མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་གིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་གཉིས་པའི་བརྒྱད་ཉིན་གྱི་ཕྱི་དྲོར་བོད་ཨ་མདོ་རྔ་པ་རྫོང་ཐོག་ཏུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་འདུག

དེ་རིང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༦།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་མཁར་གྱི་སློབ་ཆུང་གཉིས་པ་ཡོད་སའི་གཞུང་ལམ་སྟེང་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག་ཀྱང་། གནས་ཚུལ་མཁོ་སྤྲོད་པའི་བཤད་པ་ལྟར་ན་གྲྭ་པ་ཞིག་ཡིན་ཚུལ་ཙམ་ལས་མིང་དང་ཕ་ཡུལ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་མ་ཟད། དོན་རྐྱེན་བྱུང་མ་ཐག་དམག་མི་དང་ཉེན་རྟོག་པས་བཙན་ཁྲིད་བྱས་འདུག་པས་ཁོང་གི་ད་ལྟའི་ཤི་གསོན་གྱི་གནས་སྟངས་ཀྱང་ཤེས་རྟོགས་ཐུབ་མི་འདུག
གཞན། ངོ་རྒོལ་དེ་བྱུང་སའི་ཉེ་འགྲམ་ནས་གྲྭ་པ་གཉིས་ཀྱང་འཛིན་བཟུང་བྱས་ཡོད་ནའང་སུ་ཡིན་ཤེས་རྟོགས་ཐུབ་མི་འདུག

གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

སྐར་མ ༦ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

སྐར་མ ༣༢ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༣ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 11

  1. ཤར་མདའ། says:
    ལོ་ 15 སྔོན།

    གངས་ཅན་པའི་དཔའ་རྒོད་ཚོ་ཁྱེད་ཚོ་འདི་ལྟར་གཅིག་གཅིག་གཉིས་གཉིས་བྱས་ནས་འགྲོ་སོང་ན་འུ་ཚོ་ལ་བདེན་པའི་རྒྱབ་སྐྱོར་གནང་མཁན་ག་ཚོད་ཡོད། རྒྱ་ལོ་གསར་པ་འདིའི་ནང་དུ་སྤུན་ཟླ་ག་ཚོད་ཞིག་དམར་གསོད་བཏང་སོང་ད་དུང་འདི་ལྟར་འུ་ཚོ་སྡོད་རྒྱུ་ཡིན་ནམ།  འཛམ་གླིང་གི་མི་མང་རྣམས་ང་ཚོ་ལ་བདེན་པའི་གནས་ལུགས་དང་ལོ་རྒྱུས་ཡོད་པས་ང་ཚོ་ལ་རྒྱབ་སྐྱོར་གནང་རོགས་དྲང་བདེན་ལ་རྒྱབ་སྐྱོར་གནང་རོགས་ང་ཚོ་གདོང་དམར་བོད་པ་ཚང་དམར་གཞུང་གི་དྲག་གནོན་ལས་མྱུར་ཏུ་སྐྱོབ་རོགས་ཞུ།

    Reply
  2. དབྱར་ཁབ་ཀུན་བཟང། says:
    ལོ་ 15 སྔོན།

    ཤ་ཚ་ངོ་མ་ཡིན་་་་ཁོང་རྣམ་པ་ལ་དམར་པོས་བཙན་གནན་སྤྲོད་པའི་ཁར་འདི་ནས་དཔའ་བོ་རེད་་་་དཔའ་མོ་རེད་་་་རྒྱལ་བཅེས་པ་རེད་་་ཅེས་མིང་སྙན་སྙན་གང་མང་མང་བཏགས་ཏེ་དོན་དུ་རེ་རེ་བཞིན་རིན་ཆེན་སྲོག་དང་བྲལ་བཅུག་གི་འདུག་་ད་ནི་བོད་མི་རེ་རེ་ཡིན་ནའང་ཚེ་སྲོག་ཤོར་མི་དགོས་པའི་ཐབས་ཤེས་ཤིག་སྤྱི་སྒེར་གཉིས་ནས་འབད་པར་གལ་ཆེ་རེད་འདུག་དྲན།

    Reply
  3. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ༄༅། །བསྟན་དང་དེ་འཛིན་ཆབ་སྲིད་རང་རེའི་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེས་བུ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
    སྨུག་པོ་གདོང་གི་བརྒྱུད་པ་འདི་ལ་ནི། །
    ལོ་ངོ་བཅུ་གསུམ་ཡན་གྱི་ན་ཆུང་དང་། །
    ལོ་རྒན་བརྒྱད་ཅུ་མན་གྱི་ཕ་ཁུ་ཚོ། །
    དགྲ་ངན་རྒྱ་དམར་སྟེང་དུ་སྟག་ངར་ངར། །

    Reply
  4. གཡུ་དྲུག་དཀར། says:
    ལོ་ 15 སྔོན།

    ཏག་ཏག་རེད། བོད་གངས་ཅན་པའི་མ་འོངས་པའི་ཆེད་དུ་ཚེ་སྲོག་གི་འགྲོ་སོང་གཏོང་དགོས་རེད། མི་གཅིག་དང་གཉིས། བཅུ་དང་ཉི་ཤུ། བརྒྱ་དང་སྟོང་། ཁྲི་དང་འབུམ་བྱས་ནས་ཚེ་སྲོག་གཏོང་ཐུབ་ན་བོད་གངས་ཅན་གྱི་སྣོད་བཅུད་གཉིས་འཛམ་གླིང་ཅི་སྲིད་དུ་གནས་པ་དེ་སྲིད་དུ་གནས་ཐུབ་ཀི་རེད། བོད་ནང་ནས་རང་ལུས་མེར་བསྲེགས་བཏང་པ་དེ་བཙན་བྱོལ་བོད་གཞུང་གི་ཆེད་དུ་མ་རེད་ལ། བཙན་བྱོལ་དུ་ཡོད་པའི་བོད་མི་འབུམ་གཅིག་པོ་དེའི་ཆེད་དུ་མ་རེད། བོད་གངས་ཅན་པའི་མ་འོངས་པའི་ཆེད་དུ་རེད། དེས་ཕྱིར་བཙན་བྱོལ་གཞུང་ལ་ཁ་རྡུང་གཏོང་དོན་མི་འདུག ཁ་རྡུང་གཏོང་མཁན་ཚོས་ཁ་རྡུང་གཏོང་ན་རང་ཉིད་ལ་ཐོངས། ང་དགའ་བཞིན་ཡོད། བོད་རྒྱལ་ཁབ་སླར་གསོ་བྱེད་ཐུབ་དུ་དགའ་བཞིན་ཡོད། ད་དུང་བོད་ཀྱི་འཐབ་རྩོད་ཆེད་དུ་མི་ཅི་ཙམ་ཤི་ན་ང་དེ་ཙམ་དགའ།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    གདོང་དམར་བོད་ཀྱི་སེང་གེ་དཀར་མོ་རྒྱུད་དེ་ད་དུང་མང་པོ་འདུག་པ་ངོ་མ་དགའ་སྤོབས་སྐྱེ་འོས་པ་ཞིག་རེད། ཁྱེད་ཅག་གིས་ང་ཚོའི་ལམ་སྣ་དྲངས་བྱུང། རེ་བ་དང་སྤོབས་པ་གསོས་བྱུང། ཕྱག་ན་པད་མོ་དང་ལས་འབྲས་བདེན་མཐུས་ཁྱེད་ཅག་གི་ལམ་སྣ་འདྲེན་ངེས། བདེན་པ་ཉིད་ངེས་པར་རྒྱལ་བར་ང་ཚོས་ཅིས་ཀྱང་བརྩོན་ལེན་བྱེད། བདེན་མཐུའི་འབྲས་བུ་མྱུར་དུ་སྨིན་པར་སྨོན།་སྨོན།་སྨོན།

    Reply
  6. ཨ་གཙང་གནས་རྒྱམ། says:
    ལོ་ 15 སྔོན།

    ད་སྟག་ཐིགས་ལེ་ཅན་ཚོ་ཁྲ་ཤར་རེ་ནག་ལ་མཆོང་སོང་། ད་ངོ་མ་ཁ་ཐོག་ལག་ཡོད་ལ་གནས་པ་ཚོ་རྫོགས་སོང་ན་འཁྲན་མཁན་མང་ན་ཡང་ཅི་བྱེད།

    Reply
  7. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    བོད་ནང་གི་རྒྱལ་གཅེས་དཔའ་བོ་ཚོ་ལ་སྙིང་དབུས་ནས་གུས་འདུད་ཞུ།
    བཀའ་སྤྱི་གཉིས་གིས་རྒྱ་ནག་གི་གཤིན་ཆོག་སྲོལ་རྒྱུན་ལྟར་རས་ནག་ཞིག་ཁ་གཡོག་ནས་བཙན་བྱོལ་ནང་ལ་ཞལ་འདེབས་བསྡུ་བའི་གོ་སྐབས་ཞིག་ཀྱང་རྙེད་པ་རེད། ད་བླ་མ་དཀོན་མཆོག་དང་ལས་འབྲས་ཞིག་ཡོད་ན་གཟིགས་དགོས་ཚོད་རེད། བླ་མ་དཀོན་གི་མཁྱེན།

    Reply
  8. ཤིང་ལོ། says:
    ལོ་ 15 སྔོན།

    དེ་རིང་འདི་ནས། བཀའ་སྤྱི་གཉིས་ཀྱི་ལམ་ནོར་འོག བསང་གསུར་མང་བོ་ཞིག་བཏང་ཞིང་། སྐད་འགག་རེག་བར་མང་བོ་ཞིག་བཏོན་ནོ་མ་འགྲིགས་ནི་ཡིན་རྒྱུ་རེད། ཆབ་སྲིད་མེད། ཆོས་ཀྱི་སྙིང་བོ་གཡུག་ན་ད་འདི་འདྲ་རེད། བོད་དོན་རྒྱལ་སྤྱི་ཅན་དུ་གྱུར་སོང་ན། དྲིལ་བསྒྲགས་བྱས། རྒྱབ་བརྟེན་བཙལ། གང་ན་ཆེས་གལ་ཆེ་བའི་མི་སྣ་དང་འབྲེལ་འདྲིས་བྱེད་པ་སོགས། ས་རྒྱུགས་ལུང་རྒྱུགས་བྱེད་དགོས་ཀྱི་རེད། དེ་མ་གཏོགས། ཡང་སྲེག་སོང་། ཡང་བསད་སོང་། ང་ཚོས་གྲངས་ཀ་ཞིག་རྒྱག་པ་མ་གཏོགས་མི་འཇོན་ནི་རེད་དམ། བཀའ་སྤྱི་གཉིས་ཀ སྒྲིགས་འཛུག་དག་ཡཱ།

    Reply
  9. སངྒེ ། says:
    ལོ་ 15 སྔོན།

    ང་ཚོས་མཆོད་འབུལ་སྨོན་ལམ་ལས་ཅི་ཞིག་ནུས། ངོ་མ་སྙིང་མེད་རེད་སྡར་མ་རེད། ཁྲེལ་མེད་རེད། ནམ་ཞིག་ང་ཚོ་ཡང་མི་ཞིག་གི་དངོས་ནས་ཡར་ལངས་ཐུབ་ན་ཅི་མ་རུང་།

    Reply
  10. ཀུན་དགའ། says:
    ལོ་ 15 སྔོན།

    ཨ་ཁ་ཁ། ཡང་ང་ཚོའི་ཆེད་དུ་དཔའ་བོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཚར་འདུག་ཟེར། བོད་ནང་བཙན་གནོན་འོག་ནས་བོད་དོན་དུ་རང་སྲོག་འདོར་མཁན་དང་ཞི་རྒོལ་གནང་མཁན་གཅིག་རྗེས་གཉིས་མཐུད་རེད། ད་ང་ཚོ་རང་དབང་བའི་གཞུང་དམངས་གཉིས་ངོས་ནས་ནམ་རྒྱུན་གྱི་ཁ་གཡང་མཆོད་སྨོན་དེ་ཚོ་ལས་དོན་ཕན་གྱི་ལས་ཀ་ག་རེ་བྱེད་རྩིས་ཡོད་ན།
    སྐུ་དྲག་ཚོའི་ཟླ་ཕོགས་ཉུང་དྲག་ཨེ་ཡིན་ན། མིན་ད་དུང་གོ་ཐོབ་དམའ་སོང་བ་མིན་ནམ། ཡང་མིན་ན་འཚོལ་རྒྱུའི་གོ་སྐབས་ཏེ་ད་དུང་མ་བསླེབས་པ་ཡིནན། དེ་དག་མིན་ན་བཙན་བྱོལ་གཞུང་ལ་ལས་འགུལ་གྱི་མ་དངུལ་དང་ལས་རིམ་གྱི་གོ་སྒྲིག་ལས་ཕོང་སོང་བ་ཡིན་ན། གལ་སྲིད་བཙན་བྱོལ་དབང་འཛིན་པ་ཚོའི་ནང་མི་གཉེན་ཉེ་ཞིག་གིས་བོད་དོན་དུ་རང་སྲོག་དོར་བ་ཡིན་ན། དབང་འཛིན་པ་ཚོར་ཚོར་ཅི་འདྲ་ཞིག་བསླེབས་རྒྱུ་རེད། ལས་འགུལ་ཇི་ལྟར་སྤེལ་ན། འོན་ཀྱང་འདི་དག་ང་རང་གིས་ང་རང་ལ་དྲིས་པ་དང་གཅིག་མཚུངས་རེད།

    Reply
  11. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    མིའི་རིགས་ཀྱི་དཔའ་བོ་ཚོས་གནས་ལུགས་ལ་ཕྱག་གཡུགས་བྱེད་ཀྱིན་གཅིག་རྗེས་གཉིས་མཐུད་དུ་འདི་ལྟར་ཕེབས་སོང་ན། ད་ངོ་མ་ང་ཚོས་ཅི་ཞིག་བྱེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese