མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་ཞིག་གིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༢།༣༠ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་གཅའ་ཞང་ནག་ཚང་མའི་བཛྲི་ཚང་གི་ཕ་བཛྲི་དང་མ་པད་དཀར་གཉིས་ཀྱི་བུ་རང་ལོ་ ༡༩ ཡིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག

གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱིས་རྔ་པ་རྫོང་རྫོང་མཁར་གྱི་གཞུང་ལམ་དབུས་མའི་མགོ་སྟོད་ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག་ཀྱང་། སྐབས་ཐོག་དེར་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་སླེབས་ཏེ་ཁོང་གི་སྐུ་ལུས་ལ་འབར་གྱིན་པའི་མེ་བསད་དེ་གཅར་རྡུང་གཏོང་བཞིན་བཙན་ཁྲིད་བྱས་འདུག་པས་ཤི་གསོན་གྱི་གནས་ཚུལ་ཤེས་རྟོགས་མ་བྱུང་། ཁོང་ཚང་ལ་ནང་མི་ ༧ དང་མིང་སྲིང་ ༤ ཡོད་པའི་ཁོང་ནི་ཆེ་ཤོས་ཡིན་ཞིང་། ཁོ་རང་འཛིན་གྲྭའི་ནང་གི་སློབ་སྦྱོང་དང་སྤྱོད་ལམ་ཡག་ཤོས་ཤིག་དང་། ཚོགས་གླེང་ཐེངས་མང་གནང་མྱོང་མཁན་ཞིག་ཡིན་འདུག

ས་གནས་དེ་ག་རང་ནས་བོད་པའི་ཕོ་སར་གཉིས་ལ་གཅར་རྡུང་དྲག་པོ་བཏང་ཞིང་གཅིག་མང་ཚོགས་ཀྱི་རམ་འདེགས་འོག་ཐར་ཙམ་བྱུང་ཡོད་ནའང་། གཞན་དེ་ཉེན་རྟོག་པ་གཉིས་ཀྱིས་གཡས་གཡོན་ནས་བཀྱགས་ཁྲིད་འགྲོ་སྐབས། མེ་འཁོར་གྱིས་མིས་མཐོང་བར་ཁོ་བོའི་ལག་པ་དང་མགོ་རུ་ཁྲག་མང་པོ་འཐོན་བཞིན་འདུག་ཟེར། དེ་མིན་གྲྭ་པ་ཞིག་ཀྱང་གཅར་རྡུང་དྲག་པོ་བཏང་བའི་གནས་ཚུལ་ཡོད་ཀྱང་ཁོང་རྣམས་ཀྱི་མིང་དང་ས་གནས་སོགས་ཤེས་རྟོགས་མ་ཐུབ།

དོན་རྐྱེན་དེའི་རྗེས་སུ་རྔ་པའི་རྫོང་མཁར་གྱི་གཞུང་ལམ་དུ་འགྲེམས་འཇོག་བྱས་ནས་ཡོད་པའི་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་རང་ཐད་ནས་བཀག་བསྡོམས་བྱས་ཏེ་དོན་རྐྱེན་བྱུང་སའི་ས་གནས་སུ་མི་མང་འགྲོ་བཅུག་མེད་པ་དང་། རྫོང་མཁར་དུ་འགྲོ་སའི་ཕྱོགས་ཚང་མར་སྔར་ནས་ཡོད་པའི་ཞིབ་བཤེར་ས་ཚིགས་རྣམས་ནས་ཕར་འགྲོ་ཚུར་འོང་གི་བོད་མི་རྣམས་ལ་ཞིབ་བཤེར་བྱས་པ་སོགས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག


གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

སྐར་མ ༢༣ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨

མཆན། 14

  1. ཟླ་བ་དོན་གྲུབ། says:
    ལོ་ 15 སྔོན།

    དེ་སྔོན་ཟིན་བྲིས་ཁ་ཤས་བཏང་ཡིན་ཡང་གཅིག་ཀྱང་བཞག་མི་འདུག་རྒྱུ་མཚན་ག་རེ་ཡིན་ནམ། གསར་པ་ཁ་ཤས་དུས་བབས་དྲ་རྒྱའི་ནང་འབྱོར་དུས་ངོས་ལེན་བྱེད་ན་ཡག་པར་མཐོང་། དེ་མིན་རྟག་པར་མི་ཁ་ཤས་ཀྱི་ཟིན་བྲིས་འཇུག་ཀྱང་བྱེད་ན་བློ་བསྐྱེད་གང་ཡང་ཡོང་གི་མ་རེད་འདོད།

    Reply
  2. ཟླ་བ་དོན་གྲུབ། says:
    ལོ་ 15 སྔོན།

    དེ་སྔོན་ཟིན་བྲིས་ཁ་ཤས་བཏང་ཡིན་ཡང་གཅིག་བཞག་མི་འདུག་རྒྱུ་མཚན་ག་རེ་ཡིན་ནམ།

    Reply
  3. gyurmey says:
    ལོ་ 15 སྔོན།

    གཞིས་བཞུགས་སྤུན་ཟླ་ལགས། ཁྱེད་ཚོ་འདི་ལྟར་ལྔ་ལམ་དུ་མ་གཤེགས་ཅིག ངེད་ཁ་བ་རི་བ་ཚོར་ལ་ནི། ཁྱེད་ཅག་དག་ནི་ཤིན་ཏུ་ནས་དགོས་མཁོ་ཆེ་བའི་གནས་སྐབས་ཡིན་མ་གཏོགས། དེ་ལྟར་གཅིག་གཅིག་གཉིས་གཉིས་བྱས་ནས་གཤེགས་པའི་སྐབས་ཞིག་རྩ་ནས་མིན། ངས་དེ་རིང་རང་ཉིད་ཀྱི་དཔྲལ་བ་ས་ལ་སྦྱར་ནས། དེ་ལྟར་ཞུགས་ནས་མ་ཕེབས་རོགས།

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 15 སྔོན།

    གངས་ལྗོངས་འགྲོ་བའི་སྡུག་བསྔལ།།
    སེལ་ཕྱིར་ མི་ཡི་རྣམ་རོལ། །
    བྱོན་པའི་ཐེག་ཆེན་སེམས་དཔའ། །
    དཔའ་བོ་བློ་བཟང་རྒྱ་མཚོར།།
    བདག་གི་སྒོ་གསུམ་གུས་པས། །
    བསྟོད་དེ་ཁྱེད་ཀྱི་འདོད་འདུན། །
    མྱུར་དུ་འགྲུབ་པའི་གསོལ་འདེབས། །
    སྤྱན་རས་གཟིགས་ལ་ཞུ་འོ།།
    གངས་ཅན་ལྷ་སྐལ་སྤྱན་རས་གཟིགས་དབང་མཁྱེན།། 
    བདེན་པ་སྲོག་གིས་བརྡར་ལ་གྲོགས་མཛོད་ཅིག། 
    ཚེ་སྲོག་མེ་རུ་སྒྲོན་ནས་འོ་དོད་ཀྱིས།། 
    བཅོལ་བའི་རླབས་ཆེའི་ལས་གང་མྱུར་སྨིན་མཛོད།། 

    Reply
  5. འབྲུག says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོོ་ལ་སེམས་ཤུག་དང་སྙིང་སྟོབས་ཡོད། ང་ཚོའི་ནམ་ཡང་བརྗེད་མི་སྲིད།

    Reply
  6. སྒྲོལ་མ་མེ་ཏོག says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་བདེན་དོན་ཆེད་གཅེས་པའི་སྲོག་ཀྱང་གཏོང་བར་ཕོད་པའི་དཔའ་བོ་དཔའ་མོ་རྣམས་ལ་གུས་བཏུད་ཞུ།

    ཞོར་ནས་”གཞན་དེ་ཉེན་རྟོག་པ་གཉིས་ཀྱིས་གཡས་གཡོན་ནས་བཀྱགས་ཁྲིད་འགྲོ་སྐབས། མེ་འཁོར་གྱིས་མིས་མཐོང་བར་ཁོ་བོའི་ལག་པ་དང་མགོ་རུ་ཁྲག་མང་པོ་འཐོན་བཞིན་འདུག་ཟེར།”ལྟ་བུའི་བརྗོད་པ་འདི་རིགས་གོ་དཀའ་བར་སྣང་བས། སྣང་འཇོག་བྱ་གལ་ཆེ་བར་སྙམ་མོ།།

    Reply
  7. གཡུ་རལ་བཀྲ་རྒྱམ། says:
    ལོ་ 15 སྔོན།

    སེམས་ཁུངས་ནས་གུས་འདུད་ཞུ། མདོ་སྟོད་སྨད་ཀྱི་དཔའ་རྒོད་ཚོའི་སྙིང་སྟོབས་ལ་ཞིམ་པ་མེད་པར་མུ་མཐུད་དུ་འབར་དགོས་ལ་མེ་ལྕེ་འདིའི་སྐུ་ཚེ་ཡང་ཁྲི་ལོ་བརྟན་དགོས། ད་དུང་ཡང་འབར་དགོས། འདི་ནི་བོད་ཀྱི་ཆབ་སྲིད་ཀྱི་བསྟན་པའི་མེ་རོ་འདི་ཡང་མོ་ཁམས་སྨད་ནས་སོས་བཞིན་པའི་ཏན་རྟག་རེད།

    Reply
  8. ཀུན་དགའ། says:
    ལོ་ 15 སྔོན།

    རང་སྲོག་མཆོད་མེ་དང་། སྐུ་ལུས་རྒྱ་་འབེན་དུ་བཞག་པའི་གངས་ཕྲུག་ཚོ། ཁྱེད་ཅག་གི་ཚེ་སྲོག་དམར་པོ། ང་དང་ངའི་བུ་རབས་ཚ་བརྒྱུད་ཚོའི་ཆེད་དུ་ཕུལ་བ་ངས་གཏན་ཏུ་བརྗེད་མི་མི་སྲིད་ལ། གླད་པ་དང་རུས་རྐང་ཅན་གྱི་གདོང་དམར་བ་ཚོས་ནམ་ཡང་བརྗེད་ག་ལ་སྲིད།
    མདོར་ན། བོད་གངས་ཅན་པའི་ལྗོང་འདིའི་འདས་མ་ད་གསུམ་གྱི་དཀར་ཕྱོགས་དགེ་བའི་ལས་ཇི་རྙེད་ཅིག་ཡོད་པ་དེ་དག་སྟོང་གསུམ་གྱི་འཇིག་རྟེན་གྱི་དགེ་བའི་ལྟོས་སུ་ཡུལ་གྱིས་སྤྲུལ་ནས་ཁྱེད་ཅག་གི་དགེ་རྩར་བསྔོའོ།།
    ཨོ་མ་ཎི་པདྨེ་ཧྰུྃཿ ཨོ་མ་ཎི་པདྨེ་ཧྰུྃཿ ཨོ་མ་ཎི་པདྨེ་ཧྰུྃཿ ཨོ་མ་ཎི་པདྨེ་ཧྰུྃཿ ཨོ་མ་ཎི་པདྨེ་ཧྰུྃཿ ཨོ་མ་ཎི་པདྨེ་ཧྰུྃཿ ཨོ་མ་ཎི་པདྨེ་ཧྰུྃཿ

    Reply
  9. ཤིང་ལོ། says:
    ལོ་ 15 སྔོན།

    ཆབ་སྲིད་པ་སུས་ཀྱང་བོད་ནང་དུ་འདི་ལྟར་འབྱུང་རྒྱུ་ཡིན་པར་སྔོན་མ་ཚོད་དཔག་བྱེད་ཐུབ་མེད་ལ། རྒྱ་ཝང་ལུ་ཞོང་གི་གཙོས་ཆབ་སྲིད་པ་མང་པོ་ཞིག་གིས་ཉིས་སྟོང་བརྒྱད་ཀྱི་དྲག་གནོན་གྱི་རྗེས་སུ་ལོ་མང་པོར་བོད་ནང་དུ་ཡར་ལངས་བྱེད་མི་ཕོད་པར་བཤད་ཡོད། སྤྱིར་བོད་མི་རེ་རེས་རང་གི་སེམས་ནང་ལ་སྡུག་བསྔལ་བཟུང་ནས་ད་བར་ལྷག་ཡོད་ལ། ད་ནི་སྡུག་བསྔལ་ལས་ཐར་ཐབས་བཙལ་བ་རེད།

    Reply
  10. འཇིགས་མེད་སེང་གེ says:
    ལོ་ 15 སྔོན།

    སྨོན་ལམ་འདེབས་དང་མ་ཎི་འདོན་བཞིན་ཡོད།

    Reply
  11. ཐོ་རེངས། says:
    ལོ་ 15 སྔོན།

    ཨོ་མ་ཎི་པདྨེ་ཧྰུྃཿ རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚོ། གཞི་བྱེས་ན་གཞོན་ཕོ་མོ་ཚོ། སྙིང་སྟོབས་ལྷག་བསམ་གྱིས་ཕྱུག་པའི་གངས་ཅན་པ་ཚོ། ད་ནི་མཉམ་འབྲེལ་བྱེད་པའི་དུས་ལ་བབ། ད་ནི་འཆར་གཞི་འཇོག་པའི་དུས་ལ་བབ། ང་ཚོའི་སྙིང་སྟོབས་གཅིག་བསྒྲིལ་བྱེད་པའི་དུས་ལ་བབ། རང་གི་ཚེ་སྲོག་སྲུང་སྐྱོབ་བྱེད་པའི་དུས་ལ་བབ།
    འཆར་གཞི་དང་མགོ་མཇུག་མེད་པས་བྱ་བ་ལ། གྲུབ་འབྲས་དང་འདོད་དོན་འབྱུང་རྒྱུ་མེད་ལགས།
    བོད་ཕྱི་ན་ཡོད་པ་རྣམས་ཀྱིས་འཆར་གཞི་གཅིག་མཐུན་གྱིས་སྒོ་ནས་འཐབ་རྩོད་བྱེད་རྒྱུ་དང་། བོད་ནང་ན་ཡོད་པའི་བོད་མིའི་སྙིང་སྟོབས་དེ་རང་གི་ཚེ་སྲོག་གི་ཐོག་ལ་མི་གཏོང་བར། ཐབས་ཤེས་ལྡན་པའི་ལམ་ལུགས་ཞིག་གི་ཐོག་ལ་བེད་སྤྱོད་གཏོང་རོགས་ཞུ་ཞུ་ཞུ།།།།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    བོད་མི་ཡིན་ཚད་ཀྱིས་འགུལ་བསྐྱོད་བྱེད་རན་ཡིན། ༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་དགོས་ན། བོད་ནང་གི་ཆུང་སྤྲུལ་རིན་པོ་ཆེ་མཆོག་གི་གཙོ་བའི་ཆབ་སྲིད་བཙོན་པ་དག་གྲོལ་དགོས་ན། བོད་ནང་གི་ད་ལྟའི་ཛ་དྲག་གི་དོན་རྐྱེན་ལས་འདི་ལས་སྐྱོབས་དགོས་ན། བོད་མི་ཡིན་ཚད་ཀྱིས་ཁ་ཕ་ཡུལ་དུ་ཕྱོགས་དགོས་ཀྱི་ཡོད། དེ་ཡིན། ང་འགོ་བྱེད། ཁྱེད་ཅག་རྗེས་སུ་ཕེབས་ཤོག

    Reply
  13. སངྒེ ། says:
    ལོ་ 15 སྔོན།

    ད་ང་ཚོས་ཅི་ཞིག་བྱ། འདས་ཟིན་གྱི་ལོ་ངོ་༥༠་དང་། འབྱུང་འགྱུར་གྱི་ལོ་ངོ་༥༠་ལ་ཞིབ་འཇུག་དང་ཚོད་དཔག་མ་ཐུབ་ཀྱང་ཅི་ཁེག རེད་དེ་ད་ལྟ་ད་ལྟའི་གནས་ཚུལ་འདི་དག་ལ་ཁ་ཞིག་གྲགས་ཏེ་ལག་ཅིག་མི་འགུལ་སྲོལ་ཡོད་དམ།

    Reply
  14. རྟམ་ཁོ། says:
    ལོ་ 15 སྔོན།

    བདེན་དོན་གྱི་མེ་ལྕེ་དཔའ་སྙིང་གིས་བསྒྲོན་ཏེ་ཕེབས་ཤིང་བཞུད་པའི་དཔའ་བོ་དཔའ་མོ་ཡོངས་ལ་སྙིང་ནས་གུས་འདུད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese