མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྭ་རྒྱ་དགོན་པར་དམ་དྲག

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp


གཟའ་ལྷག་པའི་ཉིན་མགོ་ལོག་རྭ་རྒྱ་དགོན་གྲོང་གཉིས་སུ་སྦྱར་ཡིག་བཀྲམས་ཡོད་སྟབས། ཉིན་འདི་གར་ཉེན་རྟོག་པ་འབྱོར་ཏེ་གྲྭ་བ་ཚོར་འདུག་ཚོད་མ་ཟིན་ཚེ་དགོན་པ་སྒོ་རྒྱག་རྒྱུ་ཡིན་ཚུལ་བརྗོད་འདུག

 

རྭ་རྒྱ་བློ་དབང་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། ཨ་མདོའི་རྩིས་ལོ་ལྟར་ད་ལོའི་དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས། མགོ་ལོག་རྨ་ཆེན་རྫོང་རྭ་རྒྱ་དགོན་པའི་ཚོགས་ཆེན་འདུ་ཁང་ཡང་ཐོག་ཏུ་༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་ནས་བཟུང་། རྨ་ཆེན་རྫོང་སྲིད་གཞུང་གི་བཀོད་ཁྱབ་ལྟར་རྭ་རྒྱ་དགོན་པར་ཚོགས་འདུ་བསྟུད་མུར་ཚོགས་ཏེ་འདྲི་གཅོད་བྱས་ཤིང་། དགོན་འོག་གི་ལྷ་སྡེ་མི་མང་ཁྲོད་མི་ཤི་གོད་ཆག་རིགས་བྱུང་ཡང་དགེ་སྒྲུབ་བྱེད་དུ་འགྲོ་མི་ཆོག་པ་བཟོས་ཏེ། རྒྱུན་ལྡན་ཆོས་ཀྱི་བྱེད་སྒོ་ཁག་དང་དགེ་འདུན་པའི་སློབ་གཉེར་སོགས་ལ་བར་ཆད་ཆེན་པོ་བཟོས་ཡོད་ཀྱང་། ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༨ ཉིན་མགོ་ལོག་སྟོང་སྐྱབས་དགོན་པའི་བླ་མ་བསོད་བྷོ་རིན་པོ་ཆེ་མཆོག་གིས་སྐུ་ལུས་མེར་བསྲེགས་བཏང་བའི་ཕྱི་ཉིན་སྟེ་ཚེས་ ༩ ཉིན་ནས་བཟུང་ཚོགས་འདུ་དང་འདྲི་གཅོད་གནས་སྐབས་མཚམས་བཞག་ཡོད་ཀྱང་། ཕྱི་ཚེས་ ༢༥ ཉིན་སླར་ཡང་རྭ་རྒྱ་དགོན་གྲོང་གི་སྲང་བར་ཁག་ཏུ “ ༧གོང་ས་མཆོག་བོད་ལ་ཕེབས་དགོས། བོད་ལ་རང་དབང་དགོས” སོགས་ཀྱི་སྦྱར་ཡིག་བཀྲམས་ཡོད་སྟབས། ཡང་བསྐྱར་རྒྱ་ནག་གི་ཉེན་རྟོག་པ་དང་ལས་བྱེད་མི་སྣ་མང་པོ་བསླེབས་ཏེ་ཚོགས་འདུ་བསྡུས་ཤིང་འདྲི་གཅོད་མགོ་འཛུགས་བྱས་ཡོད་འདུག

སྲིད་གཞུང་གི་ལས་དོན་རུ་ཁག་དེ་དག་གིས་དགོན་པའི་བླ་མ་དང་ལས་སྣེ་ཚོར་འཇིགས་བསྐུལ་གྱིས་དགོན་པ་འདིར་གནས་ཚུལ་ཅི་བྱུང་རུང་འགན་ཁྱེད་ཚོས་འཁུར་དགོས་ཚུལ་བརྗོད་ཡོད་ཀྱང་། དགོན་པའི་ལས་སྣེ་ཚོས་རྙོག་དྲ་ཡོངས་རྫོགས་ཁྱོད་རང་ཚོས་བཟོས་ཏེ་འགན་ང་ཚོས་འཁུར་དགོས་པ་དེ་འདྲ་ཞིག་ཡོད་པ་མ་རེད། གནས་ཚུལ་ཅི་ཞིག་བྱུང་ཡང་འགན་ཁྱེད་རང་ཚོས་འཁུར་དགོས་ཞེས་ལན་སྤྲད་ཡོད་འདུག་ལ། ད་ལྟ་དགོན་པའི་སྲང་བར་ཀུན་ཏུ་ལྟ་སྲུང་རྒྱང་ཤེལ་བཙུགས་ཏེ་ཉིན་མཚན་མེད་པར་དམག་མི་དང་ཉེན་རྟོག་པ་ཚོས་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་པ་དང་། རྒྱ་མིའི་དཔོན་རིགས་ཚོས་མི་རིང་བར་ཀིརྟི་དགོན་པ་སྒོ་རྒྱག་རྒྱུ་རེད། ཁྱོད་ཚོས་ཀྱང་འདུག་ཚོད་མ་ཟིན་པར་རྙོག་དྲ་བཟོས་པ་ཡིན་ན་དགོན་པ་སྒོ་རྒྱག་ངེས་ཡིན་སྐོར་བརྗོད་དེ་འཇིགས་སྐུལ་བྱེད་བཞིན་ཡོད་འདུག 

མཆན། 3

  1. ཤིང་ལོ། says:
    ལོ་ 11 སྔོན།

    རྭ་རྒྱ་འདི་ཡང་རྒྱ་ནག་གིས་མཐོང་མི་ཉན་ནི་ཞིག་ཡིན།
    ངོ་མའི་དཔའ་སྟོབས་དང་ལ་རྒྱ་ཆེ་ས། བསམ་དོན་འགྲུབ་པར་ཤོག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ཟླ་འདིའི་ཕྱི་ཚེས་ ༨ ཉིན་མགོ་ལོག་སྟོང་སྐྱབས་དགོན་པའི་བླ་མ་བསོད་བྷོ་རིན་པོ་ཆེ་མཆོག་གིས་སྐུ་ལུས་མེར་བསྲེགས་བཏང་བས་ན། ཟླ་བ་གཅིག་ཏག་ཏག་ཕྱིན་རྗེས་ཀྱི་ཕྱི་ཟླ་གཉིས་པའི་ཚེས་ ༨ ཉིན་གྱི་བཀའ་ཁྲིས་བཀའ་བཀོད་ལྟར་བོད་དོན་ལས་འགུལ་ནང་ལ་བོད་མི་འབོར་ཆེན་འཛོམས་ཐུབ་པའི་རེ་བ་དང་། རེ་བསྐུལ་ཞུ་རྒྱུ་ལགས།

    Reply
  3. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 11 སྔོན།

    དགོན་པ་སྒོ་རྒྱག་འཇུག་རྒྱུ་འདི་གྲུབ་འབྲས་ཡག་པོ་ཞིག་རེད། བརྩོན་རོགས།

    Reply

Leave a Reply to ཤིང་ལོ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist