མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་ཆབ་སྲིད་ཀྱི་བསྟན་པའི་མེ་རོ་སོས་སྟངས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

སེ་ཌི་ནེ་ནས་བཀྲ་ཤིས་རྒྱ་མཚོས།

ཕྱི་ལོ་ ༡༩༤༩ ལོ་ནས་མགོ་བཙུགས་ནས་ཕྱི་ལོ་ ༡༩༥༩ བར་ལོ་ངོ་བཅུའི་རིང་ལ་རྒྱ་གཞུང་གིས་མངོན་ལྐོག་ནས་བོད་ས་ཡོངས་རྫོགས་བཙན་འཛུལ་བྱས་བ་རེད། ལོ་ངོ་དེ་དག་གི་རིང་ལ་བོད་ནང་ཆོས་ལུགས་ཁག་གི་བླ་ཆེན་དང་ཆོས་བ། མི་ཆེན་དཔོན་ཆེན་ནས་མཐའ་མའི་སྤྲང་བོ་བར་ལ་ཆེས་བློ་ཡུལ་ལ་མི་ཤོངས་བའི་མནར་གཅོད་དང་བཙོན་འཇུག་ཁྲིམས་གཅོད་བཏང་ནས་མཐར་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཟུང་བ་རེད། དེའི་རྗེས་སུ་རིག་གནས་གསར་བརྗེ་ཟེར་བའི་སྙིང་རྗེ་མེད་པའི་གཏུམ་དྲག་སྲིད་ཇུས་ཤིག་སླེབས་ནས་བོད་ཀྱི་དགོན་པ་གྲྭ་ཚང་ཁག་གཙོས་བོད་ཀྱི་རིག་གནས་རྣམས་རྩ་མེད་དུ་བཟོ་མགོ་བརྩམས། དེ་ལྟར་ལོ་དང་ཟླ་བར་སྦྲེལ་ཏེ་བོད་ཁམས་ཡོངས་ལ་གཏོར་བཅོམ་འཕྲོག་གསུམ་བྱས་བས་བོད་མི་རྣམས་ཀྱི་སེམས་ལ་ཆེས་བརྗེད་དུ་མི་རུང་བའི་རྨ་ཁ་དང་ན་ཟུག་ཆེན་པོ་ཞིག་བཞག་ཡོད། འདི་ནི་རྒྱ་ནག་གིས་བོད་ཁམས་ཡོངས་སུ་བཙན་འཛུལ་བྱས་བའི་དུས་རིམ་རེད།

དེར་བརྟེན་ཕྱི་ ༡༩༥༩ ལོར་༧གོང་ས་མཆོག་དང་བཀའ་ཤགས་སྲིད་གཞུང་རྒྱ་གར་ལ་བཙན་བྱོལ་ཏུ་ཕེབས་དགོས་བྱུང་བ་རེད།  ༡༩༨༩ ལོ་ནས་ ༢༠༡༡ བར་བོད་ས་ཡོངས་ནས་བསྟུད་མུར་བོད་མི་རིགས་ཀྱིས་རང་ཉིད་ལ་ཐོབ་འོས་བའི་རྒྱལ་ཁབ་དང་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་དེ་རྩོད་ལེན་བྱེད་མགོ་རྩམས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱུན་མ་ཆད་པར་སྤེལ། དུས་སྐབས་དེའི་ནང་༧གོང་ས་མཆོག་གིོ་སྐུ་ཚབ་ཚོ་ཡང་ཐེངས་གང་མང་པེ་ཅིན་ལ་ཕེབས་པ་རེད། འོན་ཀྱང་འབྲས་བུ་བཟང་བོ་ཞིག་མ་ཐོན་པ་རེད། བོད་མི་དམངས་ཀྱི་ངོས་ནས་མུ་མཐུད་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བོད་ས་ཡོངས་ནས་བྱས་བ་རེད། རྒྱ་ནག་གཞུང་ཕྱོགས་ནས་ད་དུང་མིག་ཡ་གཅིག་ལོང་བ་དང་རྣ་ཡ་གཅིག་འོན་པའི་ཚུལ་གྱིས་ཏྰ་ལའི་རུ་ཚོགས་ཀྱི་ངན་འབྲེལ་ལ་རྡུང་རྡེག་ཚ་ནན་བྱེད་དགོས་བའི་བཙན་བཀའ་རེ་ཕབ་སྟེ་ད་བར་དུས་ཚོད་བསྐྱལ་ཐབས་བྱས་པ་རེད། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ནང་ཁུལ་གྱི་སྲིད་ཇུས་ལ་ཐེ་གཏོགས་བྱས་ཚེ་རྒྱལ་ཁབ་ཕན་ཚུན་བར་གྱི་ཚོང་འབྲེལ་ལ་དོ་ཕོག་ཡོངས་བར་བསྙད་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁ་འགོག་གང་ཐུབ་བྱས། འདི་ནི་དུས་རབས་ཉེར་གཅིག་པའི་རྒྱ་ནག་གི་སྲིད་ཇུས་འཛིན་སྟངས་རེད།

ཕྱི་ ༢༠༡༡ ནས་མདོ་སྟོད་སྨད་གཉིས་ཀྱི་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་ངོ་བོ་མཚོན་བྱེད་རང་ལུས་སྒྲོན་མེར་སྦར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ཀྱི་ལས་འགུལ་རྒྱུན་མ་ཆད་པ་རེད། འདས་སོང་གི་དཔའ་བོ་དཔའ་མོ་རྣམས་ཀྱི་སོ་སོའི་མཛའ་བཤེས་གཉེན་ཉེ་དང་འཇིག་རྟེན་འདིའི་སྟེང་གི་འདོད་ཡོན་ལོངས་སྤྱོད་ཡོངས་རྫོགས་བློས་བཏང་ཏེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་བའི་བདེ་སྐྱིད་ཆེད་དུ་རང་ལུས་རང་སྲོག་སྒྲོན་མེར་ཕུལ་བ་འདི་ཆེས་གཟི་བརྗིད་ཞིག་ཏུ་བགྲང་ཆོག བོད་ཀྱི་ལོ་རྒྱུས་ཐོག་བོད་ལ་དཔའ་རྟུལ་གྲངས་ལས་འདས་བ་བྱུང་ཡོད་ལ་དུས་ད་ལྟ་ཡང་རྒྱ་ནག་གི་གདུག་རྩུབ་འོག་བོད་མི་རིགས་ཀྱི་དཔའ་སྟོབས་ལ་ཞུམ་པ་ནམ་ཡང་མེད། བོད་མི་རིགས་འདིའི་རྒན་གཞོན་ལ་དབྱེ་བ་མེད་པར་གཅིག་རྗེས་གཉིས་མཐུད་ཀྱིས་དགྲ་ཕྱོགས་སུ་མཚོན་ཆ་མི་གཏོད་པར་རང་རྒྱུད་ལ་ཡོད་པའི་བྱམས་སྙིང་རྗེ་ཁོ་ན་སྤྱད་དེ་བདེན་དོན་དང་གནས་ལུགས་བཤད་ས་མེད་པའི་རྒྱ་གཞུང་གི་ལས་ཁུངས་དག་གི་སྒོ་འགྲམ་ནས་རང་སྲོག་བདེན་པའི་དཔང་བོར་བཙུགས་ནས་གཅེས་སྲོག་གཅིག་རྗེས་གཉིས་མཐུད་དུ་གཏོང་གི་ཡོད། དི་ནི་ང་ཚོའི་དཔའ་བོ་དཔའ་མོ་རྣམས་ཀྱི་རང་རང་གི་ལྟོ་གོས་གཏམ་གསུམ་ཆེད་མ་ཡིན་པར་མ་འོངས་བོད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཕུལ་བའི་ཆེས་རིན་བྲལ་གྱི་ལེགས་སྐྱེས་རེད།

བོད་པའི་ལོ་རྒྱུས་སྟེང་བོད་ཀྱི་ཆོས་སྲིད་འདི་དར་རྒུད་གང་མང་ཞིག་བརྒྱུད་ནས་ཡོང་ཡོད་ལ་སྐབས་དེར་བོད་ཀྱི་ནང་ཆོས་སུ་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་སོས་ཞེས་བསྟན་པ་ཕྱི་དར་ཟེར་བ་ཞིག་བྱུང་ཡོད་པ་ལྟར། ལོ་ངོ་གཉིས་ཀྱི་ཡར་སྔོན་ནས་བཟུང་བོད་ཀྱི་ཆབ་སྲིད་ཀྱི་བསྟན་པའི་མེ་རོ་འདི་ཡང་མདོ་ཁམས་སྨད་ནས་སོས་བཞིན་འདུག་ཅེས་བཤད་ན་མི་ཆོག་པ་མེད། འགའ་ཤས་ཀྱིས་མདོ་ཁམས་ཀྱི་མི་ལ་གླེན་རྟགས་ཆེ་ཟེར་ཡང་དེ་ནི་ཕྱོགས་ཞེན་གྱི་འཆལ་གཏམ་ཁོ་ནར་ངོས་འཛིན་བྱེད་ཆོག གང་ལྟར་ལོ་ངོ་འདི་དག་གི་རིང་ལ་མདོ་ཁམས་སྨད་ནས་ཆབ་སྲིད་ཀྱི་མེ་ལྕེ་མཁའ་རུ་མཆེད་ནས་ད་དུང་ཡང་འབར་བཞིན་འདུག འདི་ནི་མདོ་ཁམས་ཀྱི་དཔའ་རྒོད་དག་གིས་བོད་ཁམས་ཡོངས་ལ་བཞག་པའི་མཛད་རྗེས་བླ་མེད་དེ་རེད།  །

 

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༦ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 6

  1. བསྟན་འཇམ། says:
    ལོ་ 14 སྔོན།

    ཐབས་ལམ་སོགས་གང་ཡང་མེད་པའི་སྡུས་བསྔལ་བརྗོད་པའི་ཡིག་ལ་རྒྱབ་སྐྱོར་གྱི་ཚུལ་དུ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་བ་མ་གཏོགས་ཅི་ཡང་མི་འདུག

    Reply
  2. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    མདོ་ཁམས་ཡུལ་གྱི་དཔའ་རྒོལ་རྣམས་རྒྱ་ནག་གིས་གནང་བའི་ལྟོ་གོས་གཏམ་གསུམ་ལ་མགོ་འཁོར་མེད་ལ་རང་གི་རྒྱལ་ཁབ་དང་མི་རིགས་ཡང་བརྗེད་མི་འདུག་ཟེར་བ་ཡིན།
    ད་དུང་ཞུ་རྒྱུ་ཞིག་ལ་མིང་རྫུན་འོག་ནས་ཁྱི་ལབ་རྒྱག་མཁན་དག་ཡང་རྒྱ་ནག་གི་རྒྱུགས་ཁྱི་ངོ་མ་དེ་ཡིན་ཚོད་རེད།

    Reply
  3. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བོད་ནང་ནས་རང་སྲོག་བློས་གཏོང་གིས་བོད་སྤྱི་པའི་ལ་རྒྱ་སྙིང་བཅངས་གིས་ལས་འགུལ་མུ་མཐུད་སྤེལ་སྐབས་བཙན་བྱོལ་བ་རྣམས་ཀྱིས་ཕྱོགས་ཞེན་གྱི་རྩོམ་རིགས་འདྲ་མིན་སྤེལ་ནས་བོད་མི་ནང་ཁུལ་ལ་ཕར་འཐེན་ཚུར་འཐེན་དང་རང་བསྟོད་གཞན་སྨད་ཁོ་ནས་དུས་འདའ་བཞིན་འདུག ཨ་ཁ། བྱེད་སྟངས་འདི་ལ་བལྟས་ན་བོད་མི་རྣམས་ད་དུང་རྒྱའི་འོག་དང་བཙན་བྱོལ་དུ་ད་དུང་ལོ་མང་སྡོད་ཁོ་ཐག་རེད་འདུག ཆིག་སྒྲིལ་ཟེར་བ་འདི་རྩོམ་རིགས་དང་མི་མང་གཏམ་བཤད་དང་གཞས་ཚིག་ནང་ཁོ་ན་མ་ཡིན་པར་ཁ་ཞེ་གཉིས་མེད་ཅིག་དགོས་ཀྱི་འདུག

    Reply
  4. gyurmey says:
    ལོ་ 14 སྔོན།

    དེ་རིང་བྲེལ་བའི་དབང་གིས་ཡག་པོ་ཞིག་ཀློག་ཚར་མ་སོང་། རྗེས་ལ་བཀླག་རྒྱུ་ཡིན།

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ཚང་མའི་སེམས་ཀྱི་ན་ཟུག་གང་སར་འཕྱོ་ཐུབ་ན་ཧ་ཅང་བཟང་གི ལྷག་པར་སྐད་གཉིས་སྨྲ་བ་ཚོས་ཆབ་སྲིད་ཀྱི་དཀའ་གནད་རྒྱ་ནག་གཙོས་ཕྱི་རྒྱལ་གྱི་རྩོམ་པ་པོ་དང་མཁས་དབང་དག་གིས་བྲིས་པ་བོད་ཡིག་ཏུ་བསྒྱུར་རྒྱུ་གལ་ཆེའོ།།

    Reply
  6. སྲོང་བཙན་སྒམ་པོ། says:
    ལོ་ 14 སྔོན།

    རེད་རེད། ཁ་བརྡ་བསྡུས་བ་ཞིག་བྲིས་འདུག དེ་ལས་ཀྱང་མཐའ་མའི་ཐིག་ཕྲེང་དེ་མཐོང་དུས་ཅིག་མ་བཤད་རང་བཤད་ཆགས་སོང་། བོད་ཀྱི་བླ་དང་རྣམ་ཤེས་ཁ་སྟབས་དང་བཅས་པ་དབུས་ཕྱོགས་ནས་བསྐྱལ་སར་བསྐྱལ་ཚར་ཡོད། དེ་གླེང་ནས་ཕན་གྱི་མ་རེད། ལོ་རྒྱུས་དེབ་ཐེར་གྱི་སྐད་རེད་མོད། མདོ་ཁམས་ཡུལ་ནས་ཆབ་སྲིད་མེ་རོ་གསོ་སྟངས་འདིར་ཉི་མ་ལྷ་སའི་ཕྱོགས་ནས་ཐུགས་དང་སྤྱན་གྱིས་ཚོར་གྱི་ཡོད་ཚོད་མི་གདའ་ལ། གཅིག་བྱས་ན་སྲོང་བཙན་ངའི་རུས་པ་ཉམས་སོང་ནས། མགོ་བདེ་དྲན་འཁྲུལ་གྱི་རྦ་རླབས་འཁྲུག་དྲག་ནས་ཀྱང་མིན་འགྲོ་བསམས་ཀྱང་། མགོ་རུལ་རྣ་བས་མ་ཚོར་ན་གཏན་ནས་འགྲིག་ཐབས་ཤིག་ག་ལ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese