན་འདུག 

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན།   འདི་ལོའི་དགུན་ཚིགས་སློབ་སྐབས་དང་པོ་ནས་བཟུང་མཚོ་སྔོན་ཞིང་ཆེན་མངའ་ཁུལ་གྱི་མི་རིགས་འབྲིང་རིམ་སློབ་གྲྭ་ཁག་ནང་། མི་རིགས་ཀྱི་སྐད་ཡིག་གཙོ་བོར་འཛིན་པའི་དེ་སྔའི་མི་རིགས་སློབ་གསོའི་སྲིད་ཇུས་མཚམས་འཇོག་བྱས་ཏེ། བོོད་ཡིག་བསླབ་ཚན་ཁོ་ན་མ་གཏོགས་བསླབ་ཚན་ཚང་མ་རྒྱ་ཡིག་ཐོག་བསྒྱུར་ཏེ། རྒྱ་སྐད་རྒྱ་ཡིག་གིས་སློབ་ཁྲིད་བྱེད་པའི་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་ལྟར། འདས་པའི་སློབ་སྐབས་གཅིག་ཙམ་གྱི་རིང་འདིར་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་རྒྱུགས་འབྲས་ཉམ་ཆག་ཏུ་གྱུར་ཏེ། འདི་ལོའི་དཀྱིལ་རྒྱུགས་སྐབས་སློབ་གྲྭ་ཁག་སོ་སོའི་སློབ་མའི་རྒྱུགས་འབྲས་བརྒྱ་ཆ་ ༣༠ ནས་ ༣༥ མར་ཆག་ཡོད་པར་བརྟེན། ས་ཁུལ་སོ་སོའི་ཁྱིམ་བདག་དང་སློབ་མ། དགེ་རྒན་ཚང་མའི་ངོས་ནས་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་དེ་ནི། མི་རིགས་རང་སྐྱོང་ས་ཁུལ་གྱི་དངོས་ཡོད་གནས་བབ་དང་མི་འཚམ་ལ། སློབ་གསོའི་སྤུས་ཚད་ཡར་རྒྱས་དང་། མི་རིགས་རིག་གནས་རྒྱུན་འཛིན་བཅས་ལ་གནོད་པའི་བསམ་ཚུལ་ཤུགས་ཆེན་པོ་བྱུང་ཡོད་པ་མ་ཟད། དེ་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་མི་རིགས་སློབ་གསོའི་སྲིད་ཇུས་ཀྱི་དགོངས་དོན་དང་ཡང་འགལ་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་འདུག

ད་དུང་གནས་ཚུལ་མཁོ་སྤྲོད་པས།   ཁོ་ཚོས་ངོས་ནས་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་། མི་རིགས་རང་སྐྱོང་ས་ཁུལ་དུ་མི་རིགས་རང་གི་སྐད་ཡིག་གཙོ་བོར་འཛིན་པའི་མི་རིགས་སློབ་གསོའི་སྲིད་ཇུས་དོན་འཁྱོལ་ཡོང་བར་ཤུགས་བརྒྱབ་སྟེ་མུ་མཐུད་གོང་རིམ་འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་འབུལ་རྒྱུ་ཡིན་ལ། དེ་བཞིན།   མི་རིགས་རང་སྐྱོང་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་དཔོན་རིགས་དང་ལས་བྱེད་རྣམས་གཙོས། མི་རིགས་རང་སྐྱོང་ས་ཁུལ་གྱི་དགེ་རྒན་དང་སློབ་མ། ཁྱིམ་བདག དེ་བཞིན་རྒྱལ་ཁབ་ཕྱི་ནང་གཉིས་ཀར་ཡོད་པའི་གྲངས་ཉུང་མི་རིགས་ཚང་མའི་ངོས་ནས་མི་རིགས་རང་སྐྱོང་གི་སློབ་གསོའི་སྲིད་ཇུས་ལག་བསྟར་ཡོང་ཐབས་ཐད་རྒྱབ་སྐྱོར་དང་འབོད་སྐུལ་ཡོང་བའི་རེ་འདུན་ཡང་ཞུས་སོང་། 

དེ་མིན་གནས་ཚུལ་གཞན་ཞིག་ལ། ལོ་སྔོན་མ་ནས་བཟུང་མདོ་སྨད་གཅན་ཚ་དང་རེབ་གོང་ཁུལ་དུ། བོད་ལུགས་སྐར་རྩིས་གཞིར་བཟུང་བོད་ཐུན་མོང་གི་གཅིག་གྱུར་ལོ་གསར་ལ་རོལ་མགོ་བརྩམས་ཡོད་པ་ལྟར། འདི་ལོ་ཡང་ས་ཁུལ་དེ་གཉིས་གཙོས་པའི་མགོ་ལོག་དང་མཚོ་ལྷོ། ཡུལ་ཤུལ་སོགས་ས་ཁུལ་མང་པོས་གཅིག་གྱུར་ཐོག ད་ལོ་ནས་བཟུང་སྟེ་བོད་ལུགས་ལོ་གསར་ལ་རོལ་རྒྱུའི་མགོ་བརྩམས་ཡོད་འདུག་ལ། འདི་ལོ་བོད་ནང་དུ་བོད་མི་མང་པོས་རང་ལུས་མེར་བསྲེགས་ཀྱིས་ཚེ་སྲོག་ཕུལ་ཡོད་སྟབས། གླུ་ལེན་གར་འཆམ་དང་རྟ་རྒྱུགས་མདའ་རྩེད་སོགས་བྱ་རྒྱུ་མིན་པར། ལོ་གསར་སྐབས་མར་མེ་མཆོད་འབུལ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁོ་ན་བྱ་འཆར་ཡོད་འདུག   ཡིན་ནའང་། ས་གནས་རྒྱ་གཞུང་གིས་འབྲེལ་ཡོད་བོད་རིགས་ལས་བྱེད་དང་། དགོན་སྡེ་ཁག་གི་བླ་སྤྲུལ། སྡེ་བ་སོ་སོའི་སྡེ་དཔོན་སོགས་བཀོད་མངགས་བྱས་ཏེ་ས་གནས་མང་ཚོགས་ལ། སྔར་སྲོལ་ལྟར་རྒྱ་ལོའི་ལོ་གསར་ལ་རོལ་དགོས་པའི་སྐུལ་མ་གཏོང་བཅུགས་པ་མ་ཟད། རྒྱ་ལོའི་ལོ་གསར་སྐབས་མང་ཚོགས་ལ་རོགས་དངུལ་དང་བྱ་དགའ་སོགས་སྤྲོད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག 

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༧ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 10

  1. sangkye says:
    ལོ་ 15 སྔོན།

    འདི་ལྟར་སློབ་གསོའི་ལས་དོན་ཐད་ཀྱི་དགེ་སློབ་རྣམ་པས་རང་གི་འོས་འགན་ཕྲག་ཏུ་བཞེས་ནས་ཁྲིམས་མཐུན་གྱི་ཞུ་གཏུགས་ངོ་རྒོལ་བྱས་དང་བྱེད་བཞིན་པ་རྗེས་སུ་ཡི་རང་མངོན་པར་བསྟོད་འོས་ཏེ། འདི་རིགས་ནི་ང་ཚོའི་འཚེ་མེད་ཞི་རྒོལ་དང་བདེན་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་དང་ལག་ལེན་ཡང་དག་དེ་ཡིན་པས་སོ། སྙིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཁྱེད་ཚོའི་བྱ་བཞག་ལྷུན་གྱིས་འགྲུབས་པའི་ངའི་དུས་འཁོར་དབང་ཆེན་འདི་དང་བསྟུན་ནས་གནས་མཆོག་རྡོར་རྗེ་གདན་ནས་སྨོན་ལམ་འདེབས་བཞིན་ཡོད་ལགས།

    Reply
  2. འབྲོག་པ་རྣལ་མ། says:
    ལོ་ 15 སྔོན།

    དགེ་སློབ་རྣམས་ཀྱི་བོད་མི་རིགས་ཀྱི་ཆེད་དུ་ལས་དེ་ལམ་ལོང་ཡོང་པས་སྨོན་འདུན་ལན་བརྒྱར་ཞུ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༥༠༠དང་༥༠༠གིས་རང་ཐོབ་ཐང་ལེན་པའི་ལས་འགུལ་འདི་ནི་འོས་ཤིང་མཚམ་པ་རེད་ལ། ད་དུང་མུ་མཐུད་གནོངས་རོགས། ལོ་གསར་པ་ལ་ཆོས་ཕྱོགས་མ་གཏོགས་བག་མེད་ཀྱི་རིགས་མི་བྱ་རྒྱུའི་ཁས་བླངས་བ་ནི། མི་ལུས་རིན་ཆེན་ཐོབ་ནས་བདུད་རྩི་འཐུང་དང་འདྲ་་སྟེ། བག་ཡོད་བདུད་རྩི་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །ཞེས་པའི་དོན་མཐུན་པས་རྗེས་སུ་ཡི་རང་དང་། ཐུགས་རྗེ་ཆེ་ཞུའོ། །

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 15 སྔོན།

    ཁྱེད་རྣམས་ཀྱིས་ལས་འགུལ་འདི་འདྲ་སྤེལ་བར། གུས་པས་རྗེས་སུ་ཡི་རང་ཞུ། ཁྱེད་རྣམས་ཀྱི་རླབས་ཆེན་རེ་འདུན་ཡིད་བཞིན་གྲུབ་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག རང་རང་སར། བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་འབོད་སྐུལ་ཞུའོ།།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    འདི་ལྟར་སློབ་གསོའི་ལས་དོན་ཐད་ཀྱི་དགེ་སློབ་རྣམ་པས་རང་གི་འོས་འགན་ཕྲག་ཏུ་བཞེས་ནས་ཁྲིམས་མཐུན་གྱི་ཞུ་གཏུགས་ངོ་རྒོལ་བྱས་དང་བྱེད་བཞིན་པར་རaེས་སུ་ཡི་རང་མངོན་པར་བསྟོད་འོས་ཏེ། འདི་རིགས་ནི་ང་ཚོའི་འཚེ་མེད་ཞི་རྒོལ་དང་བདེན་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་དང་ལག་ལེན་ཡང་དག་དེ་ཡིན་པས་སོ།

    Reply
  6. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ཏག་ཏག་རེད. མི་ལོ་ཉི་ཤུའི་ཡར་སྔོན་དུ་ང་ཚོས་རོང་བོ་དགོན་ཆེན་གྱི་སྨོན་ལམ་ཆེ་མོ་དེ.  བོད་ལུགས་ལོ་གསར་ལ་ཚོགས་དགོས་པའི་བསམ་ཚུལ་བཏོན. དེ་སྔ་འགྲིམ་འགྲུལ་དཀའ་ངལ་གྱིས་སྟབས་མི་བདེ་ཡང. ད་ཆ་བོད་རྩིས་ལོ་ཐོ་རག་སླ. མ་ཟད་རྗེ་ཙོང་ཁ་བས་བོད་ལོའི་སྟེང་ནས་སྨོན་ལམ་བཙུག་པ་ལས་རྒྱ་ལོའི་སྟེང་ནས་བཙུགས་མེད་པ་རེད  བྱས་ཙང་དགོན་པ་སོ་སོས་བོད་ལོའི་སྟེང་ནས་སྨོན་ལམ་འཚོག་དགོས་སྙམས་སོ།།
     བོད་ཡིག་ལ་རྒྱལ་ཁབ་ཀྱིས་རོགས་ལས་གནོད་བྱེད་པ་ནི་མི་རིགས་གང་གིས་ཀྱང་བཟོད་སྒོམ་གཏན་ནས་བྱེད་མི་ཆོག་པ་ཞིག་ཡིན་ཙང. ང་ཚོ་ཕྱི་ནང་གི་བོད་ཡིག་ལ་འདོད་པ་ཡོད་མཁན་དང. བོད་རིགས་ཚོ་སྨྲས་ཅི. འགྲོ་མིའི་ཐོབ་ཐང་ལ་བརྩི་སྲུང་ཡོད་པ་ཚང་མས་འབད་དགོས་སོ།།
    གཞན་བོད་ཡིག་སྤྱོད་ཡུལ་ལ་གནོད་པ་བྱེད་མི་ཆོག་པས. ང་ཚོས་བོད་གཅིག་ཏུ་སྡུས་པའི་འམ. ཐ་ན་གསུམ་ལ་དགོས་པའི་བོད་རིགས་རང་སྐྱོང་ལྗོངས་ཤིག་ངེས་པར་འཛུགས་ཐུབ་ལ་འབད་དགོས་སོ།།
      

    Reply
  7. བསོད་ནམས་རྒྱ་མཚོ། says:
    ལོ་ 15 སྔོན།

    ཁྱེད་རྣམས་ཀྱིས་ལས་འགུལ་འདི་འདྲ་སྤེལ་བར། གུས་པས་རྗེས་སུ་ཡི་རང་ཞུ། ཁྱེད་རྣམས་ཀྱི་རླབས་ཆེན་རེ་འདུན་ཡིད་བཞིན་གྲུབ་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག རང་རང་སར། བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་འབོད་སྐུལ་ཞུའོ།།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ་་་་་ཁག་གི་དགེ་སློབ་རྣམས་ཀྱིས་ས་ཁུལ་སོ་སོ་ནས་དུས་གཅིག་ཏུ། མི་རིགས་རང་སྐྱོང་ཁུལ་དུ་མི་རིགས་སློབ་གསོའི་སྲིད་ཇུས་བསྐྱར་གསོ་དང་ལག་བསྟར་བྱེད་དགོས་པའི་སྙན་ཞུ་བྲིས་ཏེ། དགེ་སློབ་ཚང་མས་མོས་མཐུན་མཚན་རྟགས་བཀོད་དེ་འཐུས་མི་ཆེད་གཏོང་གིས་ཚོགས་ཐོག་ཏུ་འབུལ་བར་ཕྱིན་ཡོད་འདུག ་་་་་་
    ་་་་འདི་ལོ་བོད་ནང་དུ་བོད་མི་མང་པོས་རང་ལུས་མེར་བསྲེགས་ཀྱིས་ཚེ་སྲོག་ཕུལ་ཡོད་སྟབས། གླུ་ལེན་གར་འཆམ་དང་རྟ་རྒྱུགས་མདའ་རྩེད་སོགས་བྱ་རྒྱུ་མིན་པར། ལོ་གསར་སྐབས་མར་མེ་མཆོད་འབུལ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁོ་ན་བྱ་འཆར་ཡོད་འདུག ཡིན་ནའང་། ས་གནས་རྒྱ་གཞུང་གིས་་་་

    Reply
  9. གཙང་ཞོལ་བདེ་གསལ། says:
    ལོ་ 15 སྔོན།

    ཀྱེ་མ། སྐད་དང་ཡི་གེ

    ཉེ་ལམ་བོད་ནང་དུ་སློབ་ཕྲུག་སྟོང་ཕྲག་མང་བོས་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་སྐྱོབ་ཆེད་ཞི་བའི་ངོ་རྒོལ་བྱས་པར་བྲིས།
    མི་རིགས་ཤིག་འཆི་གསོན་གྱི་འབྲེལ་ཐག་འཛིན་པའི་རང་གི་ཕ་སྐད་དྭངས་མོ། ཡར་ཀླུང་རིག་གཞུང་གི་དབུགས་རྔ་ཕྲ་མོ་ལ་དང་བ་འདྲེན་པའི་ཡུམ་སྐད་གཙང་མ། ཁྱེད་ཉིད་ལ་འདི་ལྟ་བུའི། བཙན་ཤུགས་དང་། དབང་ཤུགས་ཀྱི་རྒྱ་སྒོ་ནས་གནོན་བཙུར་སྡམ་གསུམ་གྱིས་སྲོག་རྩ་ལ་བརྙབ་ཡོང་དུས། ངའི་མགོ་ལུས་སྲོག་གསུམ་ལ་ཁྱབ་པའི་ཁྱེད་ཀྱི་མ་བཅོས་པའི་ཉམས་འགྱུར་གྱི་ཁུགས་སོ་རེ་རེར་སྐྱོ་བ་དང་རྒུད་པའི་ལམ་འཕྲང་གཅོང་ཞིང་རོང་།
    ཤར་གླིང་གི་བོད་བཙན་པོའི་ང་རྒྱལ་དང་། ཁྲག་རྒྱུན་ལས་བཞུར་བའི་ཁྱེད་ཀྱི་དབྱངས་གསལ་གྱི་ཚིག་སྦྱོར་དེ་དག་གིས་ང་ལ་ཕྱི་མིག་ཐེངས་གཅིག་གིས་གཟིགས་སྐྱོང་ཙམ་ཡང་མི་གནང་བར་འགྲོ་རན་པ་ཡིན་ནམ།
    ངོ་མ། དྲག་དཔུང་དང་ངན་གཡོའི་ཁ་རྩ་ན་རྒྱུ་འབྲས་དང་ཁྲིམས་ཡིག་གིས་ཅི་བྱ་སྟེ། ཀུན་ཀྱང་སྒེར་གཅོད་པའི་བཀའ་ལས་འདའ་མི་ཆོག་པས་སོ།
    འོན་ཀྱང་། ངེད་ཕ་རིང་བུ་རྒྱུད་ཀྱི་རྨོག་དཀར་གྱི་དར་འཕྲུ་བཞིན་དབུ་ལ་བཙུགས་ཤིང་། ཁྲབ་དཀར་གྱི་རྒྱུན་ཐག་བཞིན་ལུས་ལ་བསྡམས་ཏེ། བྱམས་ལྡན་གྱི་ཕ་མ་བཞིན་གཅེས་སྲོག་ལྡན་ལ། ཞེ་འདང་གི་ཆུང་མ་བཞིན་སྙིང་ལ་ཉར་བའང་ཁྱེད་ཁོ་ན་ལགས་ཕྱིར། འབྲེལ་འདྲིས་ཀྱི་ངོ་སྐལ། དམ་ཚིག་གི་མདུད་མཚམས། བསྐོས་ཐང་གི་རི་མོ། མཉམ་མྱོང་གི་སྡུག་བསྔལ། གང་ལ་འདང་བརྒྱབ་ཀྱང་ཁྱེད་སོང་ཤུལ་ན་ང་ལ་བསྡད་ས་དང་བརྟེན་ས་ཅི་ཡང་མེད།
    རིག་གནས་མེད་པའི་མི་རིགས་ཤིག་དང་། ཕ་མ་མེད་པའི་དྭ་ཕྲུག་ཅིག ཁྱོ་ག་མེད་པའི་ཡུགས་མོ་ཞིག་གི་མྱ་ངན་གྱི་སྨག་རུམ་དང་དུ་བླངས་ནས་འཐོམ་ཞིང་ཞུམ་དགོས་པ་ལས། ངའི་ཚེ་སྲོག་རྟ་རྔ་འདྲ་བོ་ཡང་ཁྱོད་དང་མཉམ་དུ་སྟོང་དབྱིངས་སུ་སྤུར་བས་དགའ། ཅིའི་ཕྱིར་ཞེ་ན། ཁྱེད་ཀྱིས་བརྩེ་བརྩེ་དུངས་དུངས་ཀྱིས་ང་དང་ངའི་མི་རིགས་ཀྱི་མགོ་བཏེགས་ཤིང་འདབ་སྐྱོར་བའི་འགན་ལྕི་མོ་ཁུར་ཁུར་བའི་མཐའ་མར།
    དེ་རིང་འདི་འདྲའི་བརྙས་བཅོས་དང་ན་ཟུག་ཅིག་མྱངས་ནས་འགྲོ་དགོས་བྱུང་ན། ང་ལ་ཁྱོད་ཀྱི་སྲོག་རྩ་གཅོད་མཁན་གྱི་ལག་དམར་དེར་ཤ་འཁོན་ལེན་པའི་ནུས་པ་མེད་སོང་ནའང་། ཁྱེད་དང་མཉམ་ཤི་རྒྱག་པ་དེ། ཁོག་དཔུང་དང་དྲིན་བཟོ་ཞིག་གི་ཆེད་ཡིན། ཀྱེ་མ། ངའི་སྐད་ཡིག
    ༢༠༡༠ ༡༠ ༢༢ ཉིན།གཙང་ཞོལ་བདེ་གསལ་གྱིས།

    Reply
  10. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    རྣམ་དཔྱོད་ཅན་གྱི་འཐབ་རྩོད་བྱེད་སྟངས་བྱ་སྟངས་ལ་བསྔགས་བརྗོད་ཡོད། རྩ་ཁྲིམས་དང་བཅའ་སྒྲིག་ཁག་གཞིར་བཟུང་རྒྱ་ནག་གཞུང་ནག་འདེད་བྱེད་ཐུབ་པ་ཡིན་ན། དེ་ནི་བླ་ན་མེད་པའི་ལམ་ཡག་ཤོས་དེ་རེད། ༧གོང་ས་མཆོག་གི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་ལ་སྤྲད་པའི་༼ རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ གྱི་དགོངས་དོན་ཡང་འཐབ་རྩོད་བྱེད་སྟངས་དེ་འདྲས་སྒྲུབ་ཐུབ་པ་ཞིག་རེད་ལ། ལྷག་པར་ཏུ་བོད་ནང་ནས་བསམ་འཆར་ཐད་ཀྱི་ནང་དོན་དོན་དངོས་དང་དུས་དང་འཚམས་པོ་ཡིན་པར་འདི་ལྟར་ར་སྤྲོད་བྱས་ཡོང་ཚེ། བོད་ལ་དོན་དམ་གྱི་རང་སྐྱོང་བྱུང་ནས་གཞིས་བྱེས་མཉམ་འཛོམས་བྱུང་རྒྱུར་དུས་ཚོད་མང་པོ་མི་དགོས་པ་གསལ་བོ་རེད། དེ་བས། ང་ཚོས་འཐབ་རྩོད་བྱ་ཕྱོགས་ལ་གཞུང་ལུགས་དང་རྣམ་དཔྱོད་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་ཁ་ཕྱོགས་གཞི་ཐིག་གཅིག་གི་སྒང་འདི་ལྟར་འགྲོ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་རེད། དེ་བས་ལས་འགུལ་འདི་རིགས་ནི་ཡི་རངས་བྱ་དགོས་པ་ཡིན་པས། དགེ་སློབ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ལ། ཁྱེད་ཚོའི་མཉམ་དུ་བོད་སྐད་ཡིག་གི་ལས་དབང་ལ་ཆུ་ལ་ཆུ་བཞག་ལྟར་གྱི་གནས་ལུགས་དང་བརྩེ་དུངས་ཀྱིས་བསྡམས་ནས་ཡོད་བཅས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese