མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ཁ་རང་གསོ་བྱེད་ཐུབ་བམ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྡོ་རྗེ་གདན་ནས་མཐོང་སོང་། མི་འབུམ་ཕྲག་ཁ་ཤས་ཡོད།

སེར་སྨད་བློ་དགའ།

གྲགས་ཆེ་སར་གྲོགས་མེད་ཟེར་ན་བདེན་པ་ཡིན་གྱི་མ་རེད། གནས་ཆེན་ཆེ་རིགས་ཆེ་ཚད་ན་སློང་མོ་བ་བགྲང་ལས་འདས་པས་དངུལ་བསགས་ཐུབ་ཀྱི་འདུག་ལ། དེ་ཡང་ལོ་རེ་ནས་ལོ་རེར་ཇེ་མང་དང་ཧམ་པ་ཆེ་རུ་ཕྱིན་ཏེ་ན་ནིང་དང་ད་ལོར་ཝར་ན་རྡོ་རྗེ་གདན་སོགས་སུ་སྤྲང་པོ་མི་ཉུང་བ་ཞིག་གིས་རུབ་རྒྱབ་ནས་སྦྱིན་བདག་གི་དངུལ་འཕྲོག་པའང་རེ་གཉིས་མིན། སྐབས་རེར་སྦྲང་པོ་དང་སློང་མོ་བའི་བར་ན་གནམ་ས་ལྟ་བུའི་ཁྱད་པར་ཡང་མཐོང་རྒྱུ་འདུག་སྟེ། གཤམ་གསལ་མིང་འཁོད་ལྟར་ཧོན་འཐོར་བའི་གྲངས་ཀ་མང་པོ་འདུག ཁོང་ཚོའི་དམིགས་ཡུལ་ལྟར་སྤྱི་བདག་ཚོས་ཀྱང་ཚང་ཁ་ཤིག་ཤིག་དང་མིག་སྤུ་ཟིང་ཟིང་ངང་ཞལ་འདེབས་གནང་གི་འདུག་ཀྱང་། མཐར་ཁ་གཉེར་སྣ་གཉེར་བྱེད་ཞོར་ཕྱིར་ལོག་བྱ་དགོས་བྱུང་མཁན་ལ་གྲངས་ཀ་རྒྱག་རྒྱུ་རག་མ་སོང་།

ཕྱི་རྒྱལ་བ་དང་སྤྱི་ཚོགས་ཉམས་ཞིབ་པ་ཡིན་སྙམ་པ་མང་པོས་པར་ཆས་ཀྱི་ཁ་གཡས་སྐོར་གཡོན་སྐོར་གྱིས་འདུར་རྒྱུག་བྱེད་བཞིན། ཡ་མཚན་ཆེ་མདོག་གིས་ངོ་གདོང་ལ་རྣམ་འགྱུར་འདྲ་མིན་ཐོན། དེ་བས་ངོ་མཚར་བ་ཞིག་ནི་མཆོད་རྟེན་ཆེན་མོར་མི་ཚོགས་ཀྱི་ཚང་ཁ་དང་ལྷན་དུ་སྐོར་བ་ལ་འགྲོ་བའི་སྐབས་ཤིག་ལ་མགོ་རྒྱབ་ནས་སྐད་གསང་མཐོ་པོའི་ངང་ཨ་ཧ་ཧ། ལོ་རྟག་པར་སྐུ་འགྱེད་ཧིན་སྒོར་ཉིས་ཁྲི་སུམ་ཁྲི་བརྒྱག་མཁན་གྱི་གྲྭ་ཚང་ཆུང་ཆུང་དེ། དེ་རིང་ལམ་ཁར་ཚོགས་ནས་སློང་མོ་རྒྱག་གིན་འདུག་ཅེས་གད་མོ་ཐེངས་གཉིས་ཤོར་སོང་། ངས་སྐད་གསང་མཐོ་བ་དེར་ཧ་ལས་སྟེ་ཕྱིར་ལྟས་ཤིག་ཤོར་སོང་ཡང་མི་མང་བའི་རྐྱེན་གྱིས་མི་ངོ་རྩ་བ་ནས་ཟིན་མ་སོང་། སྐད་ཆ་དེར་གཞིགས་ན་ཕལ་ཆེར་ཕྱུག་པོ་དེ་འདྲ་ཡང་སློང་མོ་བའི་ནང་ཚུད་ཡོད་པ་འདྲ། ད་དུང་ཁོའི་སྐད་ཆ་དེ་ནས། མི་གཅིག་དང་གཉིས་ཀྱིས་སྒྲོལ་མ་འདོན་ནས་སློང་མོ་རྒྱབ་ན་སློང་མོ་ཡིན་པ་ལ། མི་ལྔ་བརྒྱ་དྲུག་བརྒྱ་ཚོགས་ནས་ཞལ་འདོན་སྐྱོར་ཏེ་སློང་མོ་བརྒྱབ་ན་སློང་མོ་བ་མ་ཡིན་པའི་རྒྱུ་མཚན་མི་འདུག་ཅེས་པ་དོན་གྱིས་གོ་འོང་།

འོན་ཀྱང་རྒྱུན་ལྡན་སོ་སོའི་དགོན་པར་ཚོགས་ཚོགས་པ་དང་རིག་འགྲེ་གཏོང་ས་རྩ་བ་ནས་ཡོད་པ་མ་རེད། ལོ་སྔོན་མར་ཝཱར་ཎར་གསུང་ཆོས་གོ་སྒྲིག་ཚོགས་པའི་དྲུང་ཡིག་གི་ལས་འགན་ཁྱེར་བཞིན་པའི་སྐབས་དེར་སློང་མོ་བ་ཚོ་མཉམ་དུ་སྡོད་སའི་ས་ཆ་བཙལ་བ་རེད། ལས་ཀ་དེ་བྱེད་བདེ་པོ་ཞིག་མི་འདུག་ཀྱང་གང་ལྟར་མཐའ་མ་ཆོས་རིག་ལས་ཁུངས་ཀྱི་བཀའ་ཡིག་ཡོད་པ་མ་གཏོགས་གཞན་ཁས་ལེན་བྱས་མེད། ན་ནིང་དང་ད་ལོ་གཉིས་ལྡབ་སུམ་ལོག་གི་མང་ཉུང་ཁྱད་པར་ཡོད་པས་ལོ་གཅིག་ལ་འདི་ལྟ་བུའི་སློང་མོ་བའི་གྲངས་ཚད་འཕར་བ་དེས་ག་རེ་མཚོན་གྱི་ཡོད་པ་རེད། དེས་མ་ཚད་མིག་གི་མཐོང་ས་དང་ཁྲོམ་གཞུང་དུ་བུད་པ་རེད། ཁུག་ཁུག་ཀྱོག་ཀྱོག་ན་སྦྱིན་བདག་བཙལ་བ་སོགས་གཞན་བརྟེན་བསམ་བློ་ཉིན་རེ་ནས་ཉིན་རེར་ཇེ་མང་དང་། རང་མགོ་རང་ཐོན་གྱི་དམིགས་ཡུལ་ཟླ་རེ་ནས་ཟླ་རེར་ཇེ་ཆུང་དུ་འགྲོ་ཡི་ཡོད་པ་རེད། དངོས་སུ་ཉམས་མྱོང་ཡོད་པ་ཞིག་ལ་བཙན་བྱོལ་བ་སྤྱི་དང་ལྷག་པར་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་རང་འགུལ་དང་བླངས་ཀྱིས་ཞིང་ལས་འཚོ་བ་སྐྱེལ་མཁན་ཇེ་དཀོན་ནས་ཇེ་དཀོན་དང་། བོད་ནང་དུ་བོད་རང་ཉིད་ཀྱི་བསམ་བློ་དང་རྒྱ་ཡིས་ངན་ཇུས་ལམ་དུ་ལྷུང་སྟེ་ཞིང་འབྲོག་གི་འཚོ་བ་ཡར་རྒྱས་ལས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་འདིས། རང་མགོ་རང་ཐོན་གྱི་སྔོན་ཐོན་སྲིད་ཇུས་ལ་སྔོན་བརྡ་ཅི་འདྲ་ཞིག་གཏོང་གིན་ཡོད་པ་བསམ་བློ་ཞིབ་ཏུ་བཏང་ན་མ་ཤེས་པ་ཡོང་མི་སྲིད།

དཔེར་ན་དུས་ཚོད་ཐུང་ཐུང་འདིའི་ནང་། རྩ་ཆེ་བའི་གོ་སྐབས་དམ་འཛིན་ལོག་པ་བྱེད་བཞིན་པ་དེ་གཞན་རྟེན་བསམ་བློས་དབང་དུ་སོང་བ་གསལ་པོ་མ་རེད་པས། གཟིགས་དང་། བདེ་ཆེན་གླིང་དགོན། སེར་བྱེས་གྲྭ་ཚང་། འབྲས་བློ་གླིང་གྲྭ་ཚང་། དགའ་ལྡན་བྱང་རྩེ་གྲྭ་ཚང་། དོན་བརྒྱུད་དཔལ་ལྡན་འབྲུག་པ། བལ་ཡུལ་ཤེས་རབ་ཆོས་གླིང་། སྤི་ཏི་ཏ་པོ་ཐེག་ཆེན་ཆོས་གླིང་། འཇིག་མེད་ཆོས་འཕེལ་དགོན་པ། བཀྲིས་དར་རྒྱས་གླིང་དགོན་པ། ཟ་ཧོར་ཆོས་གླིང་དགོན་པའི་སྟག་མོ་ལུས་སྦྱིན། དགེ་བ་ཐར་པ་གླིང་དགོན་པའི། ཆུ་མེད་རྒྱ་མཆོག་གླིང་དགོན་པ། བལ་ཡུལ་དཔལ་ལྡན་ཆོས་གླིང་དགོན། བདེ་ཆེན་བཀའ་རྒྱུད་བ་དགོན་པ་སྤྱད་ཤིང་ཁར་ཀ  རྙིང་མ་སངས་རྒྱས་ཆོས་གླིང་དགོན་པ། བལ་ཡུལ་པདྨ་བདེ་ཆེན་གླིང་དགོན་པ། བསམ་གཏན་གླིང་དགོན། བྲག་རྒྱབ་བསྙུང་གནས་ལྷ་ཁང་། རྨྱུང་ནས་དང་མཚེས་ཐར་སྤྱི་མཆོས་པའི། ཨོ་རྒྱན་པདྨ་ཆོས་གླིང་། སེ་ར་ཚོགས་ཆེན། སྦེལ་ཀོབ་བཀའ་དགོན་ཐུབ་བསྟན་བཤད་སྒྲུབ་བྱང་ཆུབ་ཆོས་གླིང་། བྱང་ཆུབ་མཆོད་རྟེན་ཆེན་པོ་བཞེང་པའི་དམིགས་རྟེན། དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ཐེབས་རྩ། བཙུན་དགོན་དགེ་ལྡན་ཆོས་གླིང་། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་། དཔལ་སྟག་ལུང་རྡོ་རྗེ་གདན་སྡོམ་གསུམ་འདུས་པ་རྒྱ་ཚོའི་གླིང་། ཧུན་སུར་རབ་གླིང་མི་མང་རྩེད་ཐང་། འབྲུག་སྤ་གྲོ་སྟག་ཚང་། དགའ་ལྡན་ཚོགས་ཆེན། ཝཱ་ཎ་མཐོ་སློབ་ཀྱི་སློབ་གཉེར་བའི་ལྟོ་ཚང་བལྟ་རྟོག་ཚོགས་ཆུང་། མོན་རྟ་དབང་དགོན་པ། རྡོ་རྗེ་གདན་དུ་མཧཱགུ་རུའི་ཚོགས་འབུལ་རྒྱུ། འབྲས་སྤུངས་ཚོགས་ཆེན། གུ་རུ་ལྷ་ཁང་། འབུམ་སྡེ་ལ་ཐུབ་མཆོག་དགའ་ཚལ་གླིང་། པདྨ་སཾ་བྷ་ཝ་གྲུབ་མཐའ་ཆོས་གླིང་དགོན་པ། འབྲས་སྒོ་མང་གྲྭ་ཚང་། མོན་གྷོ་དཔལ་ལྡན་ས་སྐྱའི་ཆོས་སྒར་བརྩེ་ཆེན་མདོ་སྔགས་ཆོས་གླིང་། ཌལ་ཧོར་གདན་གསུམ་བཞུགས་སྒར། སྔ་འགྱུར་རྙིང་མ་ཐུབ་ཆེན་ཆོས་འཁོར་གླིང་། བལ་ཡུལ་མཆོད་རྟེན་མཎི་ལྷ་ཁང་། ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་། གསང་ཆེན་༸དཔལ་ལྡན་སྲད་རྒྱུད་མ་དགོན་གྲྭ་ཚང་། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འབོ་དཀར་བཤད་གྲྭ་ཐོས་བསམ་ནོར་གླིང་དགའ་ཚལ། ངྷམ་ངྡྷཏུ་གླིང་དགོོན་པ། འབོ་དཀར་ངེས་དོན་ཆོས་འཁོར་གླིང་། མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་། པདྨ་ཆོས་འཕེལ་དགོན་པ། དཔལ་ཡུལ་ཐུབ་བསྟན་ཆོས་འཁོར་དར་རྒྱས་གླིང་། དཔལ་འབྲི་གུང་བཀའ་བརྒྱུད། འབྲི་གུང་བཀའ་བརྒྱུད་བཙུན་དགོན་བསམ་གཏན་གླིང་། སེར་སྨད་རོང་པོ་ཁང་ཚན། སྡེ་དགེ་དུང་སྒྲུབ་ཚོགས་པ། སྔ་འགྱུར་རྒྱལ་བ་སྒོ་ཆེན་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་བླ་བྲང་། བཀྲ་ཤིས་ལྷུན་པོའི་ཚོགས་ཆེན། བཀྲ་ཤིས་པད་མ་དར་རྒྱས་གླིང་དགོན་པ། པདྨ་རྔ་ཡབ་གླིང་དགོན་པ་བལ་ཡུལ། པདྨ་ཆོས་འཕེལ་དགོན་པ། ཤཱཀྱའི་མུ་ནེ་དགོན་པ། ཝར་ཎ་སྐྱབས་བཅོལ་བོད་མིའི་ཚོང་པའི་སྐྱིད་སྡུག འབྲས་སྤུངས་སྒོ་མང་ཧར་གདོང་ཁང་ཚན། མོན་ལྡེ་རང་ཇོ་ནང་བཀྲ་ཤིས་ཆོས་ཐང་དགོན། རྭ་སྟོད་ཉག་རེ་ཁམས་ཚན། དཔལ་ལྡིང་མདོ་སྔགས་ཆོས་འཁོར་གླིང་། འབྲས་བློ་གླིང་རོང་པོ་ཁམས་ཚན། ཆོས་སྡེ་བཀྲ་ཤིས་ལྷུན་པོའི་འདུས་ཚོགས། རྡོར་གདན་ས་སྐྱ་དགོན་པ། རྡ་ས་ཟིལ་གནོན་བཀའ་བརྒྱད་གླིང་དགོན་པ། ས་སྐྱ་བསམ་སྒྲུབ་གླིང་དགོན་པ། རྡ་ས་བཙུན་དགོན་དགེ་ལྡན་ཆོས་གླིང་། བདུད་འཇོམས་ཆོས་ཁང་། ངྷ་ས་རིག་འཛིན་རྣམ་གྲོལ་གླིང་། སིམ་ལ་ཇོ་ནང་མ་དགོན་ནང་པའི་ཤེས་ཡོན་སློབ་གྲྭ། སིམ་ལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་། སེར་སྨད་ཡེར་པ་ཁང་ཚན། སྔ་འགྱུར་རྙིང་མའི་སློབ་ཕྲུག་བདེ་དོན་ལྷན་ཁང་། སེ་ར་སྨད་ཀོང་པོ་ཁང་ཚན། དགའ་བྱང་བྲ་ཉེ་དགེ་འཕེལ་ཁང་ཚན། སྣང་རྩེ་དཔལ་རི་དགོན། སྔ་འགྱུར་རྒྱལ་བ་སྒོ་ཆེན་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་བླ་བྲང་། འབྲས་སྤུངས་བློ་གསལ་གླིང་ལྷོ་པ་ཁམས་ཚན། དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་། ཝཱཎ་མཐོ་སློབ་རྙིང་མའི་སློབ་ཕྲུག་བདེ་དོན་ལྷན་ཁང་། སེར་སྨད་སྤོ་འབོར་ཁམས་ཚན། འབྲས་སྤུངས་བློ་གསལ་གླིང་གྲགས་པ་ཁམས་ཚན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་དགོན་བརྩེ་ཆེན་དམ་ཆོས་གླིང་། ཐུབ་བསྟན་བྱང་ཆུབ་གླིང་། དགའ་ལྡན་ཤར་རྩེ་རྡོ་ཁང་ཁང་ཚན། གསང་ཆེན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་། ཝཱཎ་བཀའ་བརྒྱུད་ཉམ་སྐྱོང་ཚོགས་པ། དཔལ་ལྡན་འོན་མངའ་རིས་གྲྭ་ཚང་། སེར་བྱེས་ཏྲེ་ཧོར་ཁམས་ཚན། སེར་བྱེས་དཔེ་མཛོད་ཁང་། འབྲས་སྤུངས་སྒོ་མང་ཐེ་བོ་ཁམས་ཚན། མུ་གུམ་ཞི་བདེ་གཞོན་ནུ་ཚོགས་པ། བདེ་ཆེན་གླིང་རྙིང་མའི་དགོན་པ། ཁུ་ནུ་བཙུག་དགོན་བྱམས་པ་ཆོས་གླིང་སློབ་གཉེར་ཁང་། ཝ་ཎ་མཐོ་སློབ་དཔལ་ས་སྐྱའི་སློབ་གཉེར་ལྷན་ཚོགས། ཝཱ་ཎ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང་། དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་། བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ། སེར་སྨད་གྲྭ་ཚང་། སྤི་ཏི་བཙུན་དགོན་དབྱངས་ཅན་ཆོས་གླིང་། བདེ་ཆེན་གླིང་རྙིང་མའི་དགོན་པ། བཀྲིས་རྔ་ཡབ་གླིང་། ཨོ་རྒྱན་གྲྭ་ཚང་དགོན་པ། བསམ་གླིང་དགའ་བ་དགོན། བསམ་གླིང་དགའ་བ་དགོན་པ། ཡེཤེས་ཨྱོ་རྒྱནདགོན་པ། མྱུང་གནས་དགོན་པ། རྭ་སྟོད་གྲྭ་ཚང་། རྒྱ་གར་བྱང་ཕྱོགས་སྤི་ཏི་ཏ་པོ་ཐེག་ཆེན་ཆོས་གླིང་དགོན། འབྲས་ཏྲེ་ཧོར་ཁང་ཚན། བཙུན་དགོན་འཇམ་དབྱངས་ཆོས་གླིང་། སྔ་འགྱུར་རྙིང་མ་མདོ་སྔགས་བསྟན་པ་དར་རྒྱས་གླིང་། པདྨ་ཆོས་གླིང་དགོན་པ། ཐར་པ་གླིང་དགོན་པ། ཤེས་རབ་ཆོས་གླིང་དགོན་པ། ཨོརྒྱན་ཆོས་གླིང་དགོན་པ། བདེ་ཆེན་ཆོས་གླིང་རྙིང་མའི་དགོན་པ། བསམ་གཏན་གླིང་དགོན། བཀྲས་ལྷུན་དཀྱིལ་ཁང་སྟག་མོ་ཁང་ཚན། ཤེས་རབ་ཆོས་གླིང་དགོན་པ། འབྲས་སྤུངས་བློ་གསལ་གླིང་ཀོང་པོ་ཁང་ཚན། འབྲས་སྤུངས་བློ་གསལ་གླིང་ཉང་པོ་ཁང་ཚན། ཞ་ལུ་དགོན་པ། བྱང་རིགས་ཧོར་ཚོའི་སྐྱིད་སྡུག འབྲས་སྤུངས་སྒོ་མང་འཆད་པ་ཁང་ཚན། དཔལ་ཡུལ་བསམ་གཏན་གླིང་། དགའ་ཤར་འཕྲོད་བསྟེན་སྨན་ཁང་། སྟེང་དགོན་ལྷུན་གྲུབ་རྩེ་སློབ་གཉེར་བདེ་དོན་ལྷན་ཚོགས། བཟང་སྤྱོང་གཅེས་འཛིན་ཚོགས་པ། འབྲས་སྤུངས་བཀྲ་ཤིས་སྒོ་མང་རེབ་ཚ་ཁང་ཚན། བཟང་སྤྱོང་གཅེས་འཛིན་ཚོགས་པ། སྤྱི་ཏི་ས་པཎ་ཐེབས་རྩ་ཚོགས་པ། ཝར་ཎ་སྐྱབས་བཅོལ་བོད་མིའི་ཚོང་པའི་སྐྱིད་སྡུག འཛི་བཀྲ་ཤིས་ཐུབ་བསྟན་ཆོས་འཁོར་དགེ་འཕེལ་གླིང་། དགའ་ལྡན་ཤར་རྩེ་གྲྭ་ཚང་། འཇའ་ཚོན་གསང་སྔགས་ཆོས་གླིང་དགོན་པ། རྡོར་གླིང་གུམ་ས་སྐྱ་གུ་རུ་དགོན་པ། སྟོད་སྤུ་ཧྲེང་བཤད་འཕེལ་གླིང་གྲྭ་ཚང་། འབྲས་སྤུངས་སྒོ་མང་པྲ་ཏི་ཁང་ཚན། སྲད་རྒྱུད་སློབ་གཉེར་ཁང་གི་ཤེས་ཡོན་ལྷན་ཚོགས། སེར་སྨད་ཅོ་ནེ་ཚྭ་རྡོར་ཁང་ཚན། ལུང་རྟོགས་ཐེག་ཆེན་ཆོས་འཁོར་གླིང་དགོན་པ། སྔ་འགྱུར་མཐོ་སློབ་མདོ་རྒྱུད་ལེགས་བཤད་གླིང་། བལ་ཡུལ་རྙིང་མའི་ཆོས་ཚོགས། བྱང་གཏེར་པདྨ་ཆོས་གླིང་དགོན་པ། རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གི་བདེ་དོན་ལྷན་ཚོགས། འོད་གསལ་མདོ་སྔགས་ཆོས་གླིང་། ཨོ་རྒྱན་ཆོས་གླིང་དགོན་པ། བཙུན་དགོན་ཤེས་རབ་ཆོས་གླིང་། བཀའ་འགྱུར་གདན་འདྲེན་ཞལ་འདེབས། ཁམས་ལི་ཐང་བདེ་ཚ་ཤེས་ཡོན་འཛིན་སྐྱོང་ལྷན་ཚོགས། སྔ་འགྱུར་དཔལ་ཡུལ་གསང་སྔགས་དར་རྒྱས་གླིང་། དཔལ་ལྡན་འབྲུག་པའི་གདན་ས་བདེ་ཆེན་ཆོས་འཁོར་དགོན། འབྲས་སྤུངས་བློ་གསལ་གླིང་གཙང་པ་ཁང་ཚན། དཔལ་ས་སྐྱ་ཆོས་འཕེལ་གླིང་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་། འབྲས་སྒོ་མང་མངའ་རིས་ཁང་ཚན། ངྷེ་ར་ངྷུན་བཀའ་བརྒྱུད་ནང་བསྟན་མཐོ་སློབ། འབྲི་གུང་བཀའ་བརྒྱུད་བཙུན་དགོན་བསམ་གཏན་གླིང་། དཔལ་ས་སྐྱ་ཁ་ནོན་ཆོས་ཚོགས། མོན་གྷོ་དཔལ་ལྡན་ས་སྐྱའི་ཆོས་སྒར་གྱི་ཤེས་ཡོན་འཕྲོད་བསྟེན་འཛིན་སྐྱོང་ལྷན་ཚོགས། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས། བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་། གཉའ་ཁྲི་ཆོས་རིག་ཞབས་ཞུ་རིས་མེད་བོད་ཀྱི་དཔེ་མཛོད་ཁང་། དཔལ་སྐྱིད་ཐང་བཀྲ་ཤིས་བདེ་ཆེན་གླིང་། ཁང་གསར་བཀྲ་ཤིས་ཆོས་གླིང་། མུག་ཀོཌ་གངས་ལྗོངས་བྲིང་རིམ་སློབ་གྲྭ། སྔ་འགྱུར་རྙིང་མ་ཐུབ་ཆེན་ཆོས་འཁོར་གླིང་། འཕགས་ཤིང་གནས་སྟོད་དོལ་སོའི་སྐྱིད་སྡུག ས་སྐྱའི་མཐོ་རིམ་སློབ་གྲྭའི་སློབ་གཉེར་བདེ་དོན་ལྷན་ཚོགས་སྐབས་དགུ་པ། བྱིས་པའི་ལྡུམ་ར། རྫོང་ཆོས་དགའ་ལྡན་འཕེལ་རྒྱས་གླིང་། མངའ་རིས་ས་སྐྱ་མཉེས་མགོ་དགོན་བཤད་སྒྲུབ་ཆོས་ཀྱི་དགའ་ཚལ། གཉགས་སྟོན་པའི་གདན་ས་གླེང་ལུང་ཆོས་སྡེ། མཐོ་ལྡིང་པདྨའི་ཚལ་གྲྭ་ཚང་། འབྲས་སྤུངས་བློ་གསལ་གླིང་ལྡན་མ་ཁམས་ཚན། འབྲས་སྤུངས་བཀྲ་ཤིས་སྒོ་མང་གུང་རུ་ཁང་ཚན། མོན་གྷོན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་བདེ་དོན་ལྷན་ཚོགས། ཁམས་ཀྱི་ཆོས་སྡེ་ཆེན་པོ་བྱང་སེམས་འཕེལ་རྒྱས་གླིང་། གོང་དཀར་ཆོས་སྡེ། བྱང་སེམས་གླིང་གྲྭ་ཚང་། དགའ་ལྡན་བྱང་རྩེ་བྲ་ཉེ་དགེ་འཕེལ་ཚོགས་ཆུང་། ནུ་ཁང་པདྨ་ཆོས་འཁོར་གླིང་། མོན་གྷོ་འབྲས་བློ་གླིང་གེུ་ཁང་ཚན། འབྲས་སྤུངས་ཚ་བ་ཁམས་ཚན། ཀརྨ་ཤེས་རབ་ཆོས་གླིང་དགོན་པ། ས་སྐྱ་བརྩེ་ཆེན་དམ་ཆོས་གླིང་། ཐུབ་བསྟན་བྱང་ཆུབ་གླིང་། འབྲས་སྤུངས་བློ་གསལ་གླིང་སྤོམ་ར་ཁམས་ཚན། འབྲས་བློ་གླིང་མི་ཉག་ཁང་ཚན། ཨོ་རྒྱན་པདྨ་ཆོས་གླིང་། དཔལ་ཨོརྒྱན་ནོར་བུ་ཆོས་གླིང་དགོན་པ། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་། སངས་ཆོས་གླིང་དགོན་པ། མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོའི་གོ་སྒྲིག་ཚོགས་ཆུང་། སྦིར་དཔལ་ཡུལ་ཆོས་འཁོར་གླིང་། བཅས་ང་རང་གི་མིག་ལམ་བརྒྱུད་པའི་བོད་ཡིག་གི་ཁ་བྱང་༢༠༢ ཙམ་རེད།

ད་དུང་དབྱིན་ཡིག་ཐོག (Budha Tasi chyoiling gonpa chhatwan-9 sudha) (Handicapped welfare Association of Himachal Pradesh) (Pema chhyoikuorling Gumba) (TASHI CHOELING GUMBA) (TASHI PEMA CHOELING MONESTRY) (Beyul Chyortern Mamnni Lakhang) (TASHI CHOLING MONESTRY) (Pema Chhoiling Monastery) (T.D.L SETTLEMENT BYLAKUPPE) (HANDICAPPED N.GO.) (JINLAPYANGTER MONASTERY) (Institute of Gephel Shadrupling) (YUNG DRUNG BON STUDENTS’ COMMITTEE) (Shahor Chhyoiling Monastery) (CHHOIFELLING MONASTERY) (HESEE CHYOILING MONASTERY) བཅས་དབྱིན་ཡིག་ཐོག་ཁ་བྱང་༡༦ ། ཧིན་ངྷིའི་ཡིག་གེ་རྐྱང་པའི་ཐོག་ཁ་བྱང་ ༥ བཅས་ཁྱོན་གྲངས་ ༢༢༣ ཡོད་པ་རེད།

ཁ་བྱང་བོད་དབྱིན་གཉིས་ཀའི་ཐོག་གོ་རྒྱུ་མེད་པ་དང་ཡིག་ནོར་མི་ཉུང་བ་ཞིག་འདུག་པའང་རང་འགར་བཞག་ཡོད། དེ་ནི་ང་རང་མི་གཅིག་གིས་དུས་ཚོད་ཐུང་ཐུང་ནང་དབྱེ་ཞིབ་བྱས་པ་ཙམ་ཡིན་ལ། གོང་འཁོད་ཁ་བྱང་རེ་རེ་ནས་པར་བླངས་ཡོད་པས་གཟིགས་འདོད་ཡོད་རིགས་ནས་ཐད་ཀར་བརྒྱུད་ལམ་ཅི་རིགས་ཐོག་འབྲེལ་བ་གནང་ན་ངོ་སྤྲོད་བྱ་ངེས་ཡིན། དེ་བས་ཚབས་ཆེ་བ་ཞིག་ལ་སློང་མོ་བ་གཅིག་གིས་སློང་ས་ཁག་གསུམ་དང་གཉིས་ཟིན་ཡོད་པ་མང་པོ་འདུག འདིར་ཞུ་འདོད་པ་དེ་སློང་མོ་བརྒྱབ་པ་དེ་འགྲིག་གི་མི་འདུག་ཅེས་པ་གཙོ་བོ་མིན་ལ། རྗེས་ཕྱོགས་ཆོས་དོན་ལྷན་ཁང་ལྟ་བུ་གཞུང་གི་ལྷན་ཁང་བདུན་པོ་རང་རུང་སོགས་ལྷན་ཁང་ཚད་ལྡན་གྱིས་རྒྱབ་གཉེར་འཁྲུལ་མེད་ཅིག་དགོས་རྒྱུ་དང་དེ་ཡང་འགྲོ་སྟངས་ཡོད་པ་ཞིག་བཟོ་དགོས་ཀྱིན་འདུག་ཞུ་ཡི་ཡོད། རབ་བྱུང་ན་སྡེ་ཚན་ཁག་ཅི་འདྲ་ཞིག་ཡིན་ནའང་ཁྲོམ་གཞུང་དུ་བུད་དེ་སློང་མོ་རྒྱབ་མ་དགོས་ན་ཡག་པོ་འདུག འདི་དམིགས་དཔེ་ཡག་པོ་ཞིག་མ་རེད་ལ་ཕྱིན་ཆད་ཀྱང་གཞན་བརྟེན་གྱི་བསམ་བློ་ཁོ་ན་མ་གཏོགས་མེད་པ་ཆགས་འགྲོ་ཡི་རེད། གནས་ཚུལ་འདིའི་རིགས་མེད་པ་བཟོ་ཐུབ་ན། གཞི་ནས་རང་ཁ་རང་གསོ་དང་རང་མགོ་རང་ཐོན་གྱིས་ལམ་ཁ་ཞིག་རྙེད་ཀྱི་རེད། གང་ལྟར་ཕྱུག་པོ་དང་དབུལ་པོ་གཉིས་ཀ་སློང་མོ་བའི་ཁོར་ཡུག་ཏུ་ཞུགས་པ་དེས། གཅིག་བྱས་ན་སྤྱི་ཚོགས་ཀྱི་ངོ་གདོང་མཚོན་གྱི་ཡོད་མོད། ཆོས་ལུགས་པས་བཤད་སྟངས་ལྟར་ན་འདོད་པ་འབའ་ཞིག་གི་དབང་དུ་སོང་བ་ཤ་སྟག་རེད་དོ།།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༩ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 3

  1. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    དྲྭ་གྲོགས་ལྷན་རྒྱས་ལགས། གུས་པས་གྲངས་ཀ་བརྒྱབ་པ་དེ་གསུང་ཆོས་ར་བའི་ཉེ་འགྲམ་དུ་གཙོ་བོ་ཏཱ་ལའི་བླ་མའི་དགེ་རྩའི་འཕྲོ་དེ་ནས་འགོ་བཙུགས་ཏེ་གདན་ས་གསུམ་གྱི་སློང་མོ་བའི་བར་གཡོན་སྐོར་བྱས་ནས་བརྩིས་པ་ཞིག་རེད།

    Reply
  2. མདོ་ལའི་འཁྱམས་པོ། says:
    ལོ་ 14 སྔོན།

    མང་པོ་འདུག སྔོན་མའང་འདི་ལྟར་རེད་ལ། ད་ལྟའང་འདི་ལྟར་རེད། མ་འོངས་པའང་འདི་ལྟར་འགྲོ་རྒྱུ་རེད། ཇི་སྙིད་པ་དེ་དག་དེ་དེ་བཞིན་ནོ།

    Reply
  3. སྤྱིན་བདག says:
    ལོ་ 14 སྔོན།

    སེར་སྨད་བློ་དགའ་ལགས།
    ཁྱེད་རང་གིས་འཚོ་བ་གཞན་བརྟེན་ཡིན་ནམ། རང་མགོ་རང་ཐོན་ཡིན་ནམ། དེར་བསམ་བློ་ཡག་པོ་ཐོངས། སོ་སོར་རང་མགོ་རང་ཐོན་མེད་ན་གཞན་ལབ་ཀྱང་དོན་མེད་རེད།
    ཁྱེད་ཀྱིས་ཕྱག་ལས་ག་རེ་གནང་ནས་འཚོ་བ་བསྐྱེལ་ཡོད་དམ། གཅིག་གསུང་དང་།
    གཞན་ལ་བལྟ་བའི་མིག་ཡོད་ཀྱང་།
    རང་ཉིད་བལྟ་ན་མེ་ལོང་དགོས།ཞེས་པ་གོ་མྱངས་སམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese