མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲི་འདུ་རྫོང་དུ་རང་ལུས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༨ ཉིན་ཁྲི་འདུ་རྫོང་དུ་ལབ་དགོན་པའི་དགེ་འདུན་པ་བསོད་ནམས་རབ་ཡངས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག

ཟླ་འདིའི་ཕྱི་ཚེས་ ༨ གྱི་ཉིན་རྒྱབ་ཙམ་ལ་ཁྲི་འདུ་རྫོང་ལབ་དགོན་པའི་རང་ལོ་ ༣༧ ཡིན་པའི་དགེ་འདུན་པ་བསོད་ནམས་རབ་ཡངས་ལགས་ཀྱིས་ཁྲི་འདུ་རྫོང་ཐོག་ཏུ་རང་ལུས་མེར་སྲེག་བཏང་ཡོད་པ་དང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་དམག་མིས་བཙན་ཁྲིད་བྱས་ཡོད་འདུག གནས་ཡོང་ཁུངས་ཁག་གིས་བརྗོད་དོན་ལྟར་ན། རྒྱ་དམག་གིས་བཙན་འཁྲིད་སྐབས་དགེ་འདུན་པ་བསོད་ནམས་རབ་ཡངས་ལགས་འདས་གྲོངས་སུ་ཕྱིན་མེད་པ་དང་།  ད་ལྟ་ཁོང་ཟི་ལིང་དུ་བཙན་འཁྲིད་བྱས་ཡོད་པའི་ཚོད་དཔག་ཙམ་ལས། གར་ཡོད་དང་ཤི་གསོན་གྱི་གནས་སྟངས་གང་ཡང་ཤེས་རྟོག་བྱུང་མི་འདུག

གཞན་ཡང་། རྒྱ་གཞུང་གིས་ཆོས་ཕྱོགས་ཀྱི་བྱེད་སྒོ་བཀག་སྡོམ་བྱས་པ་ལ་བརྟེན་ནས། ཕྱི་ཚེས་ ༨ ཉིན་རྫ་སྟོད་རྫོང་དུ་བོད་མི་ ༦༠༠ ལྷག་ས་གནས་རྫོང་ཐོག་ཏུ་འདུ་འཛོམས་བྱས་ཡོད་པ་དང་། ཁ་སང་ཕྱི་ཚེས་  ༩ ཉིན་སླར་ཡང་མི་མང་ ༨༠༠ ལྷག་འདུ་འཛོམས་ཀྱིས། “ང་ཚོར་ཆོས་དད་རང་དབང་མི་འདུག རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས” སོགས་ཀྱི་སྐད་འབོད་དང་། ༸གོང་ས་མཆོག་ཞབས་བརྟན་གསོལ་འདེབས་སྐྱོར་བཞིན་ཞི་བའི་སྒོ་ནས་རྔམ་སྟོན་ཁྲིམས་སྐོར་བྱས་ཡོད་ཀྱང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་དམག་མིས་བོད་མི་འཇུ་བཟུང་གི་གནས་ཚུལ་བྱུང་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 12

  1. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    གང་ལྟར་བོད་མི་སུས་ལས་འགུལ་སྤེལ་ན་ཡང་བསྔགས་བརྗོད་ཡོད། འོན་ཀྱང་། འགའ་ཞིག་གིས་ལས་འགུལ་ཛ་དྲག་གང་བྱུང་སྐབས་གློ་བུར་དུ་ལུང་ཚན་དང་ཆོལ་ཁའི་མིང་སོགས་མཉམ་དུ་དྲུད་ནས་ཕྱོགས་མཐེན་གྱི་མེར་བསྲེགས་སྤོར་བ་ནི་དགྲ་དགའ་གཉེན་སྡུག་དང་ཆིག་སྒྲིལ་ལ་གཏོར་སྐྱོན་གྱི་བྱ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པས། གང་ཟག་སུས་ཀྱང་དྲ་ཚིགས་དང་རྒྱུན་ལྡན་གྱི་མི་ཚོགས་ནང་དུ་དེ་རིགས་མ་སྤེལ་རོགས་གནང་། འདི་ནི་ཕན་ལས་གནོད་ཆེ་བ་ཡིན།

    Reply
  2. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཇོ་བོ་རྣམས་གཉིས་བདེན་བདེན་ འགྱུར་མེད་བསྟན་འཛིན་ཁྱེད་ཀྱིས་ སྐད་ཆ་དེ་འདྲ་མ་གསུངས་་ ཆིག་སྒྲིལ་ལ་གནོད་ཡོང་ སྤུན་ཟླ་སུས་ བྱས་རྗེས་འཇོག་ན་ཁྱད་མེད་

    Reply
  3. ཨ་མདོ་བ། says:
    ལོ་ 15 སྔོན།

    ཡང་འབར་འདུག་ཡང་འབར་འདུག འ་ཤུ་རེ་ཁོ་ད་འབར་ན་མ་རེད་ཡ་ཕོ་རྒོད་ཚོ། ད་ངོ་མ་ཡིན་དགད་ན་རེད། རྒྱ་རྒན་༡ ཡང་ན་རྒྱ་རྒན་༡༠ ནས་༡༠༠
    ༡༠༠༠ནས་༡༠༠༠༠ད་འགད་རན་རེད་ཕོ་རྒོད་ཚོ།

    Reply
  4. ཕྱུགས་རྫི says:
    ལོ་ 15 སྔོན།

    ཡང་ཕོ་རྒོད་གཅིག་འབར་འདུག་ཤི་ཡང་གསོན་ཡང་རུང་བུས་བུ་གོ་ཆོད་འདུག་ལ་གཞེས་ནིང་སྐྱེ་རྒུ་མདོ་ལ་དོན་མེད་སྟོང་ཕྲག་དུ་མའི་ཚེ་སྲོག་ཤོར་བ་དང་སྒོར་མོ་དུང་སུ་མང་པོའི་དཔལ་འབྱོར་ཕྲོག་རླག་ཤོར་བ་ལ་ཤིན་ཏུ་ཕོངས།

    Reply
  5. ཁྲག་འཐུང་ཧེ་རུ་ཀ says:
    ལོ་ 15 སྔོན།

    གུས་ཤིང་བཀུར་འོས་པའི་དཔའ་བོ་སྟེ། བོད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་རྒོད་འདི་དག་ལ་སྙིང་ཁོང་གཏིང་ནས་མྱ་ངན་ཞུ། བོད་རྒྱལ་ལོ།

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    སྲིན་འབུ་ཁ་རྒྱག་ང་ལྟ་བུ་དེ་དག་གི་བསམ་ཡང་མི་ཕོད་པས་དཔའ་རྒོད་ཚོའི་རླབས་ཆེན་གྱི་བྱ་འགུལ་གྱི་ནམ་ཞིག་རྒྱ་ནག་པོའི་འགོ་སྟེང་ལོག་ངེས་ཡིན། དེ་མ་གཏོགས་བཤད་རྒྱུ་ཅིང་ར་མེད་་་་་་་་བཤད་ན་ཁ་འདར་གི་་་་བསམ་ན་སྙིང་ན་གི

    Reply
  7. སེང་གདོང་སྐྱབས ། says:
    ལོ་ 15 སྔོན།

    ངོ་མ། ཁ་སང་དེ་རིང་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་ཧ་ཅང་གི་བློ་ཡིད་ལས་འདས་བའི་དུས་ཤིག་ལ་སླེབས་ཡོད་པས། བོད་མི་ཡོངས་ཀྱིས་རང་རང་ས་ནས་རང་གི་ནུས་ཚོད་ཀྱིས་བྱེད་སྒོ་འདྲ་མིན་སྤེལ་དགོས་བ་དང་། ལྷག་པར་ཏུ་གསར་འགོད་བརྒྱུད་ལམ་གྱི་ཆེད་ལས་བ་དག་གིས་དམིགས་བསལ་གྱི་ནུས་བ་བཏོན་ནས་སྐད་རིགས་འདྲ་མིན་གྱི་ཐོག་ཁྱབ་བསྒྲག་བྱེད་རྒྱུ་གལ།

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    ཁམས་པ་དང་ཨ་མདོ་འདི་ཚོ་ལ་རྒྱ་དང་སྙིང་སྟོབས་དབུས་གཙང་བ་དང་བསྡུར་ས་མི་འདུག་ཨ། དཔའ་བོ་འདི་ཚོའི་ཚེ་སྲོག་འཕྲོ་བརླགས་སོང་བ་ལ་སེམས་ཕམ་ཡོད།

    Reply
  9. ཤིང་ལོ། says:
    ལོ་ 15 སྔོན།

    སྔོན་མ་ཡིན་ན་བོད་ནང་ནས་སྐད་འབོད་ཙམ་ཞིག་བྱས་ནའང་འདི་ནས་ཞེད་པོ་ཞིག་ངར་ཁུལ་བྱེད་ལ། དངོས་གནས་སེམས་ཤུགས་ཅན་ཡང་ཡོད། ད་བོད་ནང་ནས་མུ་འཐུད་དུ་དམར་གསོད་དང་མེར་སྲེག་བྱས་ན་འདི་ནས་གོ་རྒྱུ་ཅང་མི་འདུག་གཱ ན་ནིང་ནས་བཟུང་ང་ཚོར་གོམས་གཤིས་སྡུག་ཅག་ཅིག་ཆགས་སོང་། སྐད་འབོད་བྱེད་མཁན་དང་། ཡིག་ཆ་འགྲེམས་སྤེལ་བྱེད་མཁན། ཚགས་པར་དང་དེབ་བཙོང་མཁན་དེ་རིགས་བྱབ་ཆུང་འདྲ་བོ་ཞིག་ཏུ་བརྩིས། དེ་མིན་ཆོས་གྲྭར་རྩ་ཆད་མ་ཕོག་ཙམ་དང་། རྒྱུགས་འཕྲོད་ཙམ་བྱེད་མཁན། སློབ་གྲྭ་ནས་མ་ཙམ་ཕུལ་དང་། ཚོང་ཙག་ཙིག་ཅིག་བྱེད་ཐུབ་སོང་ན་ཧ་ལས་ནས་བསྡད་འདུག་གཱ ད་བོད་དོན་དུ་ལས་འགུལ་སྤེལ་ནི་ཉུང་ཉུང་རེད་ལ། རིམ་པས་འཆད་རྒྱུ་རེད།

    Reply
  10. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    བོད་ཞེས་པ་ནི་མདོ་དབུས་ཁམས་གསུམ་ལས་གྲུབ་པ་ལས་མདོ་སྟོད་སྨད་ཁོ་ན་མིན། ད་བར་རང་ལུས་མེ་མཆོད་དུ་འབུལ་མཁན་ཁྲོད་དབུས་པ་མེད་པ་གང་ཡིན། དབུས་པ་ལ་སེམས་ཤུགས་མེད་པ་ཡིན་ནམ་ཡང་ན་སྙིང་སྟོབས་དང་ལ་ཞེན་མེད་པ་ཡིན། ཡང་ན་བློ་ཁོག་མེད་པ་ཡིན། ངས་བྱས་ན་དེ་འདྲ་མ་ཡིན་པར་མི་འགྱང་བར་ཆར་ལ་ཉེ་བའི་དུས་ཚོད་ཞིག་ལ་ལས་འགུལ་ཞིག་སྤེལ་ངེས་ཡིན། ངས་ཡིད་ཆེས་རྟེན་པོ་ཡོད། མདོ་སྟོད་སྨད་ཕྱོགས་སུ་འབར་ཟིན་པའི་མེ་རླབས་དབུས་ཕྱོགས་སུ་སླེབས་ལ་ཉེ། བོད་རྒྱལ་ལོ། །

    Reply
  11. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཨ་ཁ་སླར་ཡང་བོད་མི་དཔའ་བོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ། ཁོང་ལ་རྒྱ་དམག་གིས་སྡུག་པོ་མ་གཏོང་བའི་སྨོན་འདུན་ཡོད། ད་ནི་མི་གྲངས་༢༡སླེབས་སོང་། ད་དུང་ག་ཚོད། དཀོན་མཆོག་མཁྱེན།

    Reply
  12. རྫ་ཆུའི་ཟླ་བ། says:
    ལོ་ 15 སྔོན།

    བཙན་འཁྲིད་བྱས་པ་ལས་ཤི་ན་དགའ་རྒྱུ་རེད། གལ་སྲིད་ད་སྐབས་གྲོངས་མེད་པའི་དབང་དུ་བཏང་ན། ཁོའི་སྡུག་བསྔལ་སུས་བརྗོད་ནུས། འཛམ་བུ་གླིང་གི་ཐུགས་རྗེས་གཟིགས། ང་ཚོ་སྐྱོབས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese