མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་ལ་རྒྱ་སྒོར་སྤྲོད་འཆར་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་ཝུན་ཇ་པའོ་དུས་ཐུང་རིང་བལ་ཡུལ་ནང་ཡོང་སྟེ། རྒྱ་གཞུང་གིས་བལ་ཡུལ་ལ་རོགས་དངུལ་ཕོན་ཆེན་གཏོང་རྒྱུ་ཁས་ལེན་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན། རྒྱ་ནག་སྲིད་བློན་ཝུན་ཇ་པའོ་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་འགའི་ནང་བསྐྱོད་ཞོར་དུ། དུས་ཐུང་རིང་བལ་ཡུལ་ནང་རྒྱལ་དོན་ལྟ་སྐོར་ལ་སླེབས་ཡོད་པ་དང་།  སྐབས་དེར། བལ་ཡུལ་གཞུང་གིས་རྒྱལ་ས་ཀ་ཌི་མཱན་ཊོའི་སྲང་གྲོང་གང་སར་དམག་མི་མང་པོ་འགྲེམས་འཇོག་གིས་ལྟ་རྟོག་ནན་མོ་བྱས་ཡོད་པ་མ་ཟད། གྲྭ་བཙུན་སེར་མོ་རྣམས་གཙོས་བོད་མི་རྣམས་ལ་དམིགས་བསལ་གྱི་བཀག་སྡོམ་བྱས་ཏེ། བོད་མི་ ༢༠༠ ལྷག་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག  

དེ་སྔོན་ཝུན་ཇ་པའོ་བལ་ཡུལ་ནང་འདས་པའི་ཟླ་གཅིག་སྔོན་ལ་ལྟ་སྐོར་དུ་ཡོང་རྒྱུ་ཡིན་སྐོར་བསྒྲགས་ཡོད་ནའང་། དུས་ཚོད་ཕྱིར་འགྱངས་ཀྱིས་ད་ལྟའི་བར་ཡོང་མེད་པ་རེད། ཐེངས་འདིར་ཝུན་ཇ་པའོ་བལ་ཡུལ་ནང་ཆུ་ཚོད་ ༥ ལ་བསྡད་པའི་རིང་།  བལ་ཡུལ་གྱི་སྲིད་བློན་བྷ་ཊ་རཱ་ཡཱི་ལ་ཐུག་འཕྲད་བྱས་ཏེ་ཆིངས་ཡིག་ཁག་ལྔ་བཞག་ཡོད་པ་མ་ཟད།   རྒྱ་གཞུང་གིས་འབྱུང་འགྱུར་ལོ་གསུམ་ནང་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༡༥༠ བུན་གཏོང་བྱས་ཏེ། བལ་ཡུལ་ནང་འགྲིམ་འགྲུལ་ཡར་རྒྱས་དང་གནམ་ཐང་གསར་འཛུགས། དམག་དོན་ལག་རྩལ་དང་མའོ་དྲག་སྤྱོད་པའི་རྒས་ཡོལ་བ་རྣམས་ལ་རོགས་སྐྱོར། གློག་ཁང་གསར་རྒྱག་སོགས་ཀྱི་ཐད་རོགས་རམ་བྱ་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་འདུག 

བལ་ཡུལ་གཞུང་འབྲེལ་མི་སྣས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། རྒྱ་གཞུང་གིས་བལ་ཡུལ་ནང་ལོ་ལྟར་རྒྱ་སྒོར་ས་ཡ་ ༡༥༠ རེ་སྤྲོད་བཞིན་ཡོད་པ་དེ། སྤར་ཆ་གནང་སྟེ་ལོ་རེར་རྒྱ་སྒོར་ས་ཡ་ ༢༠༠ རེ་སྤྲོད་རྒྱུ་གཏན་ཁེལ་ཡོད་པ་དང་། ཝུན་ཇ་པའོ་ཡིས་བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་ལངས་ཕྱོགས་བཟུང་པར་བསྟོད་ར་བྱས་པ་མ་ཟད། མ་འོངས་པར་ཕྱོགས་གཉིས་དབར་འབྲེལ་བ་གཞི་རྒྱ་ཆེ་རུ་གཏོང་དགོས་པའི་སྐོར་བརྗོད་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༥ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 8

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    འདི་ནི་མ་འོངས་ལུང་བསྟན་ཐིག་པའང་ཡིན། །
    འདི་ནི་མ་འོངས་ལུང་བསྟན་ཐིག་པའང་སྲིད། །ལ་བཅོས།

    གསར་འགོད་པ་ཚེ་རིང་རྒྱལ་ལགས་ཀྱིས།
    བུན་གཏོང་བྱས་ཏེ། བལ་ཡུལ་ནང་འགྲིམ་འགྲུལ་ཡར་རྒྱས་་་་་་་་གློག་ཁང་གསར་རྒྱག་སོགས་ཀྱི་ཐད་རོགས་རམ་བྱ་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་འདུག ་་་་་་། འདིའི་ཐད་ཀྱི་བུན་གཏོང་དང་རོགས་ཞེས་པའི་ཚིག་གཉིས་གཅིག་ལྟར་སྟོན་པ་འདི་ནོར་བ་མིན་ནམ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་མི་༦༠༠ལས་ལྷག་འཛིན་དུས་སུ། །
    བོད་རྒྱའི་དབུས་ལམ་གཉིས་སྨན་བྱུང་བའང་སྲིད། །

    རྒྱ་སྒོར་ས་ཡ་༦༠༠བརྒལ་འཚམས་སུ། །
    བལ་ཡུལ་རྒྱ་ཁོངས་འགྱུར་ནས་ས་ཤོར་སྲིད། །

    འདི་ནི་མ་འོངས་ལུང་བསྟན་ཐིག་པའང་ཡིན། །

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བལ་ཡུལ་འདི་ནི་ཐ་མ་རྒྱ་ནག་གི་ཁོངས་སུ་འགྲོ་འདོད་དམ། ཡང་ན་རྒྱ་གར་གྱི་ཁོངས་སུ་འགྲོ་རྒྱུ་ལས་ལྷག་ཡོད་མ་རེད།
    ད་ལྟའི་བལ་པོའི་མི་རིགས་སེམས་པ་རྒྱ་གར་ཆགས་པ་དང་། དཔལ་འབྱོར་རྒྱ་ནག་ལ་འགྲམ་ཆུ་ལྡང་ནས་བསྡད་ཡོད་པ་གསལ་པོ་ཡིན་པས་བོད་རིགས་ཚོས་ཀྱང་ཁ་ཕྱོགས་མ་ནོར་བྱེད་དགོས་པའི་དུས་ཚོད་ལ་སླེབས་ཟིན་པ་ལྟ་བུར་མཐོང་ལགས།

    Reply
  4. མི་རབས་གསར་པ་ says:
    ལོ་ 14 སྔོན།

    མ་འོང་པར་བལ་པའི་མི་རྣམས་རྫོགས་རྒྱུ་མེད་པའི་བཀའ་ངལ་ཤིག་གི་ནང་དུ་ལྷུང་ལ་ངེས་སོ།།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མ་འོངས་པ་ན།
    བོད་མི་༦༠༠ལས་ལྷག་འཛིན་དུས་སུ། །
    བོད་རྒྱའི་དབུས་ལམ་གཉིས་སྨན་བྱུང་བའང་སྲིད། ། ༢༠༠དེ་༦༠༠ལ་བཅོས་པ་ཡིན།

    ཡང་རིག་རལ་གྲིས་བལ་རིགས་བོད་རིགས་སྐོར་ཡག་པོ་གསལ་སྟོན་བྱས་འདུག ཐུགས་རྗེ་ཆེ་ལགས།

    Reply
  6. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    གོང་གི་གསར་འགྱུར་དུ་ཆིངས་ཡིག་ཁག་ལྔ་ཞེས་པ་ནོར་བ་རེད། འདིའི་སྐབས་སུ་ཆིངས་ཡིག་ཁག་བརྒྱད་འཇོག་ཏུ་བཅུག་པ་རེད།

    Reply
  7. རིག་པའི་རལ་གྲི says:
    ལོ་ 14 སྔོན།

    བོད་མི་ཁྲི་གཉིས་ཀྱིས་གནས་གཞི་བྱས་ཅིང་བར་མཚམས་མེད་པའི་སྐད་འབོད་བྱེད་དུ། ཞུམས་པ་མེད་པའི་སྙིང་སྟོབས་ཀྱིས་རྒྱ་གཞུང་གི་གཞུང་ཚབ་མདུན་ལ་འཆོང་རྐྱང་བྱས་པ་དེ་བལ་བོའི་མོའུ་གཞུང་ལ་མཚོན་ན། རྒྱ་གཞུང་གི་ཨ་སྒོར་དུང་ཕྱུར་ཁ་ཤས་རེག་པའི་མཐུན་རྐྱེན་བལ་ཡུལ་གྱི་ལོ་གཅིག་རིང་གི་ཡུལ་སྐོར་སྤྲོ་འཁྱམས་པ་རྣམས་ལས་ལྷག
    ་དེར་རྟེན་བལ་བོའི་གཞུང་འདིས་བོད་མི་སྐྱབས་བཅོལ་བ་རྣམས་མ་རྩ་འཇོག་བྱེད་ཀྱི་ཚོང་རྫས། རྒྱ་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབས་སའི་རྔན་པ་ནང་བཞིན་ཆགས་ཡོད་རེད།

    འོན་ཀྱང་བལ་ཡུལ་ཁོངས་གཏོགས་ཤར་པ་དང། རྟ་མང། དོལ་པོ་དང་། གློ་ཡུལ་བ། ད་དུང་གུ་རུང་མང་པོས་ཕ་མེས་ཀྱི་ཡོངས་ཁུང་ལོ་རྒྱུས་དང་། སོ་སོའི་རིགས་གཞུང། སྐད་ཡིག་ཚུན་ལ། བོད་འདི་གལ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་ལ། ལྷག་པར་སློབ་སྦྱོང་ཅན་གྱི་རིགས་དེ་རྣམས་ཀྱིས་སེམས་གཏིང་ནས་བོད་དོན་ལ་ཐུགས་ཁུར་གནང་གིན་ཡོད། ཡིན་ནའང་དེ་ལྟར་ཤེས་མཁན་ཤིན་ཏུ་ཉུང་།

    ཁོངས་རྣམས་ལ་མཚོན་ན། སོ་སོའི་ཕྲུག་གུ་མང་ཆེ་བར་ཡིག་རྨོངས་ལས་གྲོལ་བཅུག་མཁན་བཙན་བྱོལ་བོད་ཀྱི་སློབ་གྲ་དེ་བཞིན། བཙན་བྱོལ་བོད་ཀྱི་དགོན་སྡེ་རྣམས་རེད། དགོན་སྡེ་དང། སློབ་གྲར་སྡད་རིང་། བལ་ཡུལ་ཀྱི་སྤུན་ཕྲུག་དེ་དག་ལ། མཐུན་རྐྱེན་ཆ་ཚང་གྲ་སྒྲིགས་བྱེད་ནས། སོ་སོའི་སྤུན་ཉེ་ནང་བཞིན་ཞབས་ཞུས་ཆ་ཚང་བྱེད་ཀྱིན་་ཡོད་རེད་ལ།

    ཁོ་ཅག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། ནམ་ཞིག་དེ་དག་ལ་བཀའ་དྲིན་བསམ་ཤེས་ཐུབ་ངེས་ཅན་རེད་བསམ་གྱི་ཡོད།
    བལ་པོའི་གཞུང་གི་ལས་བྱེད་པ་རྣམས་ལ་མཚོན་ན། རྒྱ་གཞུང་གིས་སྤྲད་ནས་རག་རྒྱུ་མང་། བལ་ཡུལ་མི་མང་ལ་བསམ་ན། བོད་མི་རྣམས་གང་ཐད་ནས་བཀའ་དྲིན་ཆེ་ངེས་ཅན་རེད།

    ཡབ་མེས་ཀྱི་ལོ་རྒྱུས་ཤེས་ནས་ལས་འགུལ་སྤེལ་དགོས་ན། ལོ་རྒྱུས་ཆུད་པའི་མཁྱེན་ཡོན་ཡོད་དགོས། མ་འོངས་པར་རྒྱ་གཞུང་བལ་བོའི་བློས་ཐུབ་ཀྱི་གྲོགས་པོར་མུ་འཐུད་ཐུབ་བམ། བོད་མི་རིགས་འདི་དང་བོད་ཡུལ་དེ་བལ་པོར་རྒྱ་གཞུང་ལས་ཀྱང་ཁེ་ཕན་ཆེ་བར་དཔོག་དགོས་ན། འཛམ་གླིང་སྤྱི་འགྲོས། ཁྱད་པར་དུ་རྒྱ་གཞུང་གི་ཁོག་གི་དམིགས་ཡུལ། བལ་ཡུལ་ཚུལ་མཐུན་འབྱོར་ལྡན་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་གཅིག་བསྐྲུན་དགོས་ན་ཆ་རྐྱེན་གང་སྒྲིགས་དགོས། འགལ་རྐྱེན་གང་ཞིག་དངོས་ཤུགས་རྒྱུད་གསུམ་ནས་སེལ་ཐུབ་དགོས་མཁྱེན་ཐུབ་པའི་མཁྱེན་རབ་ཡོད་དགོས་ནའང། ད་དུང་བལ་ཡུལ་གཞུང་དམངས་ནི་འཛམ་གླིང་གི་ཟུར་ཁུག་ཞིག་ཏུ། རང་དང་རང་གི་གཟའ་མིར་གནས་སྐབས་ལྟོ་འབྲངས་ཙམ་བྱུང་ན་འགྲིགས་རྒྱུ་བྱས་ནས་སྡོད་བཞིན་པའི་རྐྱེན་གྱིས་གོ་སྐབས་ཤིན་ཏུ་ཕྲ།

    དེར་བརྟེན་བལ་ཡུལ་དུ་མཆིས་པའི་བོད་མི་རྣམས་ཀྱིས་གནས་སྤོས་ཀྱི་ཆགས་གཞི་ངེས་པར་ཅན་དུ་གཏིང་དགོས་པར་སྣང་།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མ་འོངས་པ་ན།
    བོད་མི་༢༠༠ལས་ལྷག་འཛིན་དུས་སུ། །
    བོད་རྒྱའི་དབུས་ལམ་གཉིས་སྨན་བྱུང་བའང་སྲིད། །

    རྒྱ་སྒོར་ས་ཡ་༦༠༠བརྒལ་འཚམས་སུ། །
    བལ་ཡུལ་རྒྱ་ཁོངས་འགྱུར་ནས་ས་ཤོར་སྲིད། །

    འདི་ནི་མ་འོངས་ལུང་བསྟན་ཐིག་པའང་ཡིན། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese