མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མས་འཇིགས་སྐུལ་པར་དྲག་གནོན་བྱ་འཆར།

བོད་ཀྱི་དུས་བབ།
༢༠༡༢/༠༡/༣༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་པཱ་ཀི་སི་ཐན་ནང་གི་ཨོལ་ཁོ་ཊ་སོགས་འཇིགས་སྐུལ་རིང་ལུགས་པའི་ཤོག་ཁག་སྟེང་དྲག་གནོན་བྱ་གཏན་འཁེལ་པའི་ཁྱབ་བསྒྲགས་བྱས་འདུག

ཕྱི་ཚེས་ ༣༠ ཉིན་གྱི་ཁྱབ་བསྒྲགས་སྐབས་ཨོ་བྷ་མས་ཨ་རིའི་ངོས་ནས་ཨོལ་ཁ་ཊ་སོགས་དྲག་སྤྱོད་པའི་སྟེང་དྲག་གནོན་བྱ་རྒྱུ་དེ་ལས་འགན་ཆེ་ཤོས་ཤིག་ཡིན་པ་མ་ཟད། ངེས་པར་དུ་བསྒྲུབ་དགོས་པའི་ཨ་རིའི་གཞུང་གི་འགན་འཁྲི་ཞིག་ཀྱང་ཡིན་པ་དང་། གལ་ཆེ་ཤོས་དྲག་སྤྱོད་པའི་སྟེང་དྲག་གནོན་བྱ་སྐབས་ཕྱོགས་ཡོངས་ནས་གཟབ་ནན་བྱ་དགོས་པ་དེ་ཡིན་པར་བརྗོད་འདུག

ཉིན་དེའི་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཁྱབ་བསྒྲགས་སྤེལ་བའི་ནང་། ད་སྔ་ཨ་རིའི་གཞུང་གི་ངོས་ནས་དྲག་སྤྱོད་པ་གང་དུ་ཡོད་པ་དེར་ཁ་གཏད་དང་། འཇིགས་སྐུལ་རིང་ལུགས་པ་ཚར་གཅོད་བྱ་རྒྱུར་རྒྱུ་དངོས་གང་ཐད་ནས་ནུས་པ་བཏོན་ཡོད་ལ། ཁྲིམས་མེད་ལུགས་མེད་ཀྱི་པཱ་ཀི་སི་ཐན་ནང་གི་ས་ཁུལ་མང་པོ་ཞིག་ཨོལ་ཁ་ཊ་སོགས་དྲག་སྤྱོད་ཤོག་ཁག་གིས་བཟུང་ཡོད་སྟབས།ས་ཁུལ་དེ་དག་ནང་ཨ་རི་གཞུང་གིས་དྲག་གནོན་བྱ་རྒྱུ་ཡིན་པར་གཏན་འཁེལ་གྱི་ཁྱབ་བསྒྲགས་བྱས་ཡོད།

ལོ་སྔོན་མའི་ནང་ཨ་རིའི་དྲག་ཆས་དམག་པཱ་ཀི་སི་ཐན་ནང་གསང་པའི་སྒོ་ནས་འཛུལ་ཏེ་བྷེན་ལཱ་ཊན་དམར་གསོད་བཏང་པ་སོགས་ཐེངས་མང་པོར་པཱ་ཀི་སི་ཐན་གྱི་རྒྱལ་ཁོངས་སུ་འཛུལ་སྟབས། ༢༠༡༡ ལོའི་ལོ་མཇུག་ཏུ་པཱ་ཀི་སི་ཐན་གཞུང་གིས་ཨ་རི་སོགས་ལ་པཱ་ཀི་སི་ཐན་གྱི་ཆོག་མཆན་མེད་པར་རྒྱལ་ཁོངས་སུ་འཛུལ་ཚེ། པཱ་ཀི་སི་ཐན་དམག་གིས་ཐད་གར་དྲག་རྒོལ་བྱ་ཆོག་པའི་བཀའ་འཁྲོལ་གནང་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 4

  1. ནད་པ says:
    ལོ་ 14 སྔོན།

    སྟོབས་ཤུགས་གང་ཡང་མེད་པའི་པྰ་ཀི་སེ་ཐེན་དེར་མཚོན་ན་རང་ཉིད་ཀྱི་དཔང་དུ་ཨ་རིར་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པའི་དྲག་སྤྱོད་རིང་ལུགས་པའི་རྟེན་གཞི་གསར་འཛུགས་བྱེད་དུ་བཅུག་པ་དེར་རྒྱུ་མཚན་ངེས་ཅན་ཡོད།

    སྐུ་ཞབས་ནག་པོ་འདི་བརྒྱབ་ལ་ཆེས་སྟོབས་ཤུགས་ཆེ་བའི་ཨ་རིའི་དམག་དཔུང་དང་། གོ་མཚོན། རྒྱུ་ཤུགས། མི་ཤུགས། ནུས་ཤུགས་སོགས་ཕྱོགས་ཡོངས་ནས་སུ་ཀྱང་འགྲན་འཐབ་མེད་པ་ཞིག་ཡོད།

    སྐུ་ཞབས་བློ་རིག་གྲུང་བའི་བུ་ཕྲུག་གཅིག་ཡིན་སྟབས། པྰ་ཀེ་སི་ཐེན་ལ་དེ་འདྲའི་དཔའ་དང་བློ་ཁོག་གཅིག་གང་ནས་རྙེད་པ་ཡིན་ནམ། ཞེས་ཚིག་འདི་དྲི་རྟགས་ཆེན་པོ་ཞིག་རེད།

    དེའི་བརྒྱབ་ལྗོངས་སུ་ཨ་རིར་ཐད་ཀར་འགྲན་རྩོད་བྱེད་ཀྱིན་པའི་རྒྱ་ནག་འདི་མི་མངོན་པའི་བརྒྱབ་ནས་ངན་ཇུས་ཆ་ཚང་བྱས་དང་བྱེད་བཞིན་པ་དེ་རེད། ད་ལྟ་ཨ་རིིའ་དམག་གི་གཙོ་ཤུགས་ཀྱི་ཁ་ཕྱོགས་ལྷོ་ཤར་ཨེ་ཤ་ཡའི་ནང་དུ་ཁ་བསྒྱུར་བྱས་པ་དེས་རྒྱ་ནག་འདིར་ཐད་ཀར་ཉེན་ཁའི་གནས་སྟངས་གཅིག་མིག་ཟུར་གཅིག་བལྟས་པ་རེད།

    ཨ་རྒྱ་གཉིས་ཀྱི་འགྲན་རྩོད་ལས་ང་ཚོས་ལྟད་མོ་གཅིག་མཐོང་ངེས་ཡིན།

    Reply
  2. ཐོ་རེངས། says:
    ལོ་ 14 སྔོན།

    སྲིད་ཨོ་བྷ་མ་ནས་འཇིགས་སྐུལ་པ་ལ་རྡུང་ལེན་དགོས་ཚུལ་འདི་ནི་འཛམ་གླིང་སྤྱིའི་བདེ་འཇགས་དང་། ལྷག་པར་ཨ་རི་རང་གི་ཉེན་སྲུང་ཞིག་རེད།
    རྒྱ་ནག་སྲིད་གཞུང་འདི་ཉིད་ནི་འཇིགས་བསྐུལ་བ་ཞིག་ཡིན་པ་སུས་ཀྱང་ཁས་ལེན་གྱིན་མེད་ལ། དེར་མ་ཟད་ལོ་རྗེས་མར་ཨ་རིའི་སྲིད་འཛིན་གྲོས་ཚོགས་གོང་མར་ཐོབ་ན། རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་སྔར་ལས་ཅེ་ཆེར་གཏོངས་འཆར་ཡོད། ཕར་ཆེར་ཡག་པོ་རེད། འཛམ་གླིང་ལ་བདེ་འཇགས་འོང་ན་བོད་ལའང་ཡར་རྒྱས་འགྲོ་སྲིད་པ་རེད།
    གང་ལྟར་བོད་རྒྱའི་དཀའ་ངལ་དེ་བོད་རང་གི་སེལ་ཐབས་དགོས་པ་རེད།
    བོད་སྐུ་དྲག་རང་ལུགས་ཀྱིས་འཀའ་ངལ་འདི་ད་ལྟ་ང་ཚོར་བཞག་པ་རེད། བོད་རེ་བས་འཕོངས། ། རྒྱ་དོག་པས་འཕོངས། །

    Reply
  3. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    རྒྱ་ནག་གཞུང་གིས་བྷུའུ་ཤིའི་སྐབས་ཀྱི་བུ་ལོན་རྣམས་ཁྱེད་ཀྱི་གཞུང་ཆབ་སྲིད་ཀྱི་ཚོང་རྒྱབ་ཆོག་པའི་འདོད་པ་བསྟན་འདུག་པ་དེ། འཇིགས་སྐུལ་མིན་ན་ཅི་ཞིག་ཡིན་ནམ། རྒྱ་ནག་གི་ཞི་དྲག་གི་འཇིགས་སྐུལ་ལ་ག་རེ་གནང་རྩིས་ཡོད་དམ།

    Reply
  4. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    སྐུ་ཞབས་ནག་རིལ་ཨའོ་བྷ་མ་ལགས། རྒྱ་ནག་གཞུང་འདི་བ་མངོན་པར་མི་གསལ་བའི་དྲག་སྤྱོད་པ་ཡིན་ཁྱེད་ནས་མཁྱེན་གསལ་ལྟར་ལགས་པས། དེ་ག་རེ་བྱ་རྩིས་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese