མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙུན་མ་ཞིག་གིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༦ ཙམ་རྔ་པ་རྫོང་རྭ་རུ་བའི་མདོ་ཤིས་སྐལ་རྒྱམ་ཚང་གི་མ་མའི་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་ཆོས་སྒྲོན། རང་ལོ་ ༡༨ ། ཕ་མིང་ལ་བློ་པེ་དང་། མ་མིང་ལ་ཚེ་པོ་ཡིན་པ་ཁོང་མོས་བཙུན་དགོན་ཞོལ་གྱི་བསུ་མདོའི་ཟམ་ཁ་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཤིང་། སྐབས་ཐོག་དེར་གྲོངས་མེད་ནའང་། དེ་མ་ཐག་དམག་མི་དང་ཉེན་རྟོག་པ་སླེབས་ནས་འབར་ཁམས་སུ་ཐད་ཀར་ཁྱེར་ཡོད་འདུག
ཁོང་མོ་ཆུང་ཆུང་སྐབས་གཅའ་ཞང་ཐོག་ནས་ལོ་ ༣ ཙམ་རིང་སློབ་གྲྭར་སོང་ཞིང་། དེ་རྗེས་རྔ་སྟོད་མ་མའི་བཙུན་དགོན་དུ་བཙུན་མ་བྱས་འདུག ཁོང་མོར་ནང་མི་ ༡༢ ཡོད་པ་དང་། མིང་སྲིང་བཞི་ཡོད་པའི་ཆེ་ཤོས་ཁོང་མོ་ཡིན་འདུག རྒྱུན་ལྡན་སྨྲ་བ་ཉུང་ཞིང་དགོན་པའི་སྒྲིག་ལམ་ཚུལ་བཞིན་སྲུང་ནས་སློབ་སྦྱོང་ལ་དོ་སྣང་ཆེན་པོ་དང་སློབ་སྦྱོང་གི་གྲུབ་འབྲས་ཧ་ཅང་ཡག་པོ་ཡོད་མཁན་གྱི་དཔའ་འཛངས་གཉིས་ལྡན་གྱི་བུ་མོ་ཡ་རབ་ཞིག་ཡིན་འདུག
དེ་རྗེས་དམག་མི་དང་ཉེན་རྟོག་པས་མ་ མའི་བཙུན་དགོན་ཡོངས་སུ་བསྐོར་ནས་དམ་དྲག་ཆེན་པོ་བྱས་ཡོད་པས་བཙུན་དགོན་ནང་གི་གནས་ཚུལ་ཤེས་རྟོགས་མ་བྱུང་། མ་མའི་བཙུན་དགོན་ནི་བདེ་ཆེན་ཆོས་འཁོར་གླིང་ ནི་རྔ་པ་རྫོང་དང་བར་ཐག་སྤྱི་ལེ་གསུམ་ལྷག་གི་ས་ན་ཡོད་པའི་རྔ་པའི་བཙུན་དགོན་ ཆེ་ཤོས་དེ་ཡིན་ཞིང་། དེང་སྐབས་བཙུན་མ་ ༣༥༠ ལྷག་ཡོད། ལོ་སྔོན་མའི་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་བཙུན་དགོན་འདིའི་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས་རང་ལུས་མེར་སྲེག་གིས་ངོ་རྒོལ་སྐད་འབོད་གནང་ཞིང་། དེ་མ་ཐག་འདས་གྲོངས་སུ་གྱུར་ཡོད། ཕྱི་ལོ་ ༢༠༠༨ ལོར་བཙུན་དགོན་གྱི་བཙུན་རྣམས་ཀྱིས་ནང་པའི་ཆོས་དར་དང་༸གོང་ས་མཆོག་གི་སྐུ་པར་ བཟུང་ནས་རྔ་པའི་ཁྲོམ་ས་ཡོངས་ལ་ཞི་བའི་གོམས་བགྲོད་གནང་ཞིང་དེ་རྗེས་བཙུན་མ་མང་པོ་འཛིན་བཟུང་བཀག་ཉར་དང་། བཙུན་མ་ཁག་ཅིག་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་ཀྱང་བཅད་མྱོང་ཡོད།

གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

 

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 18

  1. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ད་ཡིན་ན་གུང་ཁྲན་དཔོན་ངན་ཚོའི་སྙིང་གས་དགོས་ཚོད་ཡིན། སྔར་༸གོང་ས་མཆོག་ནས་དངོས་ཡོད་ནས་ལན་རྒྱག་དགོས་བྱུང་ན་ངོ་ཚ་ཁ་སྐྱེངས་ཡོད་རྒྱུ་ཡོང་ངེས་རེད་ཅེས་ལོ་བཅུ་བཅོ་ལྔའི་སྔོན་ནས་གསུངས་པ་དེ་མ་འོངས་ལུང་བསྟན་མངོན་སུམ་དུ་གྱུར་སོང་བས་རྒྱ་ནག་དཔོན་ངན་ཚོར་ཁྱེད་ཚོར་རང་མདོག་འཛམ་གླིང་དུ་ཕྱི་གསལ་ནང་གསལ་དུ་བཏང་སོང་ངོ་། །སྙིང་སྟོབས་ཡོད་ཟེར་བ་བཙུན་མ་ཁོང་ལྟ་བུ་ལ་ཡིན་པས། སྙིང་ཉེ་བའི་བཙུན་མ་ཁྱོད་ལ་འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་འོད་དཔག་མེད་རྣམ་གཉིས་ཀྱིས་རྗེས་སུ་བཟུང་བར་ཤོག །

    Reply
  2. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    གནས་ཚུལ་མཁོ་སྤྲོད་བྱེད་པ་པོ་ལགས་ ཁྱེད་ལ་སྐད་ཆ་ཞིག་འདྲི་རྒྱུ་ཞིག་ལ་ མ་མའི་བཙུན་དགོན་ནི་བདེ་ཆེན་ཆོས་འཁོར་གླིང་ ནི་ ཞེས་པ་ནི་དགོན་པ་གཅིག་ཡིན་ནམ་གཉིས་ཡིན།
    ཨོ་ཡང་བརྗེད་སོང་པ་ཞིག་ལ་དགོན་པ་དེ་གཉིས་ཁ་ཁ་ཡིན་ན་གང་གང་དུ་ཡོད་མེད་ཁ་གསལ་ཞིག་གསུངས་རོགས་ཞུ།

    Reply
  3. བདུད་རྡོ། says:
    ལོ་ 14 སྔོན།

    བཙུན་མ་ཆུང་ཆུང་སྙིང་སྟོབས་ཆེན་པོ་ཅན།ཁྱེད་ཀྱི་རྣམ་ཤེས་བདེ་བར་སྨོན།ང་ཚའི་ནམ་ཡང་ཁྱེད་རང་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་བརྗེད་མི་སྲིད།

    Reply
  4. ཤིང་ལོ། says:
    ལོ་ 14 སྔོན།

    བསྟན་འཛིན་ཆོས་སྒྲོན་ལགས་དང་། བསོད་ནམས་རབ་ཡངས་ལགས་གཉིས་ཀྱིས་སྔ་ཕྱིར་དགོང་དྲོར་སྐུ་ལུས་མེར་བསྲེགས་གནང་ཚུལ་ལ་བལྟས་ན། དེང་སང་རྒྱ་ནག་གིས་ཉིན་དཀར་ཧ་ཅང་གིས་དམ་དྲག་བྱེད་བཞིན་ཡོད་པའི་རྟགས་རེད། དམ་དྲག་དེ་ལྟར་བྱེད་མིན་ལ་མ་ལྟོས་པར་འདི་ལྟར་སྐུ་ལུས་བོད་དོན་དུ་འབུལ་གྱིན་འདུག ད་བོད་པ་ཚང་གི་སྐྱེས་ཕོ་གཉིས་ཀ་སྙིང་སྟོབས་དང་། ལ་རྒྱ་ཅི་ཙམ་ཡོད་པ་འཛམ་གླིང་མི་མང་གིས་ཤེས་ན་ཆོག

    Reply
  5. རྭ་ལོ། says:
    ལོ་ 14 སྔོན།

    བདུན་ཕྲག་འདིའི་ནང་དུ་སྡེ་དགེ་དང་དཀར་མཛེས་སུ་བོད་པ་ཚོས་རྒྱ་གཞུང་གི་ཁང་བརྩེགས་གཉིས་མེ་ལ་སྒྲོན་འདུག་པའི་གནས་ཚུལ་ཞིག་གོ་སོང་། བདེན་པ་ཡིན་མིན་གསལ་བོ་ཤེས་མཁན་ཡོད་དམ།

    Reply
  6. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    དྲ་བདག་ལགས།ངའི་མཆན་དེ་བསབས་དགོས་དོན་གང་ཡིན་ནམ།

    Reply
  7. ཀུན་དགའ། says:
    ལོ་ 14 སྔོན།

    གཉནལག་གོ ཡང་བྲིས་ནོར་ཤོར་སོང་ཟིག
    ༼བོད་ནང་ན་བལྟས་ནས་༽ཟེར་བ། བོད་ནང་ལ་བལྟས་ནས་་་་ལ་བཅོས་རོགས།
    དགོངས་དག

    Reply
  8. ཀུན་དགའ། says:
    ལོ་ 14 སྔོན།

    རང་དབང་ལུང་པར་སྡོད་པའི་རང་རིགས་སྤུན་ཟླ་ཡོངས་དང་། ལྷག་པར་གཞིས་ལུས་བོད་རྒྱ་ཆེའི་མི་མང་གིས་རེ་བའི་ཞིང་ས་བཙན་བྱོལ་བོད་གཞུང་དང་ཆབ་སྲིད་ཀྱི་ཚོགས་པ་ཁག
    བོད་ནང་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་བསྟུད་མུར་སྐུ་ལུས་མེར་བསྲེགས་དང་སྐུ་སྲོག་འབེན་དུ་བཙུགས་ནས་རྒྱ་དམར་ལ་ཞི་རྒོལ་འདི་འདྲ་གནང་བཞིན་པའི་སྐབས་འདིར། རང་དབང་ལུང་པར་སྡོད་པའི་གཞུང་མང་གཉིས་ངོས་ནས་ཉིན་གཅིག་དུས་གཅིག་ལ་སྤེལ་བའི་བསྔོ་སྨོན་མཆོད་འབུལ་ཙམ་གྱིས་འགན་འགྲུབ་སོང་པ་དང་ཁྲལ་འཇལ་ཟིན་པའི་བཟོ་དང་ཚོར་སྣང་གིས་བོད་ནང་ན་བལྟས་ནས་བཞུགས་མ་གནང་རོགས། སྐུ་མཁྱེན། ཐུགས་མཁྱེན། མ་མཐའ། ཉུང་མཐར་ཡང་ལོ་གཅིག་ཙམ་རིང་ལ་རང་དབང་ལུང་པ་སོ་སོ་ནས་མུ་མཐུད་དེ་རྒྱུན་མ་ཆད་པའི་སྒོ་ནས་ལས་འགུལ་སྣ་སྣང་སྤེལ་རོགས། ང་ཚོའི་དཀའ་ངལ་གྱི་གནས་སྟངས་འདི་རྒྱ་ནག་མི་མང་གཙོས་འཛམ་གླང་མི་མང་ཚང་མས་ཧ་གོ་ཡ་ཅིག་དང་དོ་སྣང་ཡོད་པ་ཅིག་གནང་རོགས།
    ལས་འགུལ་སྤེལ་སྟངས་ཡང་བོད་པ་ཡོད་སའི་རང་དབང་ལུང་པ་ས་གནས་རྣམས་པང་སྒྲིགས་ནས་ལོ་གཅིག་གི་ཟླ་བ་བཅུ་གཉིས་དེ་བདུན་ཕྲག་དང་ཉི་མ་ཁག་བགོས་ཀྱིས་ལས་འགུལ་གོ་སྒྲིག་གནང་ན་མི་ཆོག་གམ། ཆབ་སྲིད་པ་དང་བསམ་བློ་བ་ཚོས་བསམ་ཚུལ་རེ་གསུང་དང་།

    Reply
  9. སྟག་ཚང་རིག་རྒོད་། says:
    ལོ་ 14 སྔོན།

    རྗེས་སུ་ཡིད་རང་དང་།
    ད་ལོའོ་ལོ་གསར་སྐབས་ཟས་བཅད་ངོ་རྒོལ་བྱེད་མཁན་གང་མང་ཡོང་བའི་རེ་བ་ཞུ་།
    ང་དང་མཉམ་དུ་འཆི་འདོད་པ་ཚོས་།

    Reply
  10. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 14 སྔོན།

    སྐུ་ལུས་མེར་བསྲེགས་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འདོད་དོན་ཡིད་བཞིན་འགྲུབ་པ་དང་། མཛད་རྗེས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ།
    ཁོང་མོ་ཞེས་པའི་འབྲི་སྟངས་འདི་ག་དུས་ནས་དར་བ་རེད། ཕོ་མོ་ཁྱད་མེད་ཀྱིས་ཁོང་ཞེས་འཇུག་གི་ཡོད་པ་རེད། དེའི་སྒང་ལ་མོ་དང་ཕོ་གང་རུང་སྦྱར་དགོས་དོན་མེད་པ་རེད།

    Reply
  11. ཡུལ་གྱར་བའི་མི་ཚེ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་ཀྱང་བློས་བཏང་བྱས་པ་དེ་ལ་གུས་པས་སྙིང་ཁོང་རུ་པའི་གཏིང་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་རྒྱུ་ཡིན་། འོན་ཀྱང་ད་ནས་བཟུང་རང་སྲོག་དོར་བའི་ལས་འགུལ་གཅིག་ཀྱང་མ་གནང་རོག་གནང་། གང་ཡིན་ཞེ་ན་རྒྱ་ནག་པོའི་སྲིད་ཇུས་ལ་འགྱུར་བ་སྤུ་ཙམ་གཏང་གི་མི་འདུག་ལ། མཉམ་སྒྲེལ་རྒྱལ་ཚོགས་དབུས་པའི་རྒྱལ་སྤྱིའི་སྤྱི་ཚོགས་སུས་ཀྱང་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐུབ་ཀྱི་མི་འདུག དེ་དོན་རྒྱལ་གཅེས་པ་རྣམས་ཀྱི་ཐུགས་ལ་འཇག་པར་འཚལ། ཐུགས་རྗེ་གཟིགས།

    Reply
  12. འབྲོག་པ་རྣལ་མ། says:
    ལོ་ 14 སྔོན།

    རང་ལུས་མེ་སྲེག་གནང་བས་སྙིང་སྟོབས་དེ་ཧ་སང་ཡག་རེད་དེ། བྱ་ཐབས་དེ་ཡག་པོ་མི་འདུག་པའི་མཚམས་འཇོག་བྱས་ན་ཡག་ཀ ཐབས་ལམ་གཞན་གྱི་ཐོག་ནས་ལས་འགུལ་སྤེལ་ན་བཟང་བར་སེམས།

    Reply
  13. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    བྱེས་བསྡོད་སྤུན་ཟླ་ཚོ། གཞིས་ལུས་མི་མང་གི་སྐྱིད་སྡུག་མཉམ་མྱོང་དང་གཞིས་ལུས་མི་མང་གི་ཚབ་བྱེད་པར་འདོད་མོས་ཡོད་མཁན་དག་གིས་བདག་གི་ལས་འགུལ་སྤེལ་ཕྱོགས་ཀྱི་བསམ་ཚུལ་དང་འཐབ་རྩོད་ཀྱི་ལས་འཆར་ཞིག་ང་ཡི་ཟིན་བྲིས་སུ་བྲིས་ཡོད་པ་དེ་ལ་གཟིགས་ནས། འབྲེལ་ཐུག་བྱོས་དང་། ཉི་མ་དང་དུས་ཚོད་གཏན་འཁེལ་བ་དང་མཉམ་དུ་རང་གི་ནང་དུ་ལོག་འགྲོ

    Reply
  14. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    འདི་ཚོའི་སྙིང་སྟོབས་ཧ་ལས་པ་རེད། ང་འདི་འདྲའི་སྙིང་སྟོབས་ཤིག་ཡོད་ན་ཅི་རུང་སྙམ་བཞིན་ངུ་ཤུབ་ངང་ཕྱིར་ནང་དུ་ལོག་སོང་།

    Reply
  15. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    དྲ་གྲོགས་ཤིག་གིས་བཤད་པ་ལྟར་ན་ཁོ་མོ་ད་སྐུ་གྲོངས་ཟིན་འདུག་ཟེར།

    Reply
  16. ཕྱུགས་རྫི says:
    ལོ་ 14 སྔོན།

    བཙུམ་མའི་སྙིང་སྟོབས་ལ་བསྔགས་བརྗོད་དང་ཡི་རང་གུས་འདུད་བཅས་ཡོད།

    Reply
  17. གངས་རིའི་ཤེལ་དཀར། says:
    ལོ་ 14 སྔོན།

    གཞན་དོན་མེར་བསྲེགས།
    12-02-2012
    རང་ལུས་རིན་ཆེན་རྩུབ་པའི་མེ་ལྕེར་སྦྱོར། །
    ལ་རྒྱའི་སྙིང་སྟོབས་མེ་སྟག་ནམ་འཕངས་འཕྱོ། །
    ཀ་དག་དྲི་མེད་འོད་མདངས་མུན་གཉིད་བཀྲོལ། །
    གཞན་འཚེ་མེད་པས་རང་ལུས་མེའི་མཆོད་འབུལ། །

    དལ་འབྱོར་མི་ལུས་རིན་ཆེན་གཞན་དོན་བསྙེགས། །
    རང་གཞན་གཅེས་པའི་སྲོག་དེ་མེ་ཡིས་བསྲེགས། །
    བཟོད་མེད་ཚ་ཟུག་ངུ་དངགས་ཡོངས་སྤང་ནས། །
    ཆོལ་གསུམ་རང་དབང་བདེའི་དོན་མཁའ་དབྱིངས་བསྒྲགས། །

    ས་ཡ་དྲུག་གིས་བདེའི་དོན་རང་ལུས་བསྲེགས། །
    ཆོལ་གསུམ་བོད་ལ་འགྲོ་འདུག་རང་དབང་མེད། །
    དམར་པོའི་ཁྱི་སྤྱང་བཙན་གནོན་ཇི་བྱས་ཀྱང་། །
    མདའ་མཚོན་མེད་པའི་རང་ལུས་མེ་ལ་མཆོད། །

    རང་གཞན་ཀུན་ལ་བདེ་འདོད་ཚོར་སྣང་གཅིག །
    ཚ་གཟེར་སྡུག་བསྔལ་མི་འདོད་མ་ལུས་པ། །
    རང་སྒེར་དོན་བསྙེགས་དམར་པོའི་རིང་ལུགས་ཀྱིས། །
    ཉམས་ཆུང་བོད་ཕྲུག་འགའ་ནི་མེ་ལ་བསྲེགས། །

    མི་རིགས་སྐད་ཡིག་བཀོལ་བསྐྱོད་རང་དབང་མེད། །
    རང་ས་རང་གིས་འཛིན་པའི་ཐོབ་ཐང་མེད། །
    རང་ཆོས་རང་གིས་བསྒྲུབ་པའི་བདག་འཛིན་མེད། །
    མེད་པ་དེས་གསུམ་བོད་འབངས་གཉའ་གནོན་ཡོད། །

    རང་ལུས་མེས་ལྕེ་མཁའ་དབྱིངས་འཕྱོ་ཐེངས་རེར། །
    ཕྱིས་བཞུགས་བོད་ཕྲུག་སྙིང་རྨ་གས་ལ་ཁད། །
    མེ་ཡིས་གྲངས་འཕྲེང་བ་གམ་བརྩེགས་ཐེངས་རེར། །
    གདོང་དམར་སྟོང་བའི་སྡུག་བསྔལ་མིག་ཆུ་གཞོལ། །

    གཞིས་ལུས་དོན་གྱི་བདག་པོ་མིང་སྲིང་རྣམས། །
    རང་ལུས་མཆོད་མེའི་ལམ་དུ་མ་སྦྱོར་བར། །
    གདོད་མའི་ཕ་ཆོས་མི་རིགས་སྐད་ཡིག་སྲུང་། །
    ང་ཚོའི་སྐད་ཡིག་དང་ནི་མི་རིགས་དགོས། །

    བྱེས་བྱོལ་ལ་བ་གངས་ཅན་གདོང་དམར་ཚོ། །
    འདྲེན་ཟུང་ཞལ་ཁ་མཁའ་དབྱིངས་ཡོངས་ཕྱེ་ནས། །
    གཞིས་ལུས་བོད་ཀྱི་བདེ་སྡུག་མིག་ཟུང་གཟིགས། །
    མཐོ་པོའི་ཁྲི་ལ་གཟི་བརྗིད་ངོམ་རན་མེད། །

    བྱེས་གཞུང་གཞིས་ལུས་བོད་ཀྱིས་མིག་ཅེར་ཡོད། །
    བྱེས་གཞུང་ལས་དཔོན་གཞིས་ལུས་སྙིང་རེས་བཅོལ། །
    བྱེས་གཞུང་ཁྲིམས་ལུགས་གཞིས་ལུས་མ་འགལ་བརྩོན། །
    བྱེས་གཞུང་ལས་དཔོན་དེ་གསུམ་མ་བརྗེད་དགོས། །

    Reply
  18. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རང་གི་ལུས་སྲོག་གཅིག་པུ་དེ། སྤྱི་དོན་དུ་འབུལ་བ་ལས། བོད་མི་ལུས་སྲོག་གཞན་གྱི་རྒྱུད་ལ། ཞི་བའི་ལས་འགུལ་གཞི་རྒྱ་ཆེ་ལ། གཏིརང་རིང་བ། རྒྱུན་རིང་བའི་ལས་འགུལ་དེ་འདྲ་བརྩམས་ནས། བཙོན་དུ་ཕེབས་ན་མི་ལེགས་སམ། ད་ང་ལ་ཡང་ཤོད་པའི་ཚིག་ཀྱང་རྫོགས་ནས། དེ་ལས་ལྷག་མི་འདུག་གོ །བོད་རྒྱལ་ལོ། །བདེན་པ་རྒྱལ་ལོ། བདེན་པ་ཉིད་རྒྱལ་ལོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese