མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མེ་ལྕེ་སླར་ཡང་བོད་ནས་མཆེད། དྲན་སྐུལ་སླར་ཡང་བོད་ནས་སླེབས་བྱུང་།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མི་རེ་ངོ་རེ་ནས་བསམ་བློ་ཞིབ་དུ་གཏོང་གི་ཡོད་ངེས་རེད། ཡང་བོད་མི་ཞིག་གིས་རང་ལུས་མེ་བསྲེག་བཏང་འདུག་ཟེར་ནས་གསར་འགྱུར་རེ་རེ་བཞིན་ཀློག་ཐེངས་རེར། ཚང་མས་རང་རང་བོད་མི་ཞིག་ཡིན་པ་དྲན་ཡོད་ངེས་རེད། དྲན་དུའང་བཅུགས་ཡོད་ངེས་རེད། བོད་མི་དག་བོད་ཡུལ་དུ་གནས་པ་དེ་ལ་ཡང་ལས་སླ་བོ་ཞིག་མེད་པ་དེ་ནི་ཁོང་ཚོས་རང་གི་ཚེ་སྲོག་གི་བདེན་དབུང་རབ་དང་རིམ་པ་བྱས་པ་རེད།

དེ་རིང་སྤྱི་ལོ་ཉིས་སྟོང་བཅུ་གཉིས་སྤྱི་ཟླ་དང་པོའི་ཚེས་དྲུག་ཉིན་འདི་ལ་ཡང་། བོད་ནས་སྐྱ་སེར་གཉིས་ཀྱིས་རང་གི་གཅེས་པའི་ཚེ་སྲོག་གི་འབོད་སྐུལ་གྱི་སྙིང་བོ་ནི། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། སྐུ་ཚེ་ཁྲི་ལོ་བརྟན་པོར་ཤོག་ཟེར་བ་དེ་རེད། ད་ནི་ཁོང་རྣམ་པ་གཉིས་དང་བོད་མི་ས་ཡ་དྲུག་གི་རེ་འབོད་ནི་ཁོ་གཉིས་ཀྱི་ཚེ་སྲོག་གི་བདེན་དབུང་སླར་ཡང་བྱས་པ་རེད། ད་ནི་འུ་ཅག་བོད་མི་དག་གིས་ཁོང་ཚོས་ཁ་ཆེམས་སྒྲུབ་པར་ལས་སུ་འབད་འབུངས་བྱེད་པར་ཆ་རྐྱེན་དུ་མ་ཞིག་ཡོད་པ་ནི། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་། ང་ཚོས་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་བྱེད་པར་བརྩོན་དགོས་ཟེར་ནས་བསྒྲགས་མྱོང་ཡོད་ལ་ད་ནི་ལག་ལེན་དུ་དར་བའི་དུས་ལ་སླེབས་ཡོད་པར་སྙམ། བོད་ཀྱི་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་ནས་ངོས་སུ་དབུ་ཁྲིད་པའི་དུས་སུ་འབབ་འདུག་ཞེས་བཤད་ན་འགྲིག་པར་སྙམ་མོ། མིང་དང་གོ་གནས་ཡོད་པའི་མི་ཞིག་གི་ལས་འགུལ་གང་ཞིག་གི་འགོ་ཁྲིད་པ་ཡིན་ན་ད་གཟོད་གྲུབ་འབྲས་ཤིག་སོན་པ་ནི། དུས་རབས་ཤིག་གི་དར་རྒུད་དང་དུས་རབས་ཤིག་གི་གྱེན་བླངས། དུས་རབས་ཤིག་གི་འགྱུར་ལྡོག་བཅས་ནས་ང་ཚོ་ལ་གསལ་སྤྲོད་གསལ་བོ་བྱེད་མྱོང་ཡོད།

དེ་རིང་འདི་ནས་བདག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་གི་གཙོ་བའི་བོད་མིའི་སྐྱིད་སྡུག་ལེགས་ཉེས་ལ་དབུ་ཁྲིད་དང་ལམ་སྟོན་བྱེད་མཁན་དག་གིས་འགོ་བརྩམས་ན་འཕྱི་མེད་པ་དང་། སྔ་མེད་པའི་བརྡ་སྐུལ་དང་བོད་ནང་གི་བོད་མི་དག་གིས་མུ་མཐུད་དུ་རང་ལུས་མེ་བསྲེག་གི་ལས་འགུལ་འདི་ཉིད་ཀྱིས་བོད་ཀྱི་མི་འབོར་ཉུང་བའི་ཁྲོད་ཀྱི་རྒྱལ་ཞེན་པ་དག་ཉུང་དུ་མི་འགྲོ་བར་འབད་འབུངས་བྱེད་པའི་དུས་ཏག་ཏག་ལ་འཁེལ་འདུག་ཞེས་ཞུ་སྐུལ་ནན་པོ་བྱེད་ཀྱི་ཡོད།

མཆན། 1

  1. drikungpa says:
    ལོ་ 10 སྔོན།

    རེད་ཡ་ད་ནི་ང་ཚོས་ཁ་ཞེ་གཉིས་མེད་ཀྱི་ལས་འགུལ་སྤེལ་དགོས་ལ། ལས་འགུལ་དེའི་ཁ་ཕྱོགས་སྐད་འབོད་ཀྱི་རེ་བ་དེར་བསྒྱུར་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist