མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པས་འཚེ་བ་བྱེད་ཀྱི་མེད།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་༧གོང་ས་མཆོག་གིས་རྒྱ་གར་དུས་བབ་གསར་འགོད་པའི་བཅར་འདྲི་དང་ལེན་སྐབས། བོད་ལ་ནང་ཆོས་མ་དར་གོང་བོད་མིས་འཚེ་བའི་ལས་བྱེད་ཀྱི་ཡོད་ཀྱང་། ནང་ཆོས་དར་རྗེས་བོད་མིས་འཚེ་བའི་ལས་རྣམས་ཡོངས་སུ་སྤངས་ཡོད་སྐོར་གསུངས་འདུག

རྒྱ་གཞུང་གིས་དྲག་གནོན་བྱས་མིན་ལ་མ་ལྟོས་པར་བོད་ནང་གི་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་བཏང་བཞིན་པའི་སྐབས་འདིར། རྒྱ་གར་དུས་བབ་ (The Times of India) གསར་ཁང་གི་གསར་འགོད་པ་ཧཱ་རེ་ལགས་བཞུགས་སྒར་ངྷ་སར་ཆེད་བཅར་གྱིས། ༧གོང་ས་མཆོག་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མིའི་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནད་དོན་ཐོག་བཀའ་འདྲི་ཞུས་སྐབས།  ༧གོང་ས་མཆོག་གིས་བོད་ནང་དུ་སངས་རྒྱས་པའི་ཆོས་མ་དར་གོང་། བོད་མི་ཚོས་མཚོན་ཆ་བེད་སྤྱོད་བྱས་ཏེ་འཚེ་བའི་ལས་སུ་ཞུགས་ཀྱི་ཡོད་ནའང་། བོད་ལ་སངས་རྒྱས་པའི་ཆོས་དར་བ་ནས་བོད་མི་ཚོས་སེམས་ཅན་གྱི་སྲོག་གཅོད་རྒྱུའི་འཚེ་བའི་ལས་རྣམས་ཡོངས་སུ་སྤངས་ཡོད་པ་མ་ཟད། ཐ་ན་འབུ་སྲིན་ཆུང་ཆུང་ཞིག་གི་སྲོག་གཅོད་རྒྱུར་ཡང་འཚེར་སྣང་བྱས་ཏེ། ཞི་བདེའི་ལམ་ཁར་འགྲོ་བཞིན་ཡོད། བྱམས་པ་དང་བརྩེ་བ། ཞི་བདེས་ཀུན་ནས་བསླངས་པའི་བཟང་སྤྱོད་དེ་བོད་མིའི་གོམས་གཤིས་དང་རིག་གཞུང་གི་ཉིང་བཅུད་དུ་གྱུར་ཡོད། ད་ལྟ་བོད་ནང་གི་བོད་མི་ཚོ་མི་འདོད་བཞིན་ཁོང་ཁྲོ་དང་འཇིཊ་སྣང་འོག་སྡོད་དགོས་བྱུང་ཡོད་ཀྱང་། བོད་མི་ཚོས་འཚེ་བའི་ལས་གང་ཡང་བྱེད་ཀྱི་ཡོད་པ་མ་རེད་ཅེས་གསུངས་འདུག

ཡང་གསར་འགོད་པས་༧གོང་ས་མཆོག་ལ་རྒྱ་གར་གྱི་ལྐོག་ཟ་རུལ་སུངས་སྐོར་བཀའ་འདྲི་ཞུས་སྐབས། རྒྱ་གར་ནི་ཆོས་དད་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཆགས་ཡོད་ཀྱང་། ལྐོག་ཟ་རུལ་སུངས་ཀྱི་དཀའ་རྙོག་ཁྱབ་བརྡལ་འགྲོ་བཞིན་པ་དེ་ཡ་རབས་བཟང་སྤྱོད་དང་རྒྱབ་འགལ་དུ་ཕྱིན་ཡོད་པ་རེད། ངོས་ཀྱི་བསམ་ཚུལ་ཡིན་ན། རྒྱ་གར་གྱིས་སྔོན་འགྲོའི་སློབ་གྲྭ་ནས་མགོ་འཛུགས་བྱས་ཏེ། གཞི་རིམ་མང་ཚོགས་དང་སྲིད་དོན་པ་ཚོའི་རྒྱུད་ལ་བདེན་རྫུན་གྱི་དབྱེ་བ་འབྱེད་ཐུབ་པའི་ཤེས་ཡོན་སྤྲོད་དགོས་ཀྱི་འདུག་ལ། ཤེས་ཡོན་དེའི་ཐོག་ནས་རང་ཉིད་ཀྱི་བཟང་སྤྱོད་ཡར་རྒྱས་གཏོིང་ཐུབ་པ་ཞིག་གནང་དགོས་ཞེས་གསུངས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༥ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 6

  1. མནར་མེད་པ། says:
    ལོ་ 15 སྔོན།

    ལུང་རྣ་ལྤགས་གཉིས་པོ་གར་འཐེན་མིན་ན། འཚེ་ཞེས་པའི་ངེས་ཚིག་ལ་སོམ་དང་། ངས་ནི་གནོད་པ་དང་འཚེ་བ་འདྲ་བོ་མཐོང་གི་འདུག རང་ཉིད་སྐད་འབོད་རྒྱག་པ་དང་མེ་བསྲེག་བཏང་བ་ལ་རྟེན་ནས་རང་གཞན་གཉིས་ཀ་ལ་གནོད་ཀྱིན་འདུག་མཐོང་ཆོས་མྱོང་གྱུར་འདི་ག་རང་རེད། འདི་ལ་གནོད་པ་དང་འཚེ་བ་མི་ཟེར་ན་འཚེ་བ་རྭ་ཅོ་ཅན་ཞིག་ཡོང་གི་མ་རེདསྙམ།

    Reply
  2. ནད་པ says:
    ལོ་ 15 སྔོན།

    སྤྱི་ལོ་ ༡༩༥༩ ལོ་ནས་བཟུང་ད་བར་བོད་མདོ་དབུས་ཁམས་གསུམ་ནས་ཕྱི་ནང་བོད་རིགས་སུས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནའང་དྲག་པོས་འཙེ་བའི་ཐོག་ནས་ནམ་ཡང་ད་བར་འགྲོ་མྱོང་མེད་པ་རེད།

    གཅིག་ནས་མགོན་པོ་གང་ཉིད་ཀྱིས་གསུངས་པ་ལྟར་སངས་རྒྱས་ཀྱི་ཆོས་དར་ནས་བཟུང་འཙེ་བའི་ལས་སྤང་བ་རེད་ལ། གཉིས་ནས་བོད་རིགས་ཚོར་རླབས་ཆེན་གྱི་དབུ་འཁྲིད་བླ་ན་མེད་པ་༸ གོང་ས་ཡོད་བཞིན་ནོར་བུའི་བཀའ་དགོངས་འོག་ཤར་བསྐྱོད་བྱས་ཡོད་པ་རེད།

    ༸གོང་ས་སྐུ་འཚོ་བཞིན་བཞུགས་པའི་སྐབས་སུ་བོད་ཀྱི་གནད་དོན་དེ་འཚེ་མེད་ཞི་བདེའི་ཁོ་ན་རེད་ཅེས་བརྗོད་ཆོག ཡིན་ནའང་༸ གོང་ས་མཆོག་མེད་པའི་སྐབས་ཤིག་ནས་བོད་ཀྱི་གནད་དོན་དེ་འཚེ་མེད་ཞི་བའི་ལམ་ཁོ་ན་ཡིན་པའི་ངེས་གཏན་ནས་མེད།

    གང་ཡིན་ཟེར་ན་བཟོད་བསྲན་ཟེར་བའི་ཚིག་འདི་ལའང་ཚད་གཞི་གཅིག་ངེས་ཅན་ཡོད་པ་རེད། ཚད་གཞི་དེ་ལས་བརྒལ་ཟིན་ན་རང་ཉིད་ཤི་རྒྱུར་སྐྲག་སྣང་ཅི་ཡང་མེད་པར་གང་བསམས་པ་ལྟར་བྱ་སྤྱོད་སྤེལ་སྲིད་པ་རེད།

    Reply
  3. ཤིང་ལོ། says:
    ལོ་ 15 སྔོན།

    སྤྱི་ཟུར་ཆབ་བྲག་ལགས་ཀྱིས་གསུངས་འདུག དངོས་གནས་ང་ཚོས༸མགོན་པོ་མཆོག་གི་བཀའ་ལ་འབད་གང་ཐུབ་བྱེད་དགོས། གང་ལྟར་འཚེ་བའི་ལས་བྱེད་ན་སྦྱོར་དངོས་མཇུག་གསུམ་ཚང་དགོས་པས། བོད་མི་ཚོས་དངོས་གནས་དེ་ལྟར་བྱེད་ཀྱི་ཡོད་པ་མ་རེད་བསམ་གྱི། གང་ཅི་ཐད་ང་ཚོས་ཧ་ཅང་གཟབ་དགོས་པ་ནི་༸གོང་ས་མཆོག་གིས་ང་ཚོར་ཐུགས་རེ་ཇི་ལྟར་གནང་གི་ཡོད་མེད་ལས་ཤེས་ཐུབ། གཙོ་བོ་ཤེས་ཡོན་སྤྲོད་སྟངས་ཀྱི་ཆ་ནས་རེད། ནང་ཆོས་ཉམས་ལེན་རྒྱུད་སྦྱོར་ཡོད་ན་སྐོག་ཟ་རུལ་སུངས་ཀྱང་མེད་པ་རེད།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ང་ཚོའི་ཆབ་སྲིད་ཀྱི་ཁོར་ཡུག་ན་གླེང་བཞིན་པའི་འཚེ་བ་ཟེར་བ་འདི་རང་རྒྱལ་གཞན་ཕམ་གྱི་ཆགས་སྡང་དབང་གིས་གཞན་ལ་གནོད་པ་སྟེ། མེ་རྒྱག མི་གསོད། འཕྲོག་བཅོམ་རིགས་ལ་གོ་དགོས། དེ་བས་༸གོང་ས་མཆོག་གིས་སྐབས་བབ་བཀའ་ལན་ཡང་འདི་རང་ལས་གཞན་ལ་འཁྱོག་དགོས་དོན་མེད། བྱང་ཆུབ་སེམས་དཔར་ཁ་བཏང་ན་ངོ་མ་མནར་མེད་ལ་ལྷུང་ཡོང།
    “མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ།”
    འདི་ལ་མ་ནོར་འཇུག་རོགས་སྐལ་ལྡན་རྣམས།

    Reply
  5. མནར་མེད་པ། says:
    ལོ་ 15 སྔོན།

    འཚེ་བའི་མཚན་ཉིད་ཞིག་ཞོག་དང་འཚེ་བའི་གོ་དོན་ཤེས་ཡོང་། འཚེ་བ་ཡིན་ན་གཞན་ཁོ་ན་འཚེ་བ་ཡིན་པས་ཨེ་ཁྱབ།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དེང་སང་བོད་པའི་ནང་ན་ཡང་འཚེ་བ་བྱེད་དགོས་ཟེར་མཁན་ཡོང་གིན་འདུག ངོ་མ། བོད་པས་མུ་མཐུད་དེ་ཞི་བདེའི་དེད་དཔོན་ཆེན་པོའི་རླབས་ཆེན་དགོངས་དོན་ལྟར་དུ་འཚེ་མེད་ཞི་བདེའི་ལམ་བུ་ཁོ་ནར་སྙེག་ཐུབ་བམ། ཐུབ་བམ།
    བྱང་ཆུབ་སེམས་དཔའི་ཐུགས་རྗེའི་སྨོན་ལམ་མཐུས”བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese