མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་ཞིག་དང་མི་སྐྱ་ཞིག་གིས་སྐུ་ལུས་མེར་བསྲེཊ་བཏང་།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་ རིང་ཉིན་རྒྱབ་རྒྱ་ནག་གི་ཆུ་ཚོད་ ༢ དང་སྐར་མ་ ༤༠ ཙམ་ལ་ཨ་མདོ་རྔ་པ་རྫོང་ཐོག་ཏུ་གྲྭ་བ་ཞིག་དང་མི་སྐྱ་ཞིག་བཅས་མི་གཉིས་ཀྱིས་ ལྷན་དུ་རང་ལུས་མེར་བསྲེགས་བཏང་ཡོད་འདུག

ད་ལྟ་རིང་གནས་ཚུལ་འབྱོར་གསལ་ལ། ༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གསུང་གི་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་བཀའ་ཆོས་མགོ་འཛུགས་གནང་མ་ཐག བོད་ཨ་མདོ་རྔ་པ་ནས་ཕེབས་པའི་ཆོས་ཞུ་བ་ཞིག་གིས་ནང་མི་ཚོར་༧གོང་ས་མཆོག་གི་གསུང་སྐད་ཐོས་སུ་འཇུག་ཆེད་བོད་དུ་ཁ་པར་བཏང་སྐབས། དེ་རིང་གི་ནང་གི་ཆུ་ཚོད་ ༢ དང་སྐར་མ་ ༤༠ ཙམ་ལ་རྔ་པ་རྫོང་གི་ཁྲོམ་གཞུང་དུ་གྲྭ་བ་གཅིག་དང་མི་སྐྱ་གཅིག་གིས་ལྷན་དུ་རང་ལུས་མེར་བསྲེགས་བཏང་ཡོད་སྐོར་བརྗོད་འདུག སྐབས་དེར་ཁོང་གཉིས་ཀྱིས་ཕྱག་ཐལ་མོ་སྦྱར་ཅིང་ཞལ་ཀིརྟི་དགོན་པའི་ཕྱོགས་སུ་འཁོར་ཏེ། འབོད་ཚིག་མང་པོ་ཞིག་བསྒྲགས་ཡོད་ཀྱང་རོབ་ཙམ་ཐོས་པ་ནི་ “རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག” ཅེས་བསྒྲགས་ཡོད་འདུག ཡུན་ཙམ་གྱི་རྗེས་སུ་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་འབྱོར་ཏེ་བཙན་ཁྲིད་བྱས་ཡོད་འདུག

ཕར་བལྟས་ཚོད་ལ་ཁོང་གཉིས་ལོ་ཉི་ཤུའི་ནང་ཞིག་ཡིན་པ་དང་། གྲྭ་བ་དེ་ཕལ་ཆེར་སྐུ་གྲོངས་ཡོད་པ་དང་། མི་སྐྱ་དེའི་གནས་སྟངས་གསལ་བོ་ཤེས་མ་ཐུབ་ཀྱང་མེ་ཤུགས་ཧ་ཅང་ཆེན་པོ་འབར་ཡོད་སྟབས་གཉིས་ཀའི་ཚེ་སྲོག་ཤོར་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག གཞན་གྲྭ་བ་དེ་དང་མི་སྐྱ་དེ་གཉིས་རྔ་པ་གང་ནས་ཡིན་པ་དང་ལོ་ཚད་དང་མིང་སོགས་ད་སྔ་གསལ་བོ་ཤེས་རྟོགས་ཐུབ་མ་སོང་ཟེར།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༢༠ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 21

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གཞིས་བྱེས་བོད་མི་སུ་ཡིན་ན་ཡང་། བོད་དོན་མ་གྲུབ་བར་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་མཐར་ཕྱིན་པ་བྱེད་དགོས་ཀྱང་། རང་སྲོག་མ་གཏོང་བའི་སྒོ་ནས་གནོངས་རོགས་གནང་ཞུ་རྒྱུ་ལས་མ་འདས་སོ ། །

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་པའི་ཚེ་སྲོག་ལས་ལྷག་པའི་བོད་རང་བཙན་མེད་ལ། བོད་མིའི་རང་དབང་ཡང་བོད་པའི་ཚེ་སྲོག་སྐྱོབ་པའི་ཆེ་དུ་ཡིན་པས་་་་་་་་

    Reply
  3. ཚང་མ། says:
    ལོ་ 14 སྔོན།

    བོད་ཨ་མདོ་རྔ་པ་ནས་ཕྱི་ཚེས་༦ ཉིན་རང་ལུས་མེར་བསྲེགས་གཏོང་མཁན་གཅིག་གི་མཚན་ལ་ཚུལ་ཁྲིམས་ཞུ་བ་དང་
    ད་ལྟ་སྨན་ཁང་ནང་ཡོད་འདུག
    གཅིག་ཤོས་ཀྱི་མཚན་ལ་ཉི་མ་ཞུ་བ་དང་ཁོང་འདས་གྲོངས་སུ་ཕྱིན་ཡོད་འདུག
    ཁོང་གཉིས་སྔོན་མ་རྔ་བ་ཀིརྟི་དགོན་པའི་གྲྭ་བ་ཡིན་པ་དང་། ཚུལ་ཁྲིམས་ཀྱིས་དགོན་པའི་ཉེ་འདབས་དང་ནས་སྐུ་ལུས་མེ་རུ་སྒྲོན་ཡོད་པ་དང་། ཉི་མས་དེ་དང་ཐག་ཉེའི་མགྲོན་ཁང་ཞིག་ནང་རང་ལུས་མེར་བསྒྲོན་ཡོད་འདུག ཉི་མ་དགུང་ལོ་༡༨ རེད་འདུག
    གནས་ཚུལ་གསར་ཞིག་འདུག་པས་ཞིབ་ཕྲའི་གནས་ཚུལ་གསལ་བོར་ཤེས་མ་སོང་། །

    Reply
  4. གཡུ་གྲའི་ཁ་བཏགས་དཀར་པོས། says:
    ལོ་ 14 སྔོན།

    ༄། མི་ཞིག་ལ་ཡོད་པ་ནི་ཚེ་སྲོག་རེད། དེ་བཏང་ཚར་ན། ད་དུང་ཅི་ཞིག་བྱེད་དགོས།

    Reply
  5. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 14 སྔོན།

    སྤྱན་རས་གཟིགས་ཀྱི་བྱིན་རླབས་ཆ་ཚང་སྐྱེ་བོ་དམ་པ་ཁོང་རྣམས་པར་འཇུག་པར་ཤོག

    Reply
  6. ཅང་མེད། says:
    ལོ་ 14 སྔོན།

    མདོ་སྨད་རྔ་བའི་སྙིང་སྟོབས་དང་ཤ་ཞེན་ལ་རྗེས་སུ་ཡི་རངས་དང་བཅས་གུས་འདུད་ཞུ།
    བདེ་བ་ཅན་དུ་སྐྱེས་བར་སྨོན།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ངོ་རྒོལ་གྱིས། སྲིག་རྒོལ་མ་གྱིས།
    སྤྱི་དོན་སྒྲུབས། རངདོན་ཡང་སྒྲུབས།
    གཞན་སྲོག་སྐྱོབས། རང་སྲོག་ཀྱང་སྲུངས།
    གཞན་ཕན་གྱིས། རང་ཕན་ཡང་སོམས།
    བོད་རྒྱལ་ལོ། བོད་རིགས་རྒྱལ་ལོ། བདེན་པ་རྒྱལ་འགྱུར་ཅིག །

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    མདོ་སྨད་ཡུལ་ནས་རྒྱལ་གཅེས་དེ་ཚོའི་སྙིང་སྟོབས་དེ་ཚད་ཡོད་གཅིག་མ་རེད།
    འབྲོང་བུ་སོག་ཚས་འབྲེལ་མེད་དོན་གཞན་གྱི་ང་ལ་དམོད་མོ་བྱ་བ་ལ་གད་མོ་ཤོར་ནས་ཡོང།

    Reply
  9. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    དྲྭ་གྲོགས་རྣམ་པ་ལྷན་རྒྱས། དྲྭ་གྲོགས་འགྱུར་མེད་བསྟན་འཛིན་གྱི་འཇོན་སྟངས་དང་། རྣམ་དཔྱོད། ཤེས་རྒྱ་བཅས་ལ་དཔྱད་པ་མ་གཏོང་མ་གཏོགས། འཇའ་ལུས་སུ་འགྲོ་རྒྱུར་ཐེ་ཚོམ་སྤུ་ཙམ་མི་འདུག་གོ

    Reply
  10. ཀུན་དགའ། says:
    ལོ་ 14 སྔོན།

    རིགས་ཞེན་ལྡན་ལ་བླངས་དོར་དཔྱོད་པའི་དྲ་གྲོགས་རྣམ་པ། བོད་དྲི་ཙམ་ཡང་མི་བྲོ་བའི་མི་ངན་གཏིང་ནག་འགྱུར་མེད་བསྟན་འཛིན་མིང་ཅན་འདིར་དྲ་གྲོགས་གཟུར་གནས་ཀུན་གྱིས་བརྟགས་དཔྱད་ཅིག་གནོངས་དང་། འདི་དྲ་ལམ་ལ་ཞུགས་ནས་ད་ལྟའི་བར་མི་ངན་འདིས་ཁོ་ལ་ཤེས་འཇོན་དང་ནུས་པ་མེད་སོང་པ་རེད་མ་གཏོགས། ༧ གོང་ས་མཆོག་གཙོ་བྱས་བོད་གཞུང་མང་ཀུན་དང་རང་རེའི་སྤྱི་ཚོགས་ནང་ལ་ཟུར་ཟ་དང་དམའ་འབེབ། མཐོང་ཆུང་དང་དཀྲུགས་ཤིང་ག་འདྲ་ཞིག་རྒྱག་ཁུལ་བྱས་སོང་། དྲ་གཉེར་བ་ཚོ་གཙོ་བྱས་དོ་སྣང་ཅན་ཚང་མས་འདིའི་རྒྱབ་ལྗོངས་དང་དམིགས་ཡུལ་ངེས་པར་ཤེས་དགོས།

    Reply
  11. རྟ་མགྲིན། says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧུཾ། མ་ཎི་ཞིག་འདོན་རྒྱུ་ལས་སྡེར་མ་ང་ལ་བྱ་ཐབས་གང་ཡང་
    མི་འདུག བོད་ཀྱི་ས་སྒང་དང་མི་རིགས་མ་ཚར་བར་རྒྱལ་གཅེས་པ་ཁྱེད་ཅག་གི་གཟི་བརྗིད་ཀྱང་ཚར་མི་སྲིད། རྒྱ་དམར་གྱི་གདུག་རྩུབ་དང་གཏུམ་དྲག་ཇི་ལྟར་ཆེ་ན། བོད་མི་རིགས་ཀྱི་རེ་འདུན་དང་སྙིང་སྟོབས་དེ་བས་ཉམས་མི་སྲིད་པ་ཁྱེད་ཚོས་བདེན་དཔང་བྱས་སོང་། མི་ཚོས་ཅི་ཞིག་བཤད་ཀྱང་ཁྱེད་ཅག་གིས་བྱས་པ་དག་མི་རིགས་ཤིག་གི་བདེ་སྡུག་ཅིག་གླེང་གི་ཡོད་ན། རེ་འདུན་དེ་སེམས་སྐྱེད་ཀྱི་ངོ་བོ་ཞིག་ཀྱང་ཅི་ལ་མིན། དེས་ན་ཁྱེད་ཚོ་ནི་ཇི་འདྲའི་བྱང་སེམས་གསོན་པོ་ཞེ་གཅིག་ཨང་།

    Reply
  12. ཐོ་རེངས། says:
    ལོ་ 14 སྔོན།

    གཅེས་སྲོག་གི་དངས་མ། །
    རིན་ཐངཅན་གྱི་མི་ལུས། །
    མེ་འོབ་དུ་བསྲེགས་པ། །
    ཨ་ལ་ལ་ཅི་འདྲ་བའི་སྙིང་སྟོབས། །
    བཟོད་དཀའ་བའི་སྡུག་བསྔལ། །
    འདི་གང་ལ་བཞག་དགོས། །
    གང་ལས་བྱུང་བ་རེད། །
    ཨོཾ་མ་ཎི་པདྨེ་ཧུཾཿ

    Reply
  13. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    ད་རྔ་བ་ན་དཔའ་བོ་ག་ཚོད་ཙམ་ལྷག་ཡོད་དམ། ལམ་ལམ་དུ་འབར་བའི་མེ་ལྕེ་དེའི་རླབས་རྒྱུན་དེ་ག་དུས་ཤིག་ལ་ཆད་ངེས་སམ། གཏན་ནས་ཆད་སྲིད་ཀྱི་མ་རེད། བོད་ཀྱི་བདེན་མཐའ་འདི་མ་སེལ་བར་དུ་རྔ་བའི་བོད་ཀྱི་དཔའ་བོ་དཔའ་མོ་ཚོའི་ཚེ་སྲོག་གི་མེ་ལྕེའི་རླབས་རྒྱུན་ཆད་མི་སྲིད་པ་ཞིག་རེད། གང་ལྟར་འདི་དག་གིས་དཀའ་ཚེགས་གང་བྱས་ལ་ང་ཚོའི་ངོས་ནས་བསམ་ཤེས་གོ་ཤེས་རེ་བྱེད་ཐུབ་པའི་ཡག་པོ་ཡོད་པ་རེད་སྙམ་མོ།།

    Reply
  14. པོ་ཏཱ་ལ says:
    ལོ་ 14 སྔོན།

    ཤ་ཁྲག་དང་རིགས་གཞུང་འབྲེལ་བའི་སྤུན་ཟླ་དེ་ཚོས་སྙིང་སྟོབས་ཀྱི་བྱ་བར་ཡི་རང་དང་་་གདུང་སེམས་མཉམ་དུ་ཞུ་ཞུ་་་་་་་་་འགྱུར་མེད་བསྟན་འཛིན་ལགས།་་་ཆུད་ཟོས་ཞེས་པའི་ཚིག་དེའི་གོ་དོན་ཤེས་ན་་ལས་རིགས་འདི་ཚོ་ལ་བེད་སྤྱོད་བྱེད་ཉན་གི་མ་རེད་་་་ངས་བསམ་ན་ཆུད་ཟོས་ཞེས་པའི་ཚིག་དེ་ཁྱེད་རང་གི་མི་ཚེ་སྟེང་དུ་བཀོད་ན་ཏག་ཏག་ཡིན་ས་རེད་་་་་

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    འཆི་ནས་སྤྱི་དོན་སྒྲུབ་པ་ལས། གསོན་ནས་སྤྱི་དོན་སྒྲུབ་པ་བཟང་བས་་་་་་

    Reply
  16. གངས་སྨྱུག says:
    ལོ་ 14 སྔོན།

    ད་དངོས་གནས་སྙིང་རྗེ་གིན། ད་དངོས་གནས་ཤ་ཚ་གིན། ད་དངོས་གནས་ག་རེ་བྱེད་དགོས་རེད། ད་དངོས་གནས་ཁག་པོ་འདུག ད་དངོས་མ་ཎི་མི་འདོན།ད་དངོས་གནས་ཅ་ཟིང་པོ་འདུག ད་དངོས་གནས་རང་སྲོག་དོར་དགོས། ད་དངོས་གནས་ཁོང་ཁྲོ་ལང་གིན། ད་དངོས་གནས་ཞེ་སྡང་ལང་གིན། ད་དངོས་གནས་སེམས་ཁོང་ནས་ཁོང་ཁྲོ་ལང་གིན། ད་དངོས་གནས་ཕན་ཚུན་གཉིས་མེད་བཟོ་དགོས། བདེ་སྐྱིད་མེད་ན་འགྲིགས། འཚོ་བ་མེད་ན་འགྲིགས། རང་བཙན་མེད་ན་འགྲིགས། རང་སྐྱོན་མེད་ན་འགྲིགས། ད་དྲག་ལས་སྤེལ་དགོས། ད་རྒྱ་རོ་གསོ་དགོས། ད་རྒྱང་འབུད་བཏང་དགོས། ད་རྡོག་རྩ་འགྲིག་དགོས། ད་གསོད་དགོས། ད་བཏུབ་དགོས། ད་སྒྲལ་དགོས། ད་ཚང་མ་བྱེད་དགོས། ད་ལོང་ཤོག་བོད་པ་ཚོ། ཤ་ཁྲག་གི་མཆོད་པ་ད་འབུལ་དགོས།

    Reply
  17. འབྲི་གུང་སྤྲོ་ཚེ། says:
    ལོ་ 14 སྔོན།

    འབར་བཞིན་པའི་སྣང་བྱེད་དེ་ལ།

    འགའ་རེས་ལག་པའི་སོར་མོ།།
    རེ་རེ་རེ་རེ་བྱས་ནས།།
    རང་གི་ལྷག་པའི་ལྷ་ལ།།
    ངོ་བསྟོད་མཆོད་པར་འབུལ་སོང་།།

    འགའ་རེ་ཤ་ཆེན་ལྔ་པོ།།
    ཐབས་ཀྱིས་གཞན་ནས་བཙལ་ནས།།
    རང་གི་བདེ་སྐྱིད་ཆེད་དུ།།
    མཆོད་བསྟོད་ལས་ལ་བྲེལ་འདུག།

    འགའ་རེས་གཞན་བདེའི་ཆེད་དུ།།
    ལུས་ཀྱི་སྡོང་པོ་མཆོག་ལ།།
    སེམས་ཀྱི་ཞུགས་མེ་སྒྲོན་ནས།།
    འོད་ཟེར་ནམ་མཁར་ཁྱབ་སོང་།།

    མཛེས་པའི་འོད་ཟེར་དེ་ལ།།
    དུངས་པའི་བསྟོད་གླུ་ལེན་ཀྱང་།།
    སེམས་ཀྱི་ཚོར་སྣང་ཟབ་མོས།།
    ངག་གི་ནུས་པ་ཤོར་སོང་།།

    ཞི་དུལ་འོད་ཟེར་མཆོག་ལ།།
    གཅེར་བའི་མིག་ཟུང་གཉིས་ལས།།
    དུངས་པའི་བདུད་རྩིའི་རྒྱུན་བཟང་།།
    སྦྲང་ཆར་ཟིལ་མ་འདྲ་བྱུང་།།

    ཁ་དང་སོ་ཙམ་མ་ཡིན།།
    ལག་དང་མཛུབ་མོ་མ་ཡིན།།
    ཁྱེད་ཀྱི་བཀའ་དྲིན་གསོན་པོ།།
    སྙིང་གི་དབུས་སུ་ཉར་ཆོག།

    Reply
  18. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཨོ་ཨོ་ད་ཡང་མི་ལུས་རིན་ཆེན་ཞིག་བོད་ནས་ཆུད་ཟོས་བཏང་འདུག་ཨ་ཁ་ཁ་་་་་་་བོད་གཞི་ལུས་མི་མང་གི་སྙིང་སྟོབས་དང་ལྷག་བསམ་་ལ་ཚད་འཇལ་ཐུབ་པ་ཞིག་མ་རེད་་་་་་་་འདི་ནས་ཕྱོགས་ཞེན་རྐྱང་གི་ལས་ཀ་བྱས་ནས་མི་ལོ་ལྔ་བཅུ་ཁད་དུ་རྫོགས་སོང་བ་རེད་་་་་དེང་སང་རྡོ་རྗེ་གདན་ནས་བླ་ཆེན་ཚོ་ལོ་རྒྱུས་དང་མ་མཐུན་པའི་གོ་རིམ་སྒྲིག་སྟངས་ལ་གཟིགས་དང་་ལས་ཀ་བྱ་སྟངས་འདི་ཚོ་ལ་བསམ་བློ་གཏོང་དུས་་་་དངོས་གནས་བོད་ནང་གི་རྒྱལ་གཅེས་པ་འདི་ཚོའི་རེ་བ་ལས་ལྡོག་ཕྱོགས་ཀྱི་ལས་ཀ་བྱ་གི་འདུག་་་་་ཐབས་སྐྱོ་བོ་རེད་་་་་

    Reply
  19. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པད་མེ་ཧཱུཾ
    ད་ང་ཚོས་བོད་རྒྱ་འབྲེལ་མོལ་རྒྱ་གཞུང་ལ་སྒུག་པ་ལས་རྒྱལ་སྤྱི་ལ་འཁོར་ནས་སྒྲུབ་ན་ལེགས་བསམ་མོ།།

    Reply
  20. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    རང་རེའི་གཞུང་ངམ། ཡང་ན་གནད་ཡོད་མི་སྣས། རང་ལུས་མི་སྲེག་པའི་འབོད་སྐུལ་ཞུ་དགོས་ཀྱིས་འདུག རང་ལུས་བསྲེགས་པའི་དགོས་དོན་འགྲུབ་པར་ཤོག། 
    གངས་ལྗོངས་ཀྱི་དཔའ་བོ་རྣམ་པ། རང་རེའི་ཁ་སྟབས་ལ་ཕྱི་མིག་ཅིག་གཟིགས་ཏེ། ཕྱི་མའི་ཡུལ་དུ་འགྲོ་མི་ཉན། ང་ཚོས་ལྷག་འཕྲོ་ཚོས་ནང་འཛིང་སྒོ་རྒྱུ་ལས་མི་རིགས་ཀྱི་ཞབ་འདེབས་བསྒྲུབ་པའི་ལྷག་བསམ་མེད། ཨོཾ་མ་ཎི་པདྨེ་ཧུཾཿ  ཨོཾ་མ་ཎི་པདྨེ་ཧུཾཿ  ཨོཾ་མ་ཎི་པདྨེ་ཧུཾཿ  ཨོཾ་མ་ཎི་པདྨེ་ཧུཾཿ  ཨོཾ་མ་ཎི་པདྨེ་ཧུཾཿ  ཨོཾ་མ་ཎི་པདྨེ་ཧུཾཿ 

    Reply
  21. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཞིབ་ཁྲའི་གནས་ཚུལ་མཁྱེན་འདོད་ཡོད་ན་གནས་ཚུལ་མཁོ་སྤྲོད་པའི་ཁ་པར་ཨང་༨༢༧༡༣༢༨༩༥༧ འདི་ལ་འབྲེལ་བ་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese