མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༢ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཁམས་དཀར་མཛེས་རྫོང་དུ་ངོ་རྒོལ་སྐད་འབོད་བྱེད་མཁན་བོད་མི་ཞིག་དང་གཞན་བོད་མི་ཚོང་པ་གཅིག་བཅས་འཛིན་བཟུང་བཙན་འཁྲིད་བྱས་འདུག

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༡༡ ཡས་མས་སུ་ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་རང་ལོ་ ༢༡ ཡིན་པའི་བོད་མི་བཀྲ་ཤིས་དཔལ་ལྡན་ཞུ་བ་ཞིག་གིས། “ ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག   བོད་རང་བཙན་གཙང་མ་ཡིན། ”ཞེས་སྐར་མ་ཁ་ཤས་རིང་སྐད་འབོད་ཁྲོམ་སྐོར་བྱེད་སྐབས། ཉེ་འཁོར་དུ་ཡོད་པའི་དམག་མིས་གློག་རྒྱུགས་དང་མེ་མདའ་སོགས་ལག་ཆ་འདྲ་མིན་བེད་སྤྱོད་ཀྱིས་གཅར་རྡུང་དྲག་པོ་བཏང་རྗེས་བཙན་འཁྲིད་བྱས་ཡོད་པ་མ་ཟད། སྐབས་དེར་ཉེན་རྟོག་པས་བཀྲ་ཤིས་དཔལ་ལྡན་ལ་གཅར་རྡུང་བྱེད་ཀྱིན་པར་ལྟ་བཞིན་པའི་བོད་མི་ཚོང་པ་ཞིག་གི་སྐེ་རུ་ཡོད་པའི་བྱུ་རུ་དང་ལག་གི་ཕྲེང་བ་སོགས་འཕྲོག་པ་དང་། གཅར་རྡུང་བཏང་སྟེ་དྲན་པ་འཐོར་རྗེས་བཙན་འཁྲིད་བྱས་ཡོད་འདུག

ཐེངས་འདིའི་གནས་ཚུལ་འདི་མ་བྱུང་བའི་ཡར་སྔོན་དུ་ཁམས་དཀར་མཛེས་རྫོང་གི་ས་གནས་གང་སར་བོད་རང་བཙན་དང་འབྲེལ་བའི་སྦྱར་ཡིག་མང་པོ་བཀྲམས་ཡོད་པ་མ་ཟད། གངས་ལྗོངས་བོད་མི་གསུམ་གྱིས་བོད་བསྟན་སྲིད་དང་རང་དབང་ཆེད་རང་ལུས་མེར་བསྲེག་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད་པའི་སྦྱར་ཡིག་ཆེན་པོ་ཞིག་ཉེན་རྟོག་ཁང་གི་སྒོ་འགྲམ་སོགས་སུ་སྦྱར་བའི་གནས་ཚུལ་བྱུང་ཡོད་སྟབས། རྒྱ་ནག་གཞུང་གིས་ཁམས་དཀར་མཛེས་ཁུལ་དུ་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་སྔར་ལས་ལྷག་པའི་དམ་དྲག་ཁྲོད་གནས་ཡོད་འདུག   

བཀྲ་ཤིས་དཔལ་ལྡན་ལགས་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཁོག་རྩེ་ཞང་ཨ་རུ་ར་གྲོང་ཚོ་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་བསྟན་པ་ཉི་མ་དང་མ་མིང་ལ་ཚེ་རིང་གཡང་མཚོ་འབོད་ཀྱི་ཡོད་འདུག ཉེ་ལམ་ཁོང་འཛིན་བཟུང་བྱས་རྗེས་ནང་མི་གཉེན་འབྲེལ་ཚོས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༣ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 3

  1. gyurmey says:
    ལོ་ 14 སྔོན།

    བཙན་བྱོལ་ནང་གི་གྲྭ་བ་ལོ་གཞོན་ཚོས་དེང་དུས་ཀྱི་ཤེས་བྱ་དག་ལ་དོ་སྣང་འདྲེན་ཐབས་སུ་དགོན་པའི་ལས་ཀྱི་སྣེ་མོ་བ་ཚོས། དེ་ཕྱོགས་ལ་ཤུགས་གནོན་མི་དམན་ཙམ་བྱ་དགོས་པ་གལ་ཆེན་དུ་སྣང་བ་ཙམ་དུ་མ་ཟད། དེ་སང་བཙན་བྱོལ་ནང་གི་དགོན་པ་མང་དག་ཤིག་གི་ནང་གྲྭ་བ་ལོ་གཞོན་ཚོས་བོད་སྐད་མི་ཤོད་པར། བལ་སྐད་དང་ཧིན་སྐད་ར་མ་ལུག་གི་སྐད་ཆ་ཤོད་སྟངས་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་པ་དག་ལའང་། ལུགས་མཐུན་གྱི་བཅོས་འགྱུར་དགོས་པ་དེ་ཡང་། ལས་ཀྱི་སྣེ་མོ་བ་ཚོས་བསམ་གཞིག་བྱ་དགོས་པ་ཞིག་ཏུ་མཐོང་།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    མདོ་སྟོད་སྨད་ནས་དཔའ་བོ་གྲངས་མེད་བྱོན་ཙང་། རྗེས་སུ་ཡི་རང་ཞུ་མ་ཚར་བའི་དུས་ལ་སླེབ་འདུག བདག་གིས་དཔའ་བོ་ཁྱེད་ཚོའི་རྗེས་སུ་སྙེག་ཐུབ་ཀྱི་མི་འདུག་པས། དཔའ་བོ་རྣམས་ལ་དགོངས་དག་ཞུ་རྒྱུ་ཡིན། ཡིན་ནའང་། ཁྱེད་རྣམས་ངས་དུས་ནམ་ཡང་བརྗེད་སྲིད་ཀྱི་མ་རེད།  དཔའ་བོ་ཁྱེད་ཅག་ལ་གུས་འདུད་ཞུའོ།།

    Reply
  3. ཤིང་ལོ། says:
    ལོ་ 14 སྔོན།

    བཙན་བྱོལ་ནང་གི་གྲྭ་བ་ཚོར་དམིགས་བསལ་གྱིས་དེང་རབས་དྲ་རྒྱའི་སློབ་སྦྱོང་སྤྲད་མེད། ཡིན་ནའང་ཁོང་ཚོས་རང་འགུལ་གྱིས་སྦྱང་བ་གནང་སྟེ་ད་ཆ་གང་ཅིའི་ཐད་ཡར་རྒྱས་སུ་སོང་ཡོད་པ་དང་། དེ་རིང་ཁ་སང་བོད་ནང་གི་གནས་ཚུལ་ཀྱང་མང་ཆེ་བ་གྲྭ་བས་ལེན་གྱི་ཡོད། འདི་ལས་གྲྭ་བ་ཚོར་ངེས་པར་དུ་དེང་རབས་ཀྱི་སློབ་གསོ་སྤྲོད་དགོས་ཀྱི་ཡོད་པ་དང་། གྲྭ་བ་ཚོས་ཀྱང་ངེས་པར་དུ་གང་ཅིའི་ཐད་འགན་ཆེ་ཙམ་ལེན་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese