མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསེར་རྟ་རྫོང་དུ་སྐད་འབོད།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གསེར་རྟ་རྫོང་ཐོག་ཏུ་དགེ་འདུན་པ་གཉིས་གཙོས་བོད་མི་མང་པོ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག  

མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཡས་མས་སུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཐོག་ཏུ། དགེ་འདུན་པ་གཉིས་ཀྱིས་རླུང་རྟ་གཏོར་བ་དང་།  “ བོད་ལ་རང་བཙན་དགོས། ” ཞེས་འབོད་ཚིག་སྒྲོག་བཞིན་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག་ལ། ངོ་རྒོལ་སྐད་འབོད་བྱས་ཏེ་ཅང་མ་འགོར་བར་ཉེན་རྟོག་པ་ ༤ ལྷག་འབྱོར་ཏེ་འཛིན་བཟུང་བྱས་པ་མ་ཟད། གཅར་རྡུང་དྲག་པོ་བཏང་སྟེ་བཙན་འཁྲིད་བྱེད་བཞིན་པ་དེར་ཡོད་མི་མང་གིས་མཐོང་ཡོད་འདུག  སྐབས་དེར་མི་མང་གི་སེམས་ཀྱི་མ་བཟོད་པར་རུབ་བརྒྱབ་ཏེ་དགེ་འདུན་པ་གཉིས་ཕྱིར་འཕྲོག་ཡོད་པ་མ་ཟད། དེར་ཡོད་མི་མང་ ༢༠༠ ཡས་མས་ཀྱིས། རྫོང་གི་ཁྲོམ་གཞུང་དུ་ “ ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས། བོད་རང་བཙན་ཡིན། ” སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་སྐད་འབོད་བྱས་འདུག

ད་ལྟའི་ཆར་ཐེངས་འདིར་ངོ་རྒོལ་སྐད་འབོད་བྱེད་མཁན་གྱི་གྲྭ་བ་ཁོང་གཉིས། གསེར་རྟ་རྫོང་ཐོག་ཏུ་ཡོད་པའི་ཞོ་རོགས་དགོན་པའི་གྲྭ་བ་ཡིན་པ་ལས། མིང་དང་ལོ་རྒྱུས་སོགས་གསལ་ཁ་མེད་པ་དང་། ཡང་བསྐྱར་འཛིན་བཟུང་བྱས་མིན་གྱི་ཞིབ་ཕྲའི་གནས་ཚུལ་ཅི་ཡང་ཤེས་རྟོགས་བྱུང་མེད་པ་རེད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

༢༠༢༦/༠༧/༢༤
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

༢༠༢༦/༠༧/༢༤
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

༢༠༢༦/༠༧/༢༤
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

མཆན། 8

  1. ནད་པ says:
    ལོ་ 15 སྔོན།

    མགྲིན་པ་ཟབ་མོ་ལགས། སྤྱི་ལོ་ ༡༩༥༩ ནས་ལོ་ རབས་དོན་ཅུའི་བར་དུ་བོད་རང་བཙན་ཟེར་བའི་མིང་ཚིག་འདི་བེད་སྤྱད་སྟབས་གཞི་ལུས་མི་དམངས་མང་པོས་རང་བཙན་དོན་དུ་ཚེ་སྲོག་བློས་བཏང་བྱས་ཡོད།

    ལོ་ རབས་དོན་ཅུ་ནས་རང་སྐྱོང་ཟེར་བའི་དགོས་འདུན་བཏོན་འགོ་ཚུགས་ཀྱང་དབུ་མའི་ལམ་ཟེར་བའི་ཐ་སྙད་དེ་ད་དུང་མི་དམངས་འཁྲོད་དུ་གསལ་བཤད་གསལ་པོ་ཞིག་བྱུང་མེད།
    ལོ་རབས་གོ་བཅུའི་ནང་ནས་དངོས་སུ་མི་དམངས་ལ་དབུ་མའི་ལམ་ཟེར་བའི་མིང་ཚིག་འདི་བེད་སྤྱད་ཡོད་པ་རེད།

    དེར་བརྟེན་ལོ་རབས་ ༣༠ ནས་ ༤༠ ཙམ་གྱི་རིང་བོད་མི་རྣམས་ཀྱི་རྣ་བར་རང་བཙན་ཟེར་ཚིག་འདི་གཏིང་གཟབ་གཅིག་བླུགས་ཡོད་སྟབས། ད་ལྟའི་འཆར་ཡང་བོད་མི་མང་བའི་རྣ་བ་དང་སེམས་པ་གཉིས་ཀྱི་ནང་དུ་བོད་རང་བཙན་ཟེར་བ་ལྷན་སྐྱེས་ཀྱི་ང་ཚོའི་མིག་དང་རྣ་བ་ལྟ་བུ་ཞིག་ཆགས་ཡོད།

    དེར་བརྟེན་ང་ཚོས་ད་ཆ་དབུ་མའི་ལམ་ཟེར་བའི་མིང་ཚིག་གཅིག་བོད་མི་རྨས་ཀྱི་རྣ་བར་བླུགས་ཐབས་བྱེད་བཞིན་ཡོད་ཀྱང་གཞི་ལུས་བོད་མིར་མཚོན་ཤེས་ཡོན་དང་ཅུང་ཟད་མཇོང་རྒྱ་ཆེ་བའི་བོད་མི་ཉུང་ཤས་ཤིག་ལས་མི་དམངས་མང་ཆེ་བས་དབུ་མ་ཟེར་བའི་མིང་ཚིག་དེ་ཧ་གོ་མེད་ཙང་དེ་རིང་ཁ་སང་ཡང་བོད་རང་བཙན་ཡིན་ནས་སྐད་འབོད་བྱེད་བཞིན་ཡོད།

    འདི་ནི་ང་ཚོའི་ཆབ་སྲིད་གནད་ལུགས་ཐད་ནས་བཤད་ན་ཆེས་ཧ་ཅང་གི་སྐྱོན་གནད་གཅིག་ཆགས་ཡོད་སྟབས། ད་ལྟའི་འཆར་ང་ཚོས་བོད་རང་བཙན་རྩོད་བཞིན་མེད་ཀྱང་གཞི་ལུས་བོད་མི་ཚོས་ག་དུས་ཡིན་ཀྱང་ཁ་ནས་རང་བཙན་ཡིན། རང་བཙན་ཡིན། ཟེར་བཞིན་ཡོད་སང་རྒྱ་ནག་གཞུང་ཡང་གནད་དོན་དེར་སེམས་འཚབ་སྣོན་མ་ཞིག་སྐྱེ་གཞི་ཆགས་ཡོད།

    གང་ཡིན་ན་བོད་གཞུང་གིས་ངོས་ནས་དབུ་མའི་ལམ་ཁོ་ན་ཡིན། ཟེར་བ་དང་ཡང་མི་དམངས་ཀྱི་ངོ་རྒོལ་བྱེད་དུས་ཁ་ནས་བོད་རང་བཙན་ཁོ་ན་ཡིན་ཟེར་བཞིན་ཡོད་སྟབས། སོ་སོའི་ཁ་དང་ལག་པ་གཉིས་ཀྱི་དབར་ལ་ཧེ་བག་ཧ་ཅང་གི་ཆེན་པོ་ཞིག་ཤོར་བར་སོང་རྒྱ་མིས་རང་སྐྱོང་ཟེར་བ་ཞིག་ཀྱང་སྤྲོད་མི་ཐུབ་པའི་ཚོད་དུ་སླེབས་པ་རེད།

    Reply
  2. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    བཀུར་འོས་བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་ལགས།
    གྲྭ་བ་དེ་གཉིས་གསེར་རྟ་ཞོ་རོགས་དགོན་པ་ནས་རེད། དགོན་པའི་མིང་ལ་ཞོ་རོགས་དགོན་པ་ཟེར།

    Reply
  3. མགྲིན་པ་ཟབ་མོ། says:
    ལོ་ 15 སྔོན།

    སྐད་འབོད་ནི། བོད་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཞེས་པ་འདི་གཉིས་རེད། སྔ་ཕྱི་གང་དུ་ཡང་འདི་འདྲ་ཞིག་རེད། དབུ་མའི་ལམ་ངོས་ལེན་བྱེད་དགོས་ཞེས་པ་ཞིག་ད་བར་དུ་ངག་ནས་ཐོན་མྱོང་མེད་པ་འདི་དག་ལ་བལྟས་ན་བཙན་བྱོལ་བ་ཚོར་དགོས་པ་དང་གཞིས་ལུས་པ་ཚོར་དགོས་པ་གཉིས་ཁ་ཁ་རེད། འདི་ལྟའི་བར་ཁྱད་ཅིག་ཤོར་དོན་གང་ཡིན་ནམ།

    Reply
  4. དོན་འགྲུབ། says:
    ལོ་ 15 སྔོན།

    ཁྱོད་ཤུ་རེ་དང་ང་ཤུ་རེ་ཟེར་བའི་དུས་སྐབས་མ་རེད། ཁྱོད་ཀྱི་རྐུབ་སྟེགས་དང་ངའི་ཐོབ་ཐང་བརྩོད་པའོ་དུས་སྐབས་དེ་ལས་ཀྱང་མ་རེད་། འབྱིན་ཐོ་ཅན་གྱི་མི་རེ་རེ་ཡོད་ན་ཡང་འགྱོག་པོ་ལང་རན་འདུག

    Reply
  5. བློ་འཕེལ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་ལ་མཇལ་འདོད་ཀྱི་ཚོར་ཤུགས་དྲགས་པོ་སུས་ཀྱང་གནོན་དཀའ་བ་དེ། དེ་རིང་འགོ་ལོག་གསེར་རྟ་ནས་འཕྱུར་སོང་ངོ།།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སྐད་འབོད་བསྒྲགས་ཆེན་གཉིས་ནི།༸གོང་ས་མཆོག་བོད་ནང་གདན་འདྲེན་གྱིས། བོད་མིར་རང་དབང་དགོས་པ་དེ་གཉིས་ཀྱིས།

    མི་མངས་ཀྱིས་ངོ་རྒོལ་བྱེད་དགོས།
    ཞི་བས་སྒོ་ནས་ངོ་རྒོལ་བྱེད་དགོས།

    མི་མངས་ཀྱིས་ངོ་རྒོལ་བྱེད་དགོས།
    དྲང་པོའི་སྒོ་ནས་ངོ་རྒོལ་བྱེད་དགོས།

    མི་མངས་ཀྱིས་ངོ་རྒོལ་བྱེད་དགོས།
    གཉིས་སྨན་གྱི་ཆེད་དུ་ངོ་རྒོལ་བྱེད་དགོས།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་མའི་སྐད་འབོད་ནི།
    ་་་་“ ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས། བོད་རང་བཙན་ཡིན། ” ་་་་ཟེར།

    Reply
  8. ཁྲག་འཐུང་ཧེ་རུ་ཀ says:
    ལོ་ 15 སྔོན།

    དཔའ་བོ་དཔའ་མོ་འདི་ཚོའི་སྙིང་སྟོབས་ལ་གཞིགས་ཡོང་དུས་ངོ་མ་ཧ་སང་དགོས་པ་ཞིག་རེད། འདི་ན་སྐྱིད་ཉལ་རྒྱག་ཉལ་བྱེད་བཞིན་པའི་རྐུབ་སྟེགས་མཐོ་པོའི་ཐོག་གི་མྱི་ཚོས་མར་མེའི་འོད་བསྐོར་རེ་ཡང་མེད་དུས་ངོ་མ་གཅིག་སྒྲིལ་མེད་པར་རང་བཞིན་གྱིས་ཤེས་སོང་།ཤུ་རེ་ཁོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese