མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩྭ་ཆུའི་ཆེད་དུ་ཕུ་ནུ་ནང་དམེ་བྱེད་ཀྱིན་པ་དེ་མཚམས་འཇོག་རོགས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་རྩྭ་ས་རྩོད་གླེང་སོགས་གནས་ཚུལ་ཕྲན་ཚེགས་ཐོག་བོད་པ་ནང་ཁུལ་མི་གསོད་ཁྲག་སྦྱོར་བྱེད་ཀྱི་ཡོད་པ་དེ་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་གནང་སོང་།  

ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་ཞོགས་པར་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་སྣེ་ལེན་ཁང་གི་ཚོགས་ཁང་དུ་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་དམིགས་བསལ་གསུང་བཤད་ཅིག་གནང་སོང་ལ། སྐབས་དེར་ཁོང་གིས་རང་རྒྱུད་ཀྱི་ཉོན་མོངས་དུག་གསུམ་དང་མི་དགེ་བཅུ་སོགས་སྤོང་ཐབས་ལ་འབད་པ་བྱ་དགོས་པ་དང་། བོད་ནང་གི་བོད་མི་ཚོས་རྩྭ་ས་རྩོད་གླེང་སོགས་དོན་རྐྱེན་ཆུང་ཚེགས་རིགས་ཀྱི་ཐོག་མི་གསོད་ཁྲག་སྦྱོར་བྱེད་ཀྱིན་ཡོད་པ་དེ་དག་མཚམས་འཇོག་བྱ་དགོས་པ། འཛམ་གླིང་ཡུལ་གྲུ་གང་སར་ཡར་རྒྱས་ཕྱིན་སྟེ་ཕྱིའི་དངོས་པོའི་མཐུན་རྐྱེན་འཛོམས་པོ་ཡོད་ཀྱང་སེམས་ཀྱི་དཀའ་ངལ་འཕྲད་དེ། སྔོན་མ་སངས་རྒྱས་ཀྱི་མཚན་ཐོས་མྱོང་མེད་པའི་ལུང་པ་ཁག་གིས་ཀྱང་ནང་པའི་ཆོས་ལ་དད་པ་དང་དོན་གཉེར་བྱེད་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ། བོད་པར་མཚོན་ན། སྐྱེ་བ་སྔོན་མའི་ལས་སྨོན་དང་ཆོས་རྒྱལ་ཚོ་དང་རྒྱ་གར་མཁས་གྲུབ་དམ་པའི་བྱིན་རླབས། བོད་ཀྱི་ལོ་ཙཱ་བ་ཚོས་དཀའ་སྤྱད་སོགས་བརྟེན་ཏེ། མདོ་སྔགས་གཉིས་དང་བཅས་པའི་ཁྱད་འཕགས་རིག་གནས་ཤིག་ཡོད་པ་དེ་བོད་མི་ཚང་མས་གལ་ཆེན་ངོས་འཛིན་ཐོག དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཐོབ་རྒྱུ་ཁག་པོ་ཡིན་པ་ལྟར། མི་ཚེ་ནང་ལས་རྒྱུ་འབྲས་དང་ཡ་རབས་བཟང་སྤྱོད་ཐོག་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་དགོས་པ། ཚེ་འདིར་གཉེན་ཉེ་མཛའ་གྲོགས་དང་རྒྱུ་ནོར་ལོངས་སྤྱོད་ག་ཚོད་ཡོད་ཀྱང་། འཆི་བ་བསླེབས་སྐབས་སྐྱོབ་མི་ཐུབ་པར། དགེ་སྒྲུབ་སྡུག་སྦོང་གི་ལས་ཁོ་ནའི་སྐྱོབ་ཐུབ་ཀྱི་ཡོད་ཚུལ་སོགས་གསུངས་བྱུང་།   

དཔལ་ས་སྐྱ་གོང་མ་རིན་པོ་མཆོག་གིས་བོད་ནང་རྩྭ་ས་རྩོད་གླེང་སྐོར་ལ་གསུངས་དོན། “ བོད་ནང་སྔོན་མ་ལས་གུ་ཡངས་སུ་ཕྱིན་སྐབས་བོད་རིགས་ནང་ཁུལ་ཏུ་རྩྭ་ཆུ་སོགས་རྐྱེན་ཕྲན་བུའི་ཐོག་ནང་ཁུལ་འཁྲུག་པ་ཤོར་ཏེ། ཕན་ཚུན་གསོད་རེ་བྱས་པའི་གནས་ཚུལ་གོ་རྒྱུ་འདུག དེའི་རིགས་ཧ་ཅང་ཐབས་སྐྱོ་བོ་རེད། གང་ཡིན་ཞེ་ན། སེམས་ཅན་གང་འདྲ་ཞིག་བསད་ཀྱང་དེ་སྡིག་པ་ཆེ་ཤོས་ཆགས་བསྡད་ཡོད་པ་དང་། ལྷག་པར་དུ་ཁོང་ཁྲོའི་ཀུན་ནས་བསླངས་ཏེ་མི་བསད་པ་ལས་ལྷག་པའི་སྡིག་པ་ཡོད་པ་མ་རེད། སྐལ་བ་ཟེར་བ་དེ་དུས་ཡུན་ཐུང་ཐུང་མིན་པར་དུས་ཡུན་རིང་པོ་ཞིག་ལ་མཆོད་པ་དང་སྦྱིན་པ་བཏང་བ་སོགས་དགེ་བའི་ལས་བྱས་པ་རེད། ཁོང་ཁྲོ་ཞིག་གིས་འཕྲོ་སྐལ་བ་སྟོང་དུ་བསགས་པའི་དགེ་བ་འཕྲོ་བརླགས་དུ་བཏང་བ་རེད། འཁྲུག་པ་བརྒྱབ་ཏེ་མི་བསད་པ་དེས་སྐྱེ་བ་འདིར་རང་ཉིད་གཙོས་པའི་ནང་མི་ཉེ་འབྲེལ་ཡོངས་སྡུག་ལ་སྦྱར་ཡོད་པ་མ་ཟད། སྐྱེ་བ་ཕྱི་མར་འབྲས་བུ་སྡུག་བསྔལ་ལས་མེད་སྟབས། སྤྱིར་སེམས་ཅན་དང་ནང་སྒོས་མི་གསོད་ཁྲག་སྦྱོར་གྱི་ལས་དེ་མྱུར་ཏུ་མཚམས་འཇོག་བྱ་དགོས་པ་རེད” ཅེས་གསུངས་བྱུང་།   

མཐར་ཁོང་གིས་  “ ད་རེས་ཁྱེད་རང་ཚོ་ཆེད་དུ་རྒྱ་གར་ནང་གནས་བསྐོར་དུ་ཡོང་བ་རེད། དེ་ལས་སྐལ་བ་བཟང་བོ་ཞིག་ཡོང་རྒྱུ་ཡོད་པ་མ་རེད། གནས་བསྐོར་ལ་ཡོང་སྐབས་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་ས་དང་མྱ་ངན་ལས་འདས་ས། ལིམ་ཝུ་ནེ། རྩ་མཚོག་གྲོང། སངས་རྒྱས་ས་རྡོ་རྗེ་གདན། དུས་ཀྱི་འཁོར་ལོ་བསྐོར་ས་ཝ་ར་ནཱ་སི། སངས་རྒྱས་རང་གི་གསུང་གི་ནང་དུ་གསུངས་ཡོད་པ་རེད། རིགས་ཀྱི་ཕོ་དང་ཕོ་མོ་རྣམས་ངེས་པར་དུ་གནས་ཆེན་དེ་དག་ལ་འགྲོ་དགོས་པ་རེད། དེ་དག་ལ་ཕྱིན་ཏེ་སངས་རྒྱས་ཀྱི་ཡོན་ཏན་དྲན་པ་ཡིན་ན། བསགས་པའི་སྡིག་པ་ཐམས་ཅད་དག་གི་ཡོད་ཅེས་གསུངས་པ་རེད། ཁྱེད་རང་ཚོ་གནས་བསྐོར་དུ་ཡོང་བ་ཡག་པོ་རེད། གཙོ་ཆེ་ཤོས། ཁ་འདོན་དང་ཕྱག་འཚལ་རྒྱུ་ལས་ཀྱང་གལ་ཆེ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པའི་ཐབས་ལ་འབད་བརྩོན་བྱ་དགོས། ངས་ནམ་རྒྱུན་ང་དང་འབྲེལ་ཡོད་ཚོར། ང་ཚོས་བོད་གངས་ཅན་ལྗོངས་ལ་སངས་རྒྱས་བསྟན་པའི་རྩ་བ་ཚུགས་པ་དང་་ཡར་རྒྱས་གོང་འཕེལ་གཏོང་ཐུབ་པ་ཡིན་ན། བྱིན་རླབས་གང་ཡོད་པ་གནས་ཐུབ་ཀྱི་རེད། གལ་སྲིད། རྩ་བ་འཛིན་མ་ཐུབ་པ་ཡིན་ན། རྒྱུན་གནས་ལ་དཀའ་ཁག་ཡོད་པ་རེད་ལ། གཙོ་བོ་བོད་རང་གི་བླ་མ་དང་དགེ་འདུན་པ་རྣམས་ཀྱིས་ཆོས་སྤུས་དག་པོ་ཞིག་དང་བཀའ་ལུང་དང་མཐུན་པ་ཞིག་བྱ་དགོས་པ་རེད། ཅེས་བཤད་ཀྱི་ཡོད། མ་འོངས་པར་ཡང་བླ་སྤྲུལ་དགེ་འདུན་རྣམས་པ་གཙོས། མི་མང་ལ་མཚོན་ནའང་གང་གཟབ་ཀྱིས་ཁུངས་ལུང་ཡོད་པ་སྤུས་དག་པོ་བྱ་རྒྱུ་གལ་ཆེན་པོ་རེད” ཅེས་གསུངས་བྱུང་། 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༧ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 5

  1. ནད་པ says:
    ལོ་ 15 སྔོན།

    དཔལ་ས་སྐྱའི་ཁྲི་འཛིན་གོང་མ་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དམིགས་བསལ་བཀའ་སློབ་རྩ་ཆེ་འདི་འདྲ་ཞིག་གནང་བར་སྙིང་དབུས་ནས་ཡི་རང་དང་བསྔགས་པའི་མེ་ཏོག་གཏོར་འོས་པ་ཞིག་ཡིན།

    བླ་ཆེན་འདིས་སྔ་ཕྱིར་༸ གོང་ས་མཆོག་དང་བོད་གཞུང་དམངས་ལ་ལྷག་པའི་ཐུགས་བསྐྱེད་བཟང་པོས་སྲི་ཞུ་དང་མཛད་རྗེས་རླབས་ཆེན་བཞག་འཇོག་བཞིན་ཡོད།

    ཁྱེད་སྐུ་ཚེ་ཡུན་དུ་བརྟན་པའི་སྨོནའདུན་ཞུ།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    གོང་མ་བདག་ཁྲི་རིན་པོ་ཆེས། ཕ་ཡུལ་གྱི་ཆོས་མཇལ་བ་རྣམས་ལ་རྩ་ས་འབུ་གསུམ་གྱི་དོན་དུ་ནང་ཕུ་ནུ་དམར་གསོད་གཏོང་རེས་མ་བྱེད་གསུང་པ་ལ་སྙིང་ནས་དད་པའི་ཐལ་མོ་དང་། ཐུགས་རྗེ་ཆེ་ཞེས་ཡང་ཡང་ཞུ་གི་ཡོད། ད་དུང་༧གོང་ས་ཡིད་བཞིན་ནོར་བུའི་ཞལ་གསུང་གནད་དུ་སྨིན་པ་ཞིག་ཅི་ནས་ཀྱང་ཕ་ཡུལ་གྱི་གནས་མཇལ་བ་རྣམས་ལ་དེའི་བསྐོར་ཅིག་གསུང་ཐུབ་པའི་རེ་བ་དང་གསོལ་འདེབས་སྔོན་ནས་ཞུས་ཞུས་པ་ཡིན་ཡང་། ད་དུང་ཡང་འདི་བརྒྱུད་ནས་གསོལ་བ་ལན་བརྒྱར་བཏབ་ཀྱི་ཡོད་ཞེས་འབོད་བསྐུལ་ནན་མོ་ཞུ་གི་ཡོད།།།།།།།།།།།།།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    མི་གཅིག་གིས་ཆོས་སྲིད་གཉིས་མི་ཡོང་ན་ད་བར་དུ་བོད་ཀྱི་རྒྱལ་པོ་དང་བླ་དཔོན་དག་གིས་རང་གཞན་ཕུང་ལ་སྦྱར་ཡོད་ངེས་ལ། དུས་འཁོར་དབང་ཆེན་ཞུ་མཁན་དད་ལྡན་འདི་དག་ཀྱང་མི་ཡ་མ་བརླ་རྐྱང་རྐྱང་དུ་གྱུར་བ་མིན་ནམ།
    ཆོས་ཀྱིས་སྲིད་དང་སྲིད་ཀྱིས་ཆོས་ལ་ཡང་ཕན་པའི་དབུ་མའི་ལམ་བུ་ཞིག་གནའ་ནས་ད་བར་དུ་ཡོད་པ་སྤྱིར་བཏང་གི་མིག་གིས་མི་མཐོང།
    ཆོས་སྲིད་ལུགས་གཉིས་ཀྱི་རྒྱལ་སྲས་དམ་པ་ཁོང་ལ་སྙིང་ནས་གུས་ཤིང་སྐུ་ཚེ་ཞབས་བརྟན་དང་འཕྲིན་ལས་རྣམ་པར་རྒྱས་པའི་སྨོན་ལམ་འདེབས།

    Reply
  4. པོ་ཏཱ་ལ says:
    ལོ་ 15 སྔོན།

    ༧བདག་ཁྲི་གོང་མ་མཁྱེན་་
    དངོས་གནས་ཆོས་པ་རྣལ་མ་ཞིག་རེད་་ཆོས་བྱེད་མི་ཡིས་ཆོས་རྣམ་དག་སྒྲུབ་
    སྲིད་དོན་མི་སྣས་སྲིད་ཡག་པོ་སྒྲུབ་ན་འགྲིག་གུ་
    མི་གཅིག་གིས་གཉིས་བྱས་ན་གང་ཡང་མི་འགྲུབ
    གོང་ས་མཆོག་ནས་ཆོས་ལུགས་ཚོགས་འདུ་སྐབས་གསུང་པ་བཞིན་རེད་མངོན་པར་བསྟོད་དོ་་་

    Reply
  5. ཐོ་རེངས། says:
    ལོ་ 15 སྔོན།

    ༧ དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་བོད་མི་རྣམས་ལ་བཀའ་སློབ་ཧ་ཅང་ཟབ་རྒྱས་ཞིག་གནང་བ་ལ་ཐུགས་རྗེ་ཆེ་ཞུ། ཁོང་གིས་གསུངས་པ་ནང་བཞིན་སློབ་ཚོགས་་ཚོའི་ཉམས་སུ་ལེན་ཅི་ནུས་བྱེད་ངེས་རེད། ད་དུང་སྙིང་མ་སོགས་ཆོས་རྒྱུད་ཁག་གི་བླ་སྤྲུལ་མཁན་གསུམ་ཚོས་བཀའ་སློབ་དང་ཆོས་འབྲེལ་གནས་ན་ཆེས་ཡག་པོ་རེད།
    བཀའ་དྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese