མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མང་ར་རྫོང་དུ་དགོན་སྡེ་ཁག་ལ་དམ་དྲག

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་མདོ་སྨད་མང་ར་རྫོང་དུ་ས་གནས་རྒྱ་གཞུང་གིས་ལོ་སར་དགོང་ཚོགས་རྒྱས་སྤྲོས་ཤིག་འཚོགས་དགོས་པའི་བཙན་བཀའ་བཏང་ཡང་།ས་གནས་བོད་རིགས་མང་ཚོགས་མཉམ་ཞུགས་མ་བྱས་སྟབས་ཕྱིར་འཐེན་བྱ་དགོས་བྱུང་འདུག

དེ་རིང་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་བོད་ནང་ནས་ཁ་པར་བརྒྱུད་འདི་གར་གནས་ཚུལ་བརྗོད་པ་ལྟར་ན། ཉེ་སྔོན་མདོ་སྨད་མང་ར་རྫོང་དུ་ས་གནས་རྒྱ་གཞུང་གིས་བརྡ་ཁྱབ་ཅིག་སྤེལ་ཏེ།  འདི་ལོའི་ཕྱི་ཟླ་ ༢ ཚེས་ ༥ ནས་ ༦ བར་ཏེ།  རྒྱའི་ལོ་གསར་གྱི་ཚེས་ ༡༤ ནས་ ༡༥ བར་ས་གནས་སྲིད་གཞུང་གི་བཀོད་འདོམས་འོག་རྫོང་ཐོག་ཏུ་ལོ་སར་དགོང་ཚོགས་རྒྱས་སྤྲོས་ཤིག་འཚོགས་དགོས་པ་དང་། དེར་མང་ར་ས་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་སྡེ་བ་སོ་སོའི་འཐུས་མི་མཉམ་ཞུགས་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་ཀྱང་།  དགོན་སྡེ་ཁག་གི་གྲྭ་བཙུན་གཙོས་ས་གནས་མང་ཚོགས་ཀྱིས་ངོས་ལེན་མ་གནང་པར་མཉམ་ཞུགས་བྱས་མེད་སྟབས། ལོ་སར་དགོང་ཚོགས་དེ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་འདུག 

གནས་ཚུལ་དེ་བྱུང་རྗེས་ས་གནས་རྒྱ་གཞུང་གིས་ཐར་ཤུལ་དགོན་དང་ཀ་རྒྱ་དགོན། ཀླུ་ཚང་དགོན་སོགས་སུ་བོད་མི་ལས་བྱེད་མང་པོ་མངགས་གཏོང་བྱས་ཏེ་དགོན་པ་ཁག་ནང་བདེ་འཇགས་ལས་དོན་སྒྲུབ་བཅུག་ཡོད་པ་དང་། གལ་སྲིད་དགོན་སྡེ་ཁག་ནང་ལས་དོན་ཚགས་ཚུད་མ་བྱུང་པར་ངོ་རྒོལ་རིགས་བྱུང་ཚེ། བོད་མི་ལས་བྱེད་རྣམས་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པར་མ་ཟད། རྒྱ་གཞུང་གིས་བོད་རིགས་ལས་བྱེད་རྣམས་ལ་ཡིད་མ་ཆེས་པར། གསང་བའི་སྒོ་ནས་མི་སྣ་ཆེད་གཏོང་གིས་དུས་ངེས་མེད་ཐོག་བོད་རིགས་ལས་བྱེད་ཚོའི་ལས་དོན་སྒྲུབ་སྟངས་ཐད་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་འདུག  

ས་གནས་རྒྱ་གཞུང་གིས་མང་ར་ས་ཁུལ་གྱི་དགོན་སྡེ་ཁག་ནང་བདེ་འཇགས་ལས་དོན་སྤེལ་ཏེ། གྲྭ་བཙུན་ཚོར་བཀག་སྡོམ་སུན་གཙེར་བཟོ་བཞིན་པའི་རྐྱེན་གྱིས། ད་ལྟ་གྲྭ་བཙུན་རྣམས་དགོན་པའི་ནང་སྡོད་བཟོད་དཀའ་བའི་གནས་སྟངས་འོག་ལྷུང་ཡོད་འདུག 

 

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༤ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

མཆན། 3

  1. ཤིང་ལོ། says:
    ལོ་ 15 སྔོན།

    རེད་རེད། དེ་རིང་ཁ་སང་གང་ས་གང་དུ། དམ་དྲག་བྱེད་ཀྱི་འདུག མཚོ་ལྷོ་ཁུལ་གྱི་ས་ཆ་སོ་སོར་ལྟ་སྲུང་བས་ཁེངས་འདུག་ཟེར་ཀྱི་འདུག

    Reply
  2. ཤར་མདའ། says:
    ལོ་ 15 སྔོན།

    གནས་སྐབས་རང་བཟོད་སྲན་གནང་པ་ཡིན་ན་འདི་ལྟར་ཁོང་ཚོས་དུས་རྟག་ཏུ་བཙན་གནོན་བྱེད་ཁབ་པོ་ཆགས་ཀྱི་རེད་བསམ་བྱུང་།   གང་ཡིན་ཟེར་ན་འུ་ཚོ་ལ་བདེན་པ་དང་གནས་ལུགས་ཡོད་དུས་ཚང་མ་ཁ་མཐུན་པོ་གནང་པ་ཡིན་ན་བོད་མི་རིགས་ཟེར་པ་ལག་མ་ཁེས་པ་ཞིག་ཆགས་ཀྱི་རེད་བསམ་ནས་ཡིད་ཆས་བྱེད་བཞིན་ཡོད།  བོད་མི་ཚོ་བཟོད་སྲན་བྱས་ནས་ནང་གཙང་ཞིག་ཡོང་རྒྱུ་ལ་འབད་རོགས་ཞུ།

    Reply
  3. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ལབ་དགོན་པའི་དགེ་འདུན་བསོད་ནམས་རབ་ཡང་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ།
    ༢༠༡༢ ཟླ་ ༢ ཚེས་ ༡༠ རེས་གཟའ་པ་སངས།
    ༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༠ ཉིན་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། འདི་ཟླའི་ཚེས་ ༨ ཉིན་བོད་མདོ་སྨད་སྐྱེ་དགུ་མདོའི་ལབ་དགོན་པའི་དགེ་འདུན་པ་བསོད་ནམས་རབ་ཡང་ལགས་རང་ལོ་ ༣༧ སོན་པ་ཁོང་གིས་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་དུ་ཁྲེན་ཏུར་རྫོང་ཐོག་ཏུ་རང་ལུས་མེར་སྲེག་བཏང་བར་བརྟེན་རྒྱ་ནག་གཞུང་གིས་ས་གནས་ཉེན་རྟོག་མི་སྣ་དང་དམག་མིས་དགེ་འདུན་པ་བསོད་ནམས་རབ་ཡང་ལགས་ཟི་ལིང་དུ་འཁྱེར་ཡོད་པ་ཙམ་ལས་ད་བར་ཁོང་འཆི་གསོན་གྱི་གནས་སྟངས་ཇི་ཡིན་ཁ་གསལ་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད་པ་བཅས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese