མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསེར་རྟར་བོད་མི་ ༣ གྱིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་གསེར་རྟ་རྫོང་ཕུ་འུ་ཡུལ་ཚོ་རུ་བོད་མི་གསུམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་བཏང་ཡོད་ཅིང་། ཁོང་ཚོའི་ཁྲོད་བོད་མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་འདུག

འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཚེས་ ༣ ཉིན་གསེར་རྟ་རྫོང་ཕུ་འུ་ཡུལ་ཚོ་ཞོ་སང་སྡེ་བའི་རང་ལོ་ ༦༠ ཡས་མས་ཡིན་པའི་ཚབ་ཚའི་ཚེ་རིང་ལགས་དང་། འབུམ་ཤུལ་སྡེ་བའི་རང་ལོ་ ༣༠ ཡས་མས་ཡིན་པའི་སྐྱ་རིས་ལགས། དེ་བཞིན། མིང་དང་ས་གནས་སོགས་གསལ་པོ་ཤེས་རྟོགས་བྱུང་མེད་པའི་གཞན་གཅིག་བཅས་བོད་མི་ ༣ གྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཁོང་ཚོའི་ཁྲོད་ཀྱི་མིང་དང་ས་གནས་གསལ་བོ་ཤེས་ཐུབ་མེད་པའི་བོད་མི་དེ་འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། ཉིན་འདི་གར་གསེར་རྟ་རྫོང་དུ་རྒྱ་དམག་འགྲེམས་འཇོག་གིས་དམ་དྲག་བྱས་ཡོད་པ་དང་། བརྒྱུད་ལམ་སོགས་ཀྱང་བཀག་སྡོམ་བྱས་ཡོད་སྟབས་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་འདུག

གཞན། ཕྱི་ཟླ་ ༡ ཚེས་ ༡༨ ཉིན་གསེར་རྟ་རྫོང་ཕུའུ་ཤང་དུ་རླུང་རྟའི་རྒྱབ་ངོས་སུ་བོད་ཀྱི་རྒྱལ་དར་དང་། དེའི་མཐའ་སྐོར་དུ་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག བོད་རྒྱལ་ལོ་སོགས་བཀོད་ཡོད་པའི་ཡིག་ཆ་དེ་བསྐྱར་དུ་ས་གནས་གང་སར་གཏོར་འགྲེམས་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༢ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

༢༠༢༦/༠༤/༢༢

མཆན། 12

  1. ནད་པ says:
    ལོ་ 14 སྔོན།

    ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོང་སྔོན།།
    བོད་ལྗོངས་ཆབ་སྲིད་མངའ་དབང་དཔལ་རྫོགས་ཡོད།།
    བལྟད་ངན་ཆོས་སྲིད་ར་མ་ལུག་ཟུང་འོག།
    བོད་ཕམ་རྒྱ་རྒྱལ་ཡ་ངའི་གནས་སྟངས་ཤར།།

    འདི་དག་རང་སྡུག་རང་གིས་མྱོས་པ་ལས།།
    མཐའ་གཅིག་རྒྱ་ལ་དམོད་པའང་མི་རིགས་ཏེ།།
    ད་ནས་སྲིད་དབང་དམངས་ལ་ཐོབ་པ་དེ།།
    བོད་ལྗོངས་རིམ་བཞིན་དར་བའི་སྔ་བལྟས་ལགས།

    ད་ལྟའི་སྐབས་སུ་རང་ཉིད་ཉམ་ཆུང་གི།
    གནས་བབ་འདི་ལ་གཅེས་སྤྲད་ལེགས་བསམ་ནས།།
    སྲིད་དཔལ་རིག་ཆོས་ཆབ་དམངས་རྒྱ་བསྐྱེད་ན།།
    མ་འོངས་ལོ་བརྒྱ་དང་ཉིས་བརྒྱའི་མཚམས།།
    གཞི་ནས་བོད་དར་མཁའ་ལ་བསྒྲེངས་ཐུབ་སྙནམ།།

    འོན་ཆབ་དམངས་ཉུང་ན་བྱེད་ཐབས་མེད།།
    ཆེན་པོ་རྒྱ་ལྟར་མི་འབོར་མ་བྱུང་ནའང་།།
    གང་མཚམས་ཆབ་དམངས་དུང་ཕྱུར་གཅིག་གཉིས་དགོས།།
    དེ་འདྲ་བྱུང་ན་གཞི་ནས་སླར་གསོ་ཐུབ།།

    ད་མི་མི་རྒོད་ཆགས་འདི་རྣམས་ཀྱང་།།
    གཅིག་ནས་བསམས་ན་ཆོ་མེད་སྡུག་སྒྱོང་རེད།།
    གཞན་ནས་བསམས་ན་དེ་ཡང་བརྒྱུད་གཅིག།
    རིམ་བཞིན་བརྒྱུད་དེ་བོད་འབངས་དར་བར་ངེས།།

    Reply
  2. བཀྲ་ཤིས། says:
    ལོ་ 14 སྔོན།

    མི་གསུམ་གྱི་རང་ལུས་མེར་སྲེག་བཏང་བ་ཡང་གསར་འགྱུར་ཟུར་ངོས་སུ་བཞག་འདུག གནད་དོན་འདི་དོན་དག་ཆུང་ཆུང་ཞིག་ངོས་འཛིན་བྱས་འདུག གསར་འགྱུར་མདུན་ངོས་སུ་བཞག་ན་གལ་ཆེན་ཡི་པ་མཚོན

    Reply
  3. མནར་མེད་པ། says:
    ལོ་ 14 སྔོན།

    འཚེ་བ་མེད་པ་ནང་པ་སངས་རྒྱས་སྤྱོད་པ་ཡིན་ན། རྟེན་ཅིང་འབྲེལ་འབྱུང་ནང་པ་སངས་རྒྱས་པའི་ལྟ་བ་ཡིན་ན། བོད་མི་ནང་པ་སངས་རྒྱས་པའི་རིགས་གནས་ཡིན་ན། རང་སྲོག་རང་གིས་གཅོད་པ་ནི་འཚེ་བའི་ཐ་ཐུགས་ཡིན་པས། ཐབས་ལམ་གཞན་ཞིག་འཚོལ་རོགས། བོད་མི་རྣམས། སྤུན་ཟླ་ཚོ།

    Reply
  4. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ད་ནི་མི་ཉི་ཤུ་རྩ་གཅིག་ལ་སླེབ་སོང་། ཡ་ང་བ་ལ། ཡི་མུག་པ་ལ། གཟུ་བོར་གནས་པའི་འཛམ་གླིང་གི་མི་བུ་ཚོས་མཐོང་གི་ཡོད་ན?

    སྟོབས་ཆེན་རྒྱལ་ཁབ་ཁ་དབང་དང་ཉམས་དམས་ལ་གཟིགས་པའི་སྲིད་འཛིན་ཚོས་མཐོང་གི་ཡོད་ན?

    ཤ་ཚ་དང་སྙིང་རྗེ་ཡོད་པའི་ཤེས་ཡོན་ཅན་ཚོས་བོད་མིའི་སྐྱིད་སྡུག་འདི་མཐོང་གི་ཡོད་ན?

    རྒྱལ་ཞེས་དང་ཆོད་སེམས་ཆེ་བའི་དཔའ་བོ་ཚོ་ལ་སྙིང་ནས་གུས་འདུད་དང་འདས་པོ་ཡོངས་ལ་སྙིང་ནས་གདུང་སེམས་མཉམ་དུ་བྱེད་ཀྱིན་ཡོད།

    ཁྱེད་རྣམ་པའི་བློ་སྟོབས་ནི་ཚད་ལས་བརྒལ་བའི་དཔའ་བོ་རྐྱང་གཅིག་རེད། ཁྱེད་རྣམས་ཀྱི་མཛད་རྗེས་ལ་གསེར་གྱི་ཡི་གེ་ཤུལ་ལུས་རྣམས་ཀྱི་བྲི་གི་ཡོད་ལ། མཆི་མའི་ངུ་ཕྲེང་དང་། སྐྱབས་སྨོན་གྱི་འབོད་སྒྲ་སྒྲོག་བཞིན་ཡོད།

    ཁྱེད་རྣམས་པའི་ཐུགས་འདོད་རྣལ་མ་དེ་མ་འགྲུབ་བར་གཞིས་བྱེས་བོད་མི་ཡོངས་ཀྱི་དུས་ནམ་ཡང་མཚམས་བྱེད་ཀྱི་མིན། དཔའ་བོ་ཚོ་ཡིད་མ་ཕམ། བླ་བདེ་པོ་གནང་རོག་ཞུ།

    Reply
  5. གྲགས་བསོད་ says:
    ལོ་ 14 སྔོན།

    ཁྱེད་ཅག་གི་སྙིང་སྟོབས་དང་ལྷག་བསམ་མི་རིགས་ལ་ཆགས་པའི་ཞེ་ཁོག་དབྱར་ཀའི་མེ་ཏོག་དེ་སྟོན་ཁ་སེར་གྱིས་བཅོམ་པ་རེད། ཨེ་ཤེས་བོད་མི་ཚོ་ད་ང་ཚོས་སྡུག་བསྔལ་གང་འདྲ་བྱས་བྱེད་དགོས་སོ།

    Reply
  6. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    འབྲོང་གཡག་བཙན་པོའི་སྙིང་རྩ་།
    སྔོན་གཤེགས་བཙན་པོའི་གདུང་བརྒྱུད།
    རྒྱལ་སྲས་དཔའ་བོ་རྣམ་གསུམ།
    བདག་གིས་གུས་ཤིང་བསྟོད་དོ།

    Reply
  7. མི་རབས་གསར་པ་ says:
    ལོ་ 14 སྔོན།

    མཐོ་སྒང་གི་དཔའ་འོ་ཁྱོད་ཀྱི་སྙིང་སྟོབས་ནི་སུ་ཞིག་གིས་འགྲན་ཐབས་མེད་
    ཁྱོད་ཀྱི་ལེགས་སྐྱེས་ནི་སྲིད་གསུམ་འགྲོ་བའི་མགོན་སྐྱབས་ཡིན།
    གུས་པས་ཐོག་པ་ས་ལ་ཏུག་ནས་ཁྱོད་ལ་གུས་འདུད་ཞུ།
    གུས་པའི་མི་ཚེ་ལྷག་མ་ཡོངས་རྗོགས་ཁྱོད་མིག་དཔེ་ལྟ།
    ཁྱོད་ཀྱི་གཟུགས་པོ་ས་ལ་ལྷུང་ཀྱང་།
    རྣམ་ཤེས་འཛམ་གླིང་ལ་ཁྱབ་ཡོད།
    སྤུན་ཟླ་ལ་ཁྱོད་ནི་ང་ཚོའི་རྣམ་ཤེས་སྲོན་པོ་དང་མི་ཚེ་ཡི་རིན་ཐང་ཡིན།།

    Reply
  8. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    རྒྱ་གཞུང་གི་གནས་བོད་མིའི་བསམ་བློ་དང་རིགས་གཞུང་སོགས་གང་ཅི་ཐད་ནས་བཟོ་ཐབས་བྲལ་བ་བཟོས་པ་འདིས་བོད་རྒྱ་མི་རིགས་དབར་བཟོ་ཐབས་བྲལ་བའི་འགལ་ཟླ་ཆེད་བཟོ་བྱས་རྐྱེན་རེད།

    Reply
  9. ཤར་མདའ། says:
    ལོ་ 14 སྔོན།

    དཔའ་རྒོད་ཚོ་ཁྱེད་ཚོས་འདི་ལྟར་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་བསྲེགས་གནང་ཡོད་འདིའི་ང་ཚོ་ཡུལ་གྱིར་བ་ཚོ་སྙིས་ངོ་ཚ་ཁ་སྐྱེངས་དགོས་པ་ཞིག་རེད།   ཁྱེད་ཚོས་འོད་སྟོང་ལྡན་རླབས་ཆེན་གྱི་བྱས་རྗེས་ལ་སྙིང་ཁུངས་རུས་པའི་སྟེངས་ནས་གུས་ཞབས་དང་ཡི་རིང་ཡོད་འདི་ལྟར་དཔའ་རྒོད་ཚོ་གཅིག་གཅིག་གཉིས་གཉིས་བཞིན་ཚར་སོང་ན་ད་ཕངས་སེམས་མི་སྐྱེ་མཁན་ཞིག་ཡོད་དམ།  སྤུན་ཟླ་ཚོ་ཁྱེད་ཚོས་རྒྱབ་ཏུ་བོད་མི་ས་ཡ་དྲུག་གི་མྱ་ངན་བྱེད་ཀྱི་ཡོད།

    Reply
  10. ཁམས་པ། says:
    ལོ་ 14 སྔོན།

    ཅི་འདྲའི་ཕངས་པ་ཞིག་རེད། ད་ཅི་བྱས་ན་དགའ།

    Reply
  11. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    ངོ་མ་ཁྱེད་ཚོ་ནི་ས་ཆེན་པོའི་རྩེ་ཐོག་གི་དཔའ་བོ་འཁྲུལ་མེད་ཡིན་ལ། ཚེ་སྲོག་འདྲ་མཉམ་དུ་ལྟ་བའི་མིའི་རིགས་ཀྱི་དཔའ་བོའི་ཡང་རྩེ་ཡང་ཡིན། ཁྱེད་ཅག་གི་སྙིང་སྟོབས་དང་སྤོབས་པ་དེས་ངོ་མ་མཐའ་མི་མངོན་པའི་གནས་ལུགས་དང་རྒྱུ་མཚན་གྱིས་ཕྱུགས་པའི་དག་ཞིང་ཞིག་ལ་ཕྱག་གཡུག་བྱེད་ཀྱིན་འདུག་ལ། གོ་ལ་འདི་ང་ཚོ་ཐུན་མོང་གི་ཁྱིམ་གཞི་ཡིན་པའི་གནས་ལུགས་ཤིག་ཚེ་སྲོག་གིས་འབོད་ཀྱིན་འདུག་པས། ཁྱེད་ཚོ་ནི་བདག་གི་ཁོག་པའི་སྙིང་ཟེར་ན་ཁྱེད་ཚོ་ཡིན་ལ། དཔྲལ་བའི་མིག་ཟེར་ནའང་ཁྱེད་ཚོ་ཡིན་པས། ད་ལྟ་ངོ་མ་གསར་འགྱུར་འདི་དག་གཅིག་རྗེས་གཉིས་མཐུད་དུ་དྲ་ལམ་ཁག་ནས་མངོན་ཡོང་དུས། དཔྲལ་བའི་མིག་དང་ཁོག་པའི་སྙིང་ཡང་བཏོན་སོང་བའི་སྣང་བ་ཞིག་སྟེར་འོང་གིན་འདུག ཡིན་ནའང་། སྟག་ཤར་ར་ཞིག་གི་རང་ཚུགས་ཡོད་པའི་ཁུལ་གྱིས་ཅུང་སྣང་བ་མཐོན་པོ་བྱས་ནས་བསྡད་ཡོད།

    Reply
  12. དཀར་མཛེས་གཉིད་དུང་། says:
    ལོ་ 14 སྔོན།

    དཔའ་བོ་ཁོ་གསུམ་ལ་ངས་སྙིང་ཁོག་རིག་པའི་གཏིང་ནས་བསྔགས་བརྗོད་དང་གུས་པ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese