མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རླབས་གསུམ་པར་ཉན་སྟངས་ཤིག མྱི་ནག་ཚང་།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

༢༠༡༡ ལོའི་དབྱར་དཀྱིལ་དུ། ཨ་རིའི་གཞུང་གིས་ཨབ་གྷན་གྱི་ཊ་ལི་བྷན་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་ཀྱི་མིང་གཞུང་ནས་ཕྱིར་འཐེན་བྱས་པ་རེད། ཨ་རིའི་མཐོ་རིམ་སྲིད་དོན་པའི་ཁོར་ཡུག་ནང་དུ་དེའི་ཐད་རྩོད་གླེང་ཡང་བྱུང་བ་རེད། གང་ལྟར། རྒྱལ་ཁབ་ ༡༥ ལས་གྲུབ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས་ཀྱང་ཊ་ལི་བྷན་ཚོགས་པ་འཇིགས་སྐུལ་བའི་ཁོངས་ནས་ཕྱིར་འཐེན་བྱས་པར་རྒྱབ་སྐྱོར་བྱས་ཤིང་། འདིའི་ཁྲོད་དུ་རྒྱ་ནག་ཀྱང་ཡོད།

མི་འགྱངས་པར་འཇིགས་སྐུལ་རིང་ལུགས་པ་ཞེས་པ་དེར་ཡང་རྒྱལ་སྤྱི་རང་བཞིན་གྱི་མཚན་ཉིད་དང་ངོས་འཛིན་གསལ་བོ་ཞིག་བྱ་རྒྱུ་ཡིན་པ་འདྲ། དཔེར་ན། ཨ་རིའི་དམག་མི་དང་ས་ཁུལ་གྱི་མང་ཚོགས་ལ་གཏོར་རྒོལ་བྱེད་མཁན་ཐམས་ཅད་ནི་འཇིགས་སྐུལ་བའི་ཁོངས་སུ་བརྩི་མི་ཐུབ་ཅིང་། ལྷག་པར་དུ་སོ་སོའི་ས་གནས་ས་ཐོག་ནས་ཕྱོགས་ཡོང་གི་དྲག་པོའི་སྟོབས་ཤུགས་དང་བྱུས་གཏོགས་ལ་ངོ་རྒོལ་དང་གཏོར་རྒོལ་བྱེད་པ་ནི་ཁྲིམས་མཐུན་དུ་འགྱུར་ཀྱང་སྲིད་པ་རེད། མ་མཐར་འདི་ནི་འཕེལ་ཕྱོགས་ཤིག་ཡིན་ནམ་སྙམ། ཐག་གཅོད་འདིས་མ་འོངས་པར་ང་ཚོར་ཤུགས་རྐྱེན་ཞིག་སྤྲོད་སྲིད་པ་རེད།

བོད་མི་ཚོའི་རང་དབང་འཐབ་རྩོད་ལ་རྦ་རླབས་རིམ་པ་གསུམ་དུ་མི་ལྟ་ཀ་མེད་དུ་ཆགས་འདུག དེ་ཡང་རྦ་རླབས་དང་པོ་ནི། ༡༩༥༩ ལོ་ནས་ ༢༠༡༠ ལོའི་བར་གྱི་ལོ་ངོ་ ༥༡ རིང་གི་ཞི་བའི་ངོ་རྒོལ་ཁྲོམ་སྐོར་དང་། སྦྱར་ཡིག་འགྲེམས་པ། ངག་ཐོག་དང་ཡིག་ཐོག་ནས་ས་གནས་སོ་སོའི་རྒྱ་ནག་གཞུང་ལ་ཞུ་གཏུགས་བྱས་པ་སོགས་རེད། ལོ་ ༥༡ གི་རིང་འདིར་བོད་ཕྱི་ནང་གཉིས་ཀ་ནས་ཁྱོན་སྡོམ་ངོ་རྒོལ་ཐེངས་ཅི་ཙམ་བྱས་པའི་ཚིག་ཐོ་དེ་ད་ལྟའི་ཆར་གསལ་བོ་མི་འདུག་ཀྱང་། མ་མཐར་ཡང་ཐེངས་ ༡༠༠༠༠༠ ཤིག་ལས་བརྒལ་ཡོད་པ་ནི་ཚོད་དཔག་ཐུབ་པ་ཞིག་རེད། ངོ་རྒོལ་འདི་དག་ནི་རྣམ་པ་དང་ངོ་བོའི་ཆ་ནས་བཤད་ན་བོད་མིའི་རང་དབང་འཐབ་རྩོད་ཀྱི་རིམ་པ་དང་པོ་རེད།

ལོ་ ༥༡ རིང་གི་ལས་འགུལ་དེ་དག་ལ་ཐོག་མར་ཉན་མཁན་དང་དང་ལེན་བྱེད་མཁན་ཡོད་པ་ནས་མཐའ་མར་དོན་དམ་གྱིས་ཉན་མཁན་དང་དང་ལེན་བྱེད་མཁན་མེད་པའི་རིམ་པར་འཕོས་པ་རེད། གྲུབ་འབྲས་མངོན་གསལ་ཞིག་མ་སོན་སྟབས་ཨུ་ཐུག་པ་རེད། ད་ནི་གོམ་པ་གཉིས་པ་ཞིག་སེམས་ལ་དྲན་ཞིང་། དེ་ནི་རང་ལུས་མེར་སྲེག་སྟེ། རང་ཉིད་གཅིག་པུས་མི་རིགས་ཀྱི་བདེ་སྡུག་དང་འཐབ་རྩོད་ཅིག་ལ་བདེན་དཔང་བྱེད་པའི་རྣམ་འགྱུར་འདི་རེད།

དེ་ལྟར། ༢༠༡༡ ལོ་ནས་བཟུང་བོད་མིའི་རང་དབང་འཐབ་རྩོད་ཀྱི་རིམ་པ་གཉིས་པ་དེ་མངོན་བྱུང་། ལས་འགུལ་འདི་ནི་ཐ་ན་བོད་མི་ཚོའི་ནང་ཁུལ་ལ་ཡང་ཞི་དྲག་གང་ཡིན་ལ་རྩོད་པ་དང་སོམ་ཉིའི་ངང་ནས་བསླེབས་པ་རེད། ད་ལྟའི་ཆར་ལས་འགུལ་འདི་བོད་ཆོལ་ཁ་གསུམ་གྱི་ནང་དུ་བྱུང་ཡོད། འཛམ་བུའི་གླིང་གི་དོ་སྣང་ཡོད་མེད་ལ་མ་ལྟོས་པར། ལས་འགུལ་དེའི་ཆོད་སེམས་ཀྱི་རང་བཞིན་དང་། ཨུ་ཚུགས་ཀྱི་རང་བཞིན་དེས་བོད་ཀྱི་གནད་དོན་དེ་མི་སེལ་ཐབས་མེད་དང་། དེ་ཡང་༧གོང་ས་མཆོག་སྐུ་བཞུགས་པའི་རིང་འདིར་སེལ་དགོས་པའི་ཆ་རྐྱེན་འདོན་གི་ཡོད་པ་རེད།

ཁ་སང་དེ་རིང་གི་གནས་སྟངས་ལ་བལྟས་ན། འདས་པའི་ལོ་ ༥༡ རིང་རྒྱ་ནག་གཞུང་གཙོས་པའི་འཛམ་བུའི་གླིང་གི་སྲིད་གཞུང་དག་གིས་བོད་ལ་བཟུང་བའི་རྣམ་འགྱུར་དང་ཚོད་དཔག་ལྟར། ད་སྐབས་ཀྱི་ལས་འགུལ་གྱི་རྦ་རླབས་གཉིས་པའི་སྐབས་འདིར་ཡང་ཧ་ཅང་སྣང་ཆུང་དང་། མཐོང་ཆུང་གི་རྣམ་པ་ཞིག་ཤར་འདུག འདི་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དེ་རྦ་རླབས་གསུམ་པ་དེའི་སྒང་ལ་སྐྱོན་བཞིན་པ་ལྟ་བུ་རེད།

ཉེན་ཁ་ཆེ་ཤོས་ཤིག་ནི། ད་ཐེངས་ནི་སྔོན་མའི་ལོ་ ༥༡ རིང་གི་ནར་འགྱངས་ལྟར། དུས་རབས་ཕྱེད་ཀ་ཞིག་གི་རིང་བོད་མི་ཚོས་རང་ལུས་མེར་སྲེག་ནས་འདུག་རྒྱུ་མིན་པར། ལས་འགུལ་དེ་ནི་ངོ་བོ་དང་རྣམ་པའི་ཆ་ནས་དུས་དང་རྣམ་པ་ཀུན་ཏུ་ངོ་བོ་གཞན་ཞིག་ལ་འཕོས་ཆོག་ཆོག་རེད། དེ་ནི་ད་ལྟའི་ལས་འགུལ་འདིའི་རིགས་ནི་སྔར་གྱི་ལོ་ ༥༡ རིང་གི་ལས་འགུལ་ལས་ཀྱང་ཛ་དྲག་ཆེ་བའི་དབང་གིས་རེད། རྦ་རླབས་གསུམ་པ་དེ་ཧ་ཅང་ཐག་ཉེ་ཞིག་ཏུ་ཡོད་པ་ཚོར་ཡོང་གི་འདུག 

རྒྱ་ནག་གཞུང་གིས་གཞོན་ནུའི་ལྷན་ཚོགས་ནི་ཊ་ལི་བྷན་ཚོགས་པ་འདྲ་བོ་དང་། འཇིགས་སྐུལ་རིང་ལུགས་པ་ཡིན་པར་བཤད་མྱོང་ཡང་། ད་སྐབས་ཊ་ལི་བྷན་ཚོགས་པ་ནི་རྒྱལ་སྤྱིའི་སྟེང་ཆ་འཇོག་ཡོད་པའི་འཐབ་རྩོད་ཀྱི་རྩ་འཛུགས་ཤིག་ཏུ་གྱུར་ཡོད་པ་རེད། རྒྱ་ནག་གིས་ཀྱང་དེར་ངོས་ལེན་བྱས་ཡོད་པ་རེད། འོན་ཀྱང་། ཊ་ལི་བྷན་ཚོགས་པས་ངོ་རྒོལ་ལས་ཀྱང་གཏོར་རྒོལ་གྱི་ལས་འགུལ་མང་དུ་སྤེལ་གྱིན་ཡོད་པ་རེད། ཨ་རིའི་དམག་མི་གསོད་མཁན་དང་ཐ་ན་ཨ་རིའི་གཞུང་གི་རྒྱབ་སྐྱོར་ཡོད་པའི་ཚོགས་པ་སྒྲིག་འཛུགས་མཐའ་དག་ལ་གཏོར་རྒོལ་བྱེད་མཁན་གཙོ་བོ་ཞིག་རེད། ཡིན་ཡང་། འཛམ་བུའི་གླིང་གིས་འདི་ལ་ངོས་འཛིན་དང་ཁོང་ཚོའི་དགོས་འདུན་ལ་གནས་ལུགས་རང་བཞིན་གྱི་ཁས་ལེན་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༨ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༡༡ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

མཆན། 14

  1. ཨ་ར་དཀར་པོ says:
    ལོ་ 15 སྔོན།

    རྒྱ་གཞུང་གི་བྱེད་བབས་ལ་གཞིགས་ན་རླབས་གསུམ་པ་དེ་མ་ལངས་རང་ལངས་རེད། མྱི་ནག་ཚང་གི་སྔོན་དཔག་འདི་གནད་ལ་འཁེལ་འདུག་སྙམ།

    Reply
  2. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    བོད་ནང་དུ་རྒྱ་དམར་གྱིས་མནར་གཅོད་གཏོངས་སྟངས་དེ་ལ་ས་སྟེང་གི་དམྱལ་བ་ཞེས་བརྗོད་ན་ཆུང་མེད་ན་ཆེ་མེད་དོ

    Reply
  3. ཐོ་རེངས། says:
    ལོ་ 15 སྔོན།

    སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས།
    འདི་ན་ཉིད་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །
    རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །
    དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡི། །
    འོལ་ཡང་མི་འགྲོ་ཆར་ཡང་མི་ཕོད་དོ། །
    དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་པ། །
    བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི།
    ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པར། །
    དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །
    བོ་ཀྱི་གནས་སྟངས་འདི་ལ་༼ས་སྟེང་གི་དམྱལ་བ་༽ཞེས་བརྗོད་ན་ཧ་ཅང་ཐར་ཆེས་པ་རེད།

    Reply
  4. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ཁ་སང་༡༡ཉིན མི་ཆུང་གི་རྗེས་ནས་ངས་བསམ་ཚུལ་ཞིག་བྲིས་ནས་་་ཡར་འཇུག་རོགས་་ནན་ཡིན. དེ་དྲ་ངོས་སུ་སླེབ་མི་འདུག འདི་འདྲ་གང་མང་བྱུང་མྱོང. ད་ཆ་ངའི་དེ་བཀོད་ཀྱི་མེད་པར་འདོད. བཀོད་མི་འོས་པའི་རྒྱུ་མཚན་འདྲ་མེད་འདོད་ཡོད
    ཏྲ་ལི་རྦིན་ནང་བཞིན་བྱུང་ཐུབ་རྒྱུ་མ་རེད་མ་གཏོགས ཐུབ་ན་ཡག་ཤོས་རེད་འདོད.
    ཕྱི་ནས་དཔའ་བོ་ཐུབ་སྟན་དགོས་གྲུབ་དང་ལྷག་པ་ཚེ་རིང་གཉིས་ཀྱིས་ལུས་སྲེག་བཏང་ཡང་དེ་ཙམ་མང་བོ་མ་རེད. ལྷག་པར་ལོ་གཅིག་གི་ནང་མ་རེད
    གསར་ལམ་ཁག་དང་རྩོམ་པ་བོ ཐ་ན་གཞོན་ལྷན་ངོས་ལྟོས་ན. ལྷག་ཚེ་ནི་དཔའ་མེད་ལུས་སྲེག་པ་ཞིག་ཡིན་ཚོད་འདུག
    རླབས་གསུམ་པ་ནི་ཡོང་དགོས་ངེས་ཤིག་རེད. མ་ཟད་གང་མགྱོགས་མགྱོགས་ཡོང་དགོས་ཚོད་འདུག ངོ་ནས་ང་ཚོས་གང་བྱེད་དགོས་པ་ཤེས་ཀྱི་ཡོད་ན. ལོ་གཉིས་ནི་འཕྱི་དྲག་པར་འདོད. ཡིན་ན་ཡང་ང་ཚོར་ཀླད་པ་དང་འཁོར་ཡུག་མེད་པས་་་་་་

    Reply
  5. མྱི་ནག་ཚང་། says:
    ལོ་ 15 སྔོན།

    རླབས་གསུམ་པ་དེ་མ་བྱུང་བའི་སྔོན་ལ་ང་ཚོར་ལས་དོན་གལ་ཆེན་པོ་གཅིག་རང་ལྷག་འདུག དེ་ནི་༧གོང་ས་མཆོག་གིས་ནམ་རྒྱུན་གསུང་བཞིན་པ་ལྟར། བོད་ནང་གི་གནས་སྟངས་ནི་༼ས་སྟེང་གི་དམྱལ་བ་༽ (Hell on Earth) ཞེས་པ་འདི་འཛམ་གླིང་ལ་སྒྲོག་རྒྱུ་དང་། དེ་ཡིན་པའི་གནས་ལུགས་ངོ་འཕྲོད་པ་བྱ་རྒྱུ། དེ་བཞིན། རྒྱ་གཞུང་གིས་བོད་ནང་དུ་ (Genocide) ༼མི་རིགས་སྡེབ་གསོད་དམ། མི་རིགས་རྩ་གཏོར་༽གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱིན་པ་འཛམ་གླིང་ལ་ངོ་སྤྲོད་དང་། རྒྱལ་ཚོགས་ཀྱིས་གཙོས་པའི་འཛམ་གླིང་མི་དམངས་ལ་དེར་ངོས་ལེན་བྱ་འཇུག་རྒྱུ་འདི་རེད།

    Reply
  6. མྱི་ནག་ཚང་། says:
    ལོ་ 15 སྔོན།

    སེར་སྨད་བློ་དགའ་ལགས་ཕེབས་པར་དགའ་བསུ་ཞུ།

    རེད། ཉིད་ཀྱིས་བཤད་པ་ལྟར་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་དེའི་སྐབས་དྲག་པོའི་གཡུལ་ཀྱང་བཤམས་པ་རེད། ཡིན་ཡང་། ངས་བཤད་ཀྱིན་པ་ནི་སྤྱི་བཤད་ཙམ་ཡིན། ནང་གསེས་རེ་རེ་བྱས་ན་ནི་དྲག་པོའི་ངོ་བོར་ཕྱིན་པའི་རིགས་ཀྱང་མང་པོ་ཡོད་ཀྱི་རེད། ༢༠༡༡ ལོའི་མེར་སྲེག་གི་ཁྲོད་དུ་ཆོལ་ཁ་གསུམ་ཚུད་ཡོད་པར་ངོས་འཛིན་བྱ་དགོས་པར་འདོད། དཔེར་ན། བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་ནས་ཀྱང་རང་ལུས་མེར་སྲེག་བྱས་ཡོད་པའི་དབང་གིས་མདོ་དབུས་ཁམས་གསུམ་ནས་རང་ལུས་མེར་སྲེག་པར་ངོས་འཛིན་བྱས་ན་ལེགས་པར་འདོད།

    མི་ཆུང་ལགས། ཉིད་ཀྱིས་བཤད་པ་ལྟར། དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་རང་ལུས་མེར་སྲེག་ལྟ་བུ་བྱུང་ཡོད་པ་རེད། གོང་དུ་བཤད་པ་བཞིན། ངས་ནི་སྤྱི་བཤད་ཙམ་དང་། རང་ལུས་མེར་སྲེག་གི་ལས་འགུལ་དངོས་གཞིའམ་ཚ་རླབས་དེ་ ༢༠༡༡ ལོ་ནས་མགོ་ཚུགས་པར་ངོས་འཛིན་བྱས་པ་ཡིན།

    རླབས་གསུམ་དེ་ད་དུང་བསླེབ་མེད་པའི་ངོས་འཛིན་དང་། དེ་ནི་ལོ་གཅིག་ལོ་གཉིས་རྗེས་ནས་མགོ་འཛུགས་ཉེན་ཆེ་ཚུལ་གྱི་ཚོད་དཔག་བྱེད་བཞིན་པ་ཡིན།

    Reply
  7. ཟླ་བ་བསོད་ནམས། says:
    ལོ་ 15 སྔོན།

    མྱི་ནག་ཚང་གི་དཔྱད་བརྗོད་འདི་ཤིན་ཏུ་ནས་ཡིད་ལ་འཐད་སོང་། བསམ་གཞིགས་ཞིབ་མོ་རེ་བྱས་རྗེས་ཡང་བསྐྱར་སྐད་རེ་འཇོག་ན་ཐང་། ཐུགས་རྗེ་ཆེ།

    Reply
  8. མི་ཆུང་། says:
    ལོ་ 15 སྔོན།

    སྐུ་ཞབས་ལུང་རིག་ལགས། སྐུ་ཉིད་ཀྱིས་རླབས་དང་པོའི་སྔོན་ནས། ༡༩༥༡ ནས་༡༩༥༩ བར་བོད་སྤྱི་དང་ལྷག་དོན་མདོ་ཁམས་སུ་དམངས་གཙོའི་བཅོས་སྒྱུར་སྔོན་དུ་བྱས་ཡོད་སྟབས། དེའི་ཚེ་རྒྱ་ནག་དམར་པོའི་གཞུང་ལ་འཐབ་རྒོལ་ཆེན་པོ་བྱུང་ཡོད།

    ༢༠༡༡ ཡར་སྔོན་བོད་ཕྱི་ནང་གཉིས་སུ་སྐུ་ལུས་མེར་སྲེག་གི་ལས་འགུལ་བརྩམས་ཚར་ཡོད།

    ད་དུང་ཡང་ཉིང་རླབས་གསུམ་པ་དེ་གང་དུ་ངོས་འཛིན་གྱིན་ཡོད་དམ། རླབས་གསུམ་པའི་སྒང་ལ་སྐྱོད་བཞིན་པ་རེད་དམ། ཡང་ན་ཧ་ཅང་ཐག་ཉེ་རེད།

    མི་ཆུང་གིས་སྐད་བསྐུར་ཡོད།

    Reply
  9. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    མྱི་ལགས། དཔྱད་ཞིབ་ལ་ལྟ་རྒྱུ་བྱུང་། ༡༩༥༩ ལོ་ནས་ ༢༠༡༠ ལོའི་བར་གྱི་ལོ་ངོ་ ༥༡ རིང་གི་ངོ་རྒོལ་ཐམས་ཅད་ཞི་བའི་ངོ་རྒོལ་རེད་གསུང་གི་ཡོད་དམ། དཔེར་ན་ཆུ་སྒང་གི་གཡུལ་འཐབ་དེ་དེའི་ནང་ཚུད་ཡོད་དམ། དེ་གཅིག་ཡིན། གཉིས་ནི། ༢༠༡༡ ནས་རང་ལུས་མར་སྒྲོན་གྱིས་ངོ་རྒོལ་དེར་ཆོལ་ཁ་གསུམ་གའི་མི་སྣ་ཞུགས་ཡོད་པ་རེད་དམ། ཡང་ན། དུས་ཡུན་དེའི་བར་གྱི་ངོ་རྒོལ་ནང་རིགས་མི་འདྲ་བ་འདུག་གམ། དྲི་བ་འདི་ཚོ་ཁྱེད་ཀྱི་གསུང་རྩོམ་དེའི་ཚིག་རིས་ཀྱིས་ཐད་ཀར་འཕངས་པའི་དྲི་བ་འགའ་རེད་ལགས། འདིར་ངེས་པར་དུ་གསུང་ལན་སྐྱོན་ཐུབ་ན་རབ་རེད། དེ་མིན་་་་་་་་་་་་་་་་་་་་་་་་་་་

    Reply
  10. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    མི་ནག་གིས་བཤད་ནོ་བདེན་པར་འདུག དེ་འདྲའི་ལམ་ཁར་མི་འགྲོ་ཐབས་མེད་རེད།. དེ་ནི་ཡོང་དགོས་ངེས་ཤིག་ཀྱང་རེད་ལ. རྒྱ་དམར་གྱིས་འདི་ལྟར་བྱས་སྡད་ན་གང་མགྱོགས་མགྱོགས་ཡོང་བར་འདོད།

    Reply
  11. འབྲི་གུང་སྤྲོ་ཚེ། says:
    ལོ་ 15 སྔོན།

    ད་ནི་ང་ཚོའི་སྡུག་རུས་དང་ལྷག་བསམ་ལའང་ཚད་གཞི་ངེས་ཅན་ཞིག་ཡོད་སྲིད། གལ་སྲིད་ཚད་གཞི་གང་ཡང་མེད་ན་རྒྱ་མི་རིགས་ཆེན་པོའི་ནང་དུ་གོ་མེད་ཚོར་མེད་ངང་འཇིག་པ་དང་ཆ་རེད། འོན་ཀྱང་ང་ཚོ་ལ་མི་རིགས་རིང་ལུགས་དགོས་པ་དང་མི་རིགས་དེ་ཉིད་ལ་རང་ཉིད་ཀྱི་ཡུལ་སྲོལ་གོམ་གཤིས་དགོས་པའི་དབང་གི་ལས་འགུལ་ལ་འགྱུར་བ་འགྲོ་བཞིན་པ་ལྟར། ད་དུང་ཡང་སྔར་མུས་བཞིན་རྒྱ་ནག་ངོས་ནས་བཟང་ངོ་མེད་ན་ངེས་པར་དུ་རྦ་རླབས་གསུམ་པ་ཚེས་དགོས་ལ། རྦ་རླབས་གསུམ་པ་བཞེངས་དགོས། གང་ལྟར་ཉལ་ཁྲིའི་སྟེང་དུ་སྨན་དྲི་ཐུལ་ལེར་འཆི་བ་ལས། མི་རིགས་དོན་དུ་ཁྲག་དྲི་ལྷང་ངེར་ཤི་བ་བདེ།

    Reply
  12. མྱི་ནག་ཚང་། says:
    ལོ་ 15 སྔོན།

    ང་ཚོའི་ཚོད་དཔག་ལས་བརྒལ་བ་མང་པོ་རེད། དཔེར་ན། ༢༠༠༨ ལོའི་ཞི་རྒོལ་དང་། ༢༠༡༡ ལོའི་མེ་སྲེག་གི་ལས་འགུལ་ལྟ་བུ་རེད། རླབས་གསུམ་པ་དེ་ཡང་ང་ཚོའི་ཚོད་དཔག་ལས་བརྒལ་སྲིད་པ་རེད། ངའི་རེ་བ་ནི་རླབས་གསུམ་པ་དེ་མ་བྱུང་བའི་གོང་ལ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྟེང་ནས་བོད་དོན་ལ་བདག་པོ་རེ་རྒྱག་རྒྱུ་དེ་ཡིན།

    Reply
  13. ཐ་ཧྭར་སྐལ་བཟང་། says:
    ལོ་ 15 སྔོན།

    ཁྱོད་ཀྱིས་བཤད་པའི་ལས་འགུལ་རྦ་རླབས་གསུམ་པ་ཐག་ཉེ་རུ་སླེབས་ཡོད་ན།ལས་འགུལ་དེའི་ངོ་བོ་སྦྱང་གྲུང་འཛོམ་པ་ཞིག་ཡིན་པར་ཤོག
    ན་ནིང་དང་ད་ལོའི་སྐུ་ལུས་མེ་ལ་སྒྲོན་མཁན་ཚོ་ཚིག་ཟུར་ཙམ་ཡང་ཞུ་ཕོད་མི་འདུག་མོད།ཡིན་ན་ཡང་ཁོ་ཚོ་བུད་སོང་བའི་རྗེས་ནས་ང་ཚོས་སྡུག་བསྔལ་མ་གཏོགས་ཅི་ཡང་བྱེད་མ་ཐུབ་པ་དེ་རེད།
    མྱི་ནག་ཚང་གིས་ཌ་ལི་བྷན་དང་བསྡུར་ནས་ཡོང་ན་ཞེད་སྣང་ཏོག་ཙམ་སྐྱེ་བ་འདྲ་བོ་ཆགས་སོང་།ཡིན་ན་ཡང་ང་ཚོ་དེའི་ཚད་ལ་ད་རུང་སླེབས་ཀྱི་མེད་པ་དང་ཚད་དེ་འདྲ་ཞིག་ལ་སླེབས་རག་བར་དུ་ཐབས་ལམ་གཞན་པ་ཞིག་རྙེད་ཐུབ་པར་སྨོན།

    Reply
  14. བསོད་ནམས་རྒྱ་མཚོ། says:
    ལོ་ 15 སྔོན།

    གཞུང་དང་ཚོགས་པ་སྒེར་གང་ཞིག་ཡིན་རུང་། རང་ཉིད་ཀྱིས་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་དབང་ཚད་ཡོད། སུ་ཞིག་ཡིན་རུང་སྟོབས་ཆེན་པོས་ཆུང་ངུའི་རྒྱུ་ནོར་བཙན་འཕྲོག བཙན་འཛུལ་བྱེད་པ། རང་ལ་དབང་ཚད་མེད་པར་གཞན་གྱི་དངོས་པོར་ཧམ་སྤྱོད། རྒོལ་ལན་སློག་ན་འཇིགས་སྐུལ་བའི་གྲས་སུ་མི་འགྲོ་བ་མ་ཟད། དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་བར་གླེང་ཙམ་ཡང་མེད་པ་ཡ་རེ་མཚར། དངོས་གནས་བྱས་ན། སྒེར་དང་གཞུང་གང་ཞིག་ཡིན་ནའང་སྲིད་དབང་སྒེར་འཛིན་དང་། ཡང་ན་ཁྲིམས་མཐུན་མིན་པའི་མི་དམངས་ལ་དྲག་གནོན་བྱེད་རིགས་ནི། རྒྱལ་སྤྱི་ཁྲིམས་དང་འགལ་ཡོད། དེ་བས་ཀྱང་མི་རིགས་དང་། ཡང་ན་རིག་གཞུང་རྩ་མེད་བཟོ་མཁན་གཞུང་དང་སྒེར་གང་ཡིན་རུང་།  རྒྱལ་སྤྱིའི་ཁྲིམས་དང་འགལ་སྟེ། འཇིགས་སྐུལ་བར་གྱུར་ཡོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese