མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸ཏཱ་ལའི་བླ་མ་ལས་ལྷག་མེད།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྲིད་འཛིན་གཞོན་པ་ཞིས་ཅིན་ཕིན་ཨ་རིར་འཚམས་འདྲིར་སྐྱོད་སྐབས། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་འཐུས་མི་གཉིས་ཀྱིས་བོད་དོན་སྐོར་གྱི་བསྒྲགས་ཡིག་ཅིག་སྤེལ་འདུག

ཉེ་ལམ་རྒྱ་ནག་སྲིད་འཛིན་གཞོན་པ་ཞིས་ཅིན་ཕིན་ཨ་རིར་རྒྱལ་དོན་འཚམས་གཟིགས་སུ་སྐྱོད་བཞིན་པའི་སྐབས་དང་བསྟུན་ཏེ། ཨ་རིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞིས་ཅིན་ཕིན་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་འཐུས་མི་ཁ་སི་ཊོམ་ཁ་རི་ལགས་དང་ཤཱ་རི་བྷོ་རོན་ལགས་གཉིས་ཀྱིས། བོད་ཀྱི་གནད་དོན་ཐོག་རྒྱ་ནག་སྲིད་འཛིན་གཞོན་པར་འབོད་སྐུལ་བསྒྲགས་ཡིག་ཅིག་སྤེལ་འདུག

བསྒྲགས་ཡིག་དེའི་ནང་དུ། ” རྒྱ་གཞུང་གིས་རྒྱ་ནག་ནང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རྒྱ་ནག་ནང་ཁུལ་གྱི་ཁྲིམས་ལུགས་དབང་བསྒྱུར་ལམ་སྲོལ་གཉིས་ཡར་རྒྱས་གཏོང་དགོས་ལ། མ་འོངས་པར་སྐུ་ཞབས་ཞིས་ཅིན་ཕིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བསྐོ་བཞག་བྱ་རྒྱུ་ཡིན་སྟབས། སྲིད་འཛིན་ཧུའུ་ཅིན་ཐའོ་གཙོས་པའི་དེ་སྔའི་རྒྱ་ནག་སྲིད་འཛིན་རྣམས་ཀྱི་བྱ་སྤྱོད་དང་མི་འདྲ་བར། རྒྱ་ནག་ནང་དོན་དངོས་དང་མཐུན་པའི་འགྱུར་བ་ཆེན་པོ་ཞིག་གཏོང་ཐུབ་རྒྱུར་རེ་བ་ཆེན་པོ་ཡོད་ ” ཅེས་འཁོད་འདུག

ཡང་བསྒྲགས་ཡིག་དེའི་ནང་། “ དེང་སྐབས་བོད་ནང་རྒྱ་གཞུང་གིས་དྲག་གནོན་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་གསར་འགྱུར་བརྒྱུད་ལམ་དང་དྲ་རྒྱ་སོགས་ལ་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད། ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། ད་བར་རྒྱ་གཞུང་གི་དྲག་གནོན་འོག་བོད་ནང་བོད་མི་ ༢༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་ཡོད་ལ། གནད་དོན་དེ་དག་ནི་རྒྱ་གཞུང་གིས་བོད་ནང་དྲག་པོའི་སྲིད་བྱུས་ལག་བསྟར་བྱས་ཏེ། བོད་མིའི་ཆོས་དང་རིག་གཞུང་རྩིས་མེད་རྡོག་རོལ་བཏང་བ་ལས་བྱུང་བ་ཞིག་རེད། བོད་མི་ཞི་རྒོལ་བའི་སྟེང་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་པ་དེར་ང་ཚོའི་ངོས་ནས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད། བོད་ནང་དོན་དམ་གྱི་ཞི་བདེ་དང་བརྟན་བརླིང་ཞིག་དགོས་ན། ༸ཏཱ་ལའི་བླ་མ་ལས་ལྷག་པའི་མི་གཅིག་ཀྱང་མེད་སྟབས། རྒྱ་ནག་གཞུང་གིས་༧ཏཱ་ལའི་བླ་མ་མཆོག་ལ་སྐྱོན་བརྗོད་ཁོ་ན་བྱ་རྒྱུའི་ཚབ་ཏུ། དངོས་ཡོད་གནས་ཚུལ་ལ་ངོས་འཛིན་གསལ་པོ་བྱས་ཏེ་བོད་མི་ཚོར་རང་སྐྱོང་ཚད་ལྡན་ཞིག་སྤྲོད་དགོས་པ་རེད་ ” ཅེས་འཁོད་འདུག

གསར་འགོད་པ། དཔལ་ལྡན།

 


འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༩ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 6

  1. gyurmey says:
    ལོ་ 14 སྔོན།

    ཁྱེད་ཚོས་བོད་མི་རིགས་ཀྱིས་ད་ལྟ་མྱོང་བཞིན་པའི་ཡ་ང་བའི་སྡུག་བསྔལ་ལ་ལྷག་བསམ་རྣམ་དག་གི་སེམས་ཚོར་བསྒྲགས་ཡིག་སྤེལ་བར། ངེད་བོད་མི་རྩམ་གཟན་ཀུན་གྱིས་ཐུགས་རྗེ་ཆེ་ཞུ། སླད་ཀྱི་དུས་སུའང་རྒྱབ་བསྐྱོར་ལ་འགྱུར་བ་མེད་པར་མུ་མཐུད་ནས་བྱས་ཐུབ་ན་ཡག་པོ་འདུག
    སྤུན་ཟླའི་མི་རིགས་ཀྱི་ཕུ་ནུ་ཚོས་ཀྱང་། ཕྱིའི་རོགས་བསྐྱོར་ལ་བློ་ཁ་མ་ཚིམས་པར་མི་རིགས་མཐུན་འབྲེལ་དང་། ༸རྒྱལ་བའི་དགོངས་པ་བདེ་བླག་ཏུ་བསྒྲུབ་ཕྱིར་སྒོ་གསུམ་གྱི་ནུས་སྤུངས་དགོས་པ་ཡང་གལ་ཆེན་རེད་དྲན་གྱི་འདུག

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    གྲོས་ཚོགས་ཀྱི་མི་སྣ་གཉིས་ཀྱིས་བདེན་དོན་གླེང་འདུག ཡིན་ནའང་། དངོས་གནས་ཤ་ཚ་ཚ་བྱས་ནས་གླེང་ཐུབ་མེད་པ་དང་། གསུངས་བཤད་ལ་ཧ་ཅང་གི་ཟུར་ཁའང་ཉུང་ཉུང་རེད། དེ་འདྲ་ཞིག་ཡིན་རྒྱུ་རེད། རྒྱ་ཁབ་དང་། དཔལ་འབྱོར། དམག་ཤུགས་སོགས་མེད་པའི་རིགས་ལ་དེ་ཙམ་མ་གཏོགས་རེག་གི་མ་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གསར་འགོད་པ་མཁས་དབང་ལགས།
    ༸ཏཱ་ལའི་བླ་མ་ལས་ལྷག་མེད། ཟེར་ན་ཅི་ཟེར་བགྱིད་ཡོད། བོད་རིགས་ས་ཡ་དྲུག་ག་འཆི་ཚར་བ་ཡིན་ནམ། ངས་འདིར་ཤོད་འདོད་པ་ནི། ༸ཏཱ་ལའི་བླ་མ་ལས་ལྷག་༼པ་༽མེད། ཅེས་པའི་པ་གལ་ཆེན་པོ་མིན་ནམ།

    Reply
  4. རིག་པའི་རལ་གྲི says:
    ལོ་ 14 སྔོན།

    ཏ་ལའི་བླ་མ་ལས་ལྷག་མེད། ཟེར་བའི་གསར་འགྱུར་གྱི་མིང་དེ་མཐོང་སྐབས། རྒྱ་ནག་གིས་རྫུན་ལབ་ཆེན་པོ་ཞིག་སྨྲས་ཡོད་ས་རེད་བསམ་ཀློག་སྐབས། དོན་དུ་ཨ་རིས་མ་སྣས་ཏ་ལའི་བླ་མ་ལས་ལྷག་པའི་མི་མེད་ཟེར་བ་རེད་འདུག མིང་དེ་དག་ལ་དོ་སྣང་ངེས་ཅན་དུ་གནང་དགོས་འདུག

    Reply
  5. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ་རེད་་་་
    ད་དུང་རྒྱལ་ཁབ་དང་ཚོགས་པ་གཞན་པས་ཀྱང་འདི་ལྟར་ང་ཚོར་རྒྱབ་སྐྱོར་དང་རྒྱ་གཞུང་ལ་འབོད་སྐུལ་མུ་མཐུད་ཞུས་ན་འགྱུར་བ་ཅུང་ཙམ་འགྲོ་བར་ཕན་ཐོགས་ཡོད་ངེས།

    Reply
  6. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    བཀའ་དྲིན་ཆེ་ལགས།
    འདི་ལས་ལྷག་པའི་རོགས་རམ་བྱེད་རྒྱུ་མེད། ད་བོད་མི་ཚོས་རང་ངོས་ནས་ཤུ་རེ་བྱེད་དགོས
    ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese