མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༢༠༡༡ ལོའི་བོད་ནང་གི་གལ་ཆེའི་གསར་འགྱུར།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

 ༢༠༡༡ ལོར་བོད་ནང་སྔ་རྗེས་སུ་བྱུང་བའི་གལ་ཆེའི་གསར་འགྱུར་ཆེ་ཁག་ ༡༠ ཕྱོགས་བསྡུས།

ཕུན་ཚོགས།

༢༠༡༡ ཕྱི་ཟླ་ ༣ ཚེས་ ༡༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ ཙམ་ལ་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༢༠ ཡིན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས།བོད་ནང་གི་བོད་མི་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་འབོད་ཚིག་འོག་རྔ་པ་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ། ཕྱི་ཉིན་ཞོགས་པའི་ཆུ་ཚོད་ ༤ ཙམ་ལ་འདས་གྲོངས་སུ་གྱུར་ཡོད། གནས་ཚུལ་དེར་རྐྱེན་བྱས་ཏེ་རྒྱ་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་དགེ་འདུན་པ་ ༣༠༠ ལྷག་འཛིན་བཟུང་དང་། གྲྭ་བ་ཁག་ཅིག་ལ་ཁྲིམས་ཆད། ཀིརྟི་དགོན་གྲོང་གཉིས་ལ་དམ་དྲག་ཤུགས་ཆེར་བྱས་ཡོད།

ཚེ་དབང་ནོར་བུ།

༢༠༡༡ ཕྱི་ཟླ་ ༨ ཚེས་ ༡༥ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ཁམས་རྟའུ་ཉ་མཚོ་དགོན་པའི་རང་ལོ་ ༢༩ ཡིན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས། ཁམས་རྟའུ་རྫོང་གི་ཁྲོམ་གཞུང་དུ ”༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས།རྒྱ་ནག་གིས་བོད་མི་ཚོར་མཐོང་ཆུང་བྱེད་ཀྱི་འདུག “ཅེས་སོགས་འཁོད་པའི་ཡིག་ཆ་གཏོར་བ་དང་། རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་འདས་གྲོངས་སུ་གྱུར་ཡོད་ལ།  ཕྱིས་སུ་རྒྱ་ནག་གཞུང་གིས་ཉེན་རྟོག་པ་དང་དམག་མི་མང་པོ་འགྲེམས་འཇོག་གིས་རྟའུ་ཉ་མཚོ་དགོན་པར་ཆུ་དང་གློག་བཅད་དེ་གྲྭ་མང་ལ་གནོན་ཤུགས་དང་སུན་གཙེར་རབ་དང་རིམ་པ་བཟོས་ཡོད་པ་མ་ཟད། དགེ་འདུན་པ་འཛིན་བཟུང་དང་ས་གནས་མི་མང་ཐོག་དམ་དྲག་ཤུགས་ཆེར་བྱས་ཡོད།

བློ་བཟང་དཀོན་མཆོག་དང་བློ་བཟང་སྐལ་བཟང་།

༢༠༡༡ ཕྱི་ཟླ་ ༩ ཚེས་ ༢༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཡས་མས་སུ་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་དང་རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་དཀོན་མཆོག་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་  “༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་ཆོས་དད་རང་དབང་དགོས།”  ཞེས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་ཅིང་། ཅང་མ་འགོར་བར་ཉེན་རྟོག་པ་དང་དྲག་ཆས་དམག་མི་མང་པོ་ཡོང་སྟེ་བཙན་འཁྲིད་ཀྱིས་ད་ལྟའི་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད།

སྐལ་བཟང་དབང་ཕྱུག

༢༠༡༡ ཕྱི་ཟླ་ ༡༠ ཚེས་ ༣ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༢ ཡས་མས་སུ་རྔ་པ་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་རང་ལོ་ ༡༧ ཡིན་པའི་གྲྭ་སྐལ་བཟང་དབང་ཕྱུག་ལགས་ཀྱིས། རྔ་པ་རྫོང་གི་གཞུང་ལམ་སྟེང་ྋགོང་ས་མཆོག་གི་སྐུ་པར་ཞིག་ལག་ཏུ་བཟུང་སྟེ་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། ཕྱིས་སུ་རྒྱ་ནག་ཉེན་རྟོག་མི་སྣས་མཐའ་བསྐོར་ཏེ་གཅར་རྡུང་གཏོང་ཞོར་བཙན་འཁྲིད་བྱས་ཏེ། གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མེད་པར་ལྷག་ཡོད།

མཁའ་དབྱིངས་དང་ཆོས་འཕེལ།

༢༠༡༡ ཕྱི་ཟླ་ ༡༠ ཚེས་ ༧ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་རང་ལོ་ ༡༩ ཡིན་པའི་ཆོས་འཕེལ་དང་། རང་ལོ་ ༡༨ ཡིན་པའི་མཁའ་དབྱིངས་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། ཕྱི་ཚེས་ ༡༠ ཉིན་མཁའ་དབྱིངས་ལགས་འབར་ཁམས་ཀྱི་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་པ་དང་། ཆོས་འཕེལ་ལགས་ཕྱི་ཚེས་ ༡༢ ཉིན་སྐུ་གྲོངས་ཡོད་འདུག  ཁོང་གཉིས་ཀྱི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་རུལ་ཐལ་ཞིག་ནང་མིར་རྩིས་སྤྲོད་བྱས་འདུག

ནོར་བུ་དགྲ་འདུལ།

༢༠༡༡ ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་རྔ་པ་རྫོང་ཆེ་རྗེ་ཞང་སོ་རུ་མའི་པདྨ་ཚང་གི་རང་ལོ་ ༡༩ ཡིན་པའི་ནོར་བུ་དགྲ་འདུལ་ལགས་ཀྱིས། རྔ་པ་རྫོང་གི་ཁྲོམ་གཞུང་དུ་ “བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས” ཞེས་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་པར། ཉེན་རྟོག་པས་མེ་བསད་དེ་གཅར་རྡུང་བཙན་འཁྲིད་བྱས་རྗེས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་ཤེས་རྟོགས་མེད་པར་ལྷག་ཡོད།

བསྟན་འཛིན་དབང་མོ།

༢༠༡༡ ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡ ཡས་མས་སུ་རྔ་པ་རྫོང་མ་མའི་བཙུན་དགོན་གྱི་རང་ལོ་ ༢༠ ཡས་མས་ཡིན་པའི་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས། རྔ་པ་རྫོང་མཁར་དང་བར་ཐག་སྤྱི་ལེ་ ༣ ཙམ་ཡོད་པའི་སུམ་མདོའི་ཟམ་ཁ་རུ་ “༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་ཆོས་དད་རང་དབང་དགོས།” ཞེས་སྐད་འབོད་དང་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སྐུ་གྲོངས་ཡོད། ཕྱིས་སུ་ཉེན་རྟོག་པ་དང་དམག་མི་མང་པོ་ཡོང་སྟེ་དགོན་པ་དང་གྲོང་སྡེ་ཡོངས་ལ་བཀག་སྡོམ་ནན་མོ་བྱས་ཡོད།

ཟླ་བ་ཚེ་རིང་།

༢༠༡༡ ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་དཀར་མཛེས་དགོན་ཁྲོན་པེ་ཁམས་ཚན་གྱི་གྲྭ་ཟླ་བ་ཚེ་རིང་ལགས་ཀྱིས། དགོན་པའི་གཏོར་རྒྱག་སྐབས་གློ་བུར་དུ་རང་ལུས་ལ་སྣུམ་བཤོས་ཏེ་མེ་སྦར་ཡོད་པ་མ་ཟད། དམར་ལྷབ་ལྷུབ་ཀྱི་མེ་ལྕེའི་ཁྲོད་ ”༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། མི་རིགས་འདྲ་མཉམ་དགོས།” ཞེས་སྐད་འབོད་བྱས་ཡོད་པ་དང་། ཕྱིས་སུ་དགོན་པའི་དགེ་འདུན་པ་དང་མི་མང་གིས་ཉེན་རྟོག་པའི་ལག་ནས་བཙན་འཕྲོག་གིས་དགོན་པའི་ནང་འཁྲིད་དེ་སྨན་བཅོས་སོགས་བྱས་ཏེ་སྲོག་ཉེན་ལས་མཐར་ཡོད་ཀྱང་། རྒྱ་ནག་གི་སྟངས་འཛིན་ལྟ་རྟོག་འོག་ལྷག་ཡོད།

དཔའ་ལྡན་ཆོས་མཚོ།

༢༠༡༡ ཕྱི་ཟླ་ ༡༡ པའི་ཚེས་ ༣ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༢ དང་སྐར་མ་ ༥༠ ཙམ་ལ་ཁམས་རྟའུ་བྲག་དཀར་བཙུན་དགོན་དགའ་ལྡན་ཆོས་གླིང་གི་བཙུན་མ་དཔའ་ལྡན་ཆོས་མཚོ་ལགས་ཀྱིས། རྫོང་པཱེན་ཧོ་གཞུང་ལམ་སྟེང་ “བོད་ལ་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས།” ཞེས་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཏེ་འདས་གྲོངས་སུ་གྱུར་རྗེས། རྒྱ་དམག་གིས་དགོན་གྲོང་གཉིས་ལ་དམ་དྲག་ཤུགས་ཆེར་བྱས་ཡོད།

བསྟན་འཛིན་ཕུན་ཚོགས།

༢༠༡༡ ཕྱི་ཟླ་ ༡༢ ཚེས་ ༡ ཉིན་གྱི་སྔ་དྲོ་ཁམས་ཆབ་མདོ་ཀརྨ་ཞང་གྱིང་ཐང་གྲོང་ཚོའི་རང་ལོ་ ༤༦ ཡིན་པའི་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། ཀརྨ་ཞང་ཐོག་ཏུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། ཕྱིས་སུ་ས་གནས་ཉེན་རྟོག་མི་སྣས་མེ་བསད་རྗེས་སྨན་ཁང་དུ་འཁྲིད་ཡོད་ཀྱང་། ཕྱི་ཚེས་ ༦ ཉིན་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་འབྱོར་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཁོང་གི་བཟའ་ཟླ་འཛིན་བཟུང་དང་ནང་མི་གཞན་ལ་དམ་དྲག་ཤུགས་ཆེར་བྱས་ཡོད་འདུག

 

གསར་འགོད་པ། དོན་གོ

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད༽

མཆན། 7

  1. ཟླ་བ་བསྟན་འཛིན says:
    ལོ་ 11 སྔོན།

    བོད་རྒྱལ་ལོ

    Reply
  2. ཤག་སྒང་པ། says:
    ལོ་ 11 སྔོན།

    གུས་འདུད་རྟག་ཏུ་ཡོད། བོད་ཁམས་རྒྱལ་གྱུར་ཅིག

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    6. མཁའ་དབྱིངས་དང་ཆོས་འཕེལ།

    ༢༠༡༡ ༡༠འི་༧ ཉིན་གྱི། །
    སྔ་དྲོའི་ཆུ་ཚོད་ ༡༡ ཕྱེད་ཀའི་སྟེང་། །
    རང་ལོ་ ༡༩ ཡིན་པའི་ཆོས་འཕེལ་དང་། །
    རང་ལོ་ ༡༨ ཡིན་པའི་མཁའ་དབྱིངས་གཉིས། །
    རྔ་པ་རྫོང་གི་ཁྲོམ་དུ་ངོ་རྒོལ་སྐད་འབོད་བྱས།

    7. ནོར་བུ་དགྲ་འདུལ།

    ༢༠༡༡ ༡༠འི་༡༥འི་ཉིན། །
    སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ། །
    རྔ་པ་རྫོང་གི་རང་ལོ་ ༡༩ པ། །
    ནོར་བུ་དགྲ་འདུལ་ངོ་རྒོལ་སྐད་འབོད་བྱས། །

    8. བསྟན་འཛིན་དབང་མོ།

    ༢༠༡༡ ༡༠འི་༡༧ ཉིན། །
    ཉིན་གུང་ཆུ་ཚོད་དང་པོ་ཡས་མས་སུ། །
    རྔ་པའི་བཙུན་དགོན་རང་ལོ་ ༢༠ ཅན་། །
    བསྟན་འཛིན་དབང་མོས་ལགས་ཀྱིས་ངོ་རྒོལ་སྐད་འབོད་བྱས། །

    9. ཟླ་བ་ཚེ་རིང་།

    ༢༠༡༡ ༡༠པའི་ ༢༥འི་ཉིན། །
    སྔ་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་། །
    དཀར་མཛེས་དགོན་པའི་ཟླ་བ་ཚེ་རིང་གིས། །
    ༸རྒྱལ་བ་རིན་པོ་ཆེ་བོད་ཡོངས་ལ། །
    གདན་འདྲེན་ཞུ་དགོས་ཞེས་སོགས་སྐད་འབོད་བྱས། །

    ༡༠༽ དཔའ་ལྡན་ཆོས་མཚོ།

    ༢༠༡༡ ༡༡འི་༣ ཉིན་གྱི། །
    བོད་ནང་ཆུ་ཚོད་ ༡༢ སྐར་མ་ ༥༠ ཙམ། །
    བྲག་དཀར་བཙུན་མ་དཔའ་ལྡན་ཆོས་མཚོ་ཡིས། །
    བོད་ལ་རང་དབང་དགོས་སོགས་སྐད་འབོད་ནང་། །
    ༸གོང་ས་མཆོག་སྐུ་ཁྲི་ལོར་བརྟན་པར་ཤོག །
    ༸གོང་ས་མཆོག་ཁོང་བོད་ལ་གདན་འདྲེན་དགོས། །
    ཞེས་སོགས་སྐད་འབོད་བྱེད་བཞིན་རང་ལུས་ལ། །
    མེ་སྤར་ངོ་རྒོལ་སྐད་འབོད་བྱས་ནས་གྲོངས། །

    ༡༡༽ བསྟན་འཛིན་ཕུན་ཚོགས།

    ༢༠༡༡ ༡༢པའི་ ༡ ཉིན་གྱི། །
    སྔ་དྲོ་ཁམས་ཀྱི་ཆབ་མདོ་ཀརྨ་ཐང་གྲོང་དུ། །
    རང་ལོ་ ༤༦ ཡིན་པའི་བསྟན་འཛིན་ཕུན་ཚོགས་ཀྱིས། །
    རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ། །
    ངོ་རྒོལ་སྐད་འབོད་བྱས་ནས་རང་སྲོག་དོར། །
    ཕྱིས་སུ་རྒྱ་ནག་གཞུང་གིས་ཁོང་གི་བཟའ། །
    ཟླ་འཛིན་སོགས་བཟུང་གར་སོང་མེད་གྱུར། །

    Reply
  4. གནམ་ལྕགས། says:
    ལོ་ 11 སྔོན།

    བོད་ནང་ནས་བྱུང་བའི་གནས་ཚུལ་གཅིག་བུ་རེད་དེ། འདི་འདྲའི་སྐབས་སུ་གསར་འགྱུར་གྱི་མཇུག་ཏུ་ལྡི་ལིའི་ཤེས་རབ་ཚེ་རྡོར་གྱི་གནས་ཚུལ་ལ་ཡང་གསལ་བཤད་ཏོག་ཙམ་གནང་རྒྱུ་གལ་ཆེ། དེ་མ་གཏོགས་ཁ་ཉིན་གྱི་བཀའ་ཁྲིས་བཀྲ་བྷེ་བོར་བ་འདྲ་ཞིག་མི་ཆགས་པའི་ངེས་པ་མི་འདུག

    Reply
  5. གནམ་ལྕགས། says:
    ལོ་ 11 སྔོན།

    འདིའི་ནང་དུ་ལྡི་ལི་ནས་བཏང་བའི་གནས་ཚུལ་དེར་མ་ཚུད་པ་ཅི་ཡིན་ནམ།

    Reply
  6. གནམ་ལྕགས། says:
    ལོ་ 11 སྔོན།

    དཔའ་བོ་དཔའ་མོ་འདི་དག་གི་གཟི་བརྗིད་ལ་ནམ་ཡང་ཉམས་པ་མེད།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    1. ཕུན་ཚོགས།

    ༢༠༡༡ ༣པའི་༡༦ ཉིན། །
    ཕྱི་དྲོའི་ཆུ་ཚོད་ ༤ ཙམ་ལ། །
    རྔ་པའི་ཀིར་དགོན་གྲྭ་པ་ལོ་༢༠། །
    ཕུན་ཚོགས་ལགས་ཀྱིས་ངོ་རྒོལ་སྐད་འབོད་བྱས། །

    2.ཚེ་དབང་ནོར་བུ།

    ༢༠༡༡ ༨པའི་༡༥འི་ཉིན། །
    ཉིན་གུང་ཆུ་ཚོད་ ༡༢ ཙམ། །
    ཁམས་རྟའུ་དགོན་པའི་རང་ལོ་ ༢༩། །
    ཡིན་པའི་ཚེ་དབང་ནོར་བུས་ངོ་རྒོལ་བྱས། །

    3.བློ་བཟང་དཀོན་མཆོག་དང་བློ་བཟང་སྐལ་བཟང་།

    ༢༠༡༡ ༩པའི་༢༦ ཉིན། །
    སྔ་དྲོའི་ཆུ་ཚོད་ ༡༠ ཡས་མས་སུ། །
    ཀིར་དགོན་རང་ལོ་ ༡༨ ཡིན་པའི་གྲྭ །
    བློ་བཟང་སྐལ་བ་བཟང་པོ་དང་། །
    རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་། །
    དཀོན་མཆོག་གཉིས་ཀྱིས་ངོ་རྒོལ་སྐད་འབོད་བྱས། །

    5.སྐལ་བཟང་དབང་ཕྱུག

    ༢༠༡༡ ༡༠པའི་༣ ཉིན་གྱི། །
    བོད་ནང་ཉིན་རྒྱབ་༢པ་ཡས་མས་སུ་། །
    རྔ་པའི་དགོན་པའི་ ༡༧ ཡིན་པའི་གྲྭ །
    སྐལ་བཟང་དབང་ཕྱུག་ལགས་ཀྱིས་ངོ་རྒོལ་བྱས། །
    ….. 6. 7. 8. 9. 10………

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist