མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་པ་ཁུལ་གྱི་དམར་ཤོག་དྲུང་ཆེ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་དམག་དོན་དང་ཁྲིམས་ཀྱི་ལས་གནས་རིམ་པ་ཁུར་མྱོང་བའི་རྒྱ་རིགས་ལིག་ཙོ་མིན་རྔ་པ་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེར་བསྐོས་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་རྒྱ་ནག་གཞུང་གིས་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་འཕོ་འགྱུར་བཏང་སྟེ། ད་ལྟའི་བར་རྒྱ་ནག་གི་དམག་དོན་དང་ཁྲིམས་ལུགས་ཀྱི་ལས་གནས་རིམ་པའི་ཐོག་ལས་ཀ་བྱས་མྱོང་བའི་རྒྱ་རིགས་ལིག་ཙོ་མིན་འབོད་པ་རྔ་པ་ཁུལ་གྱི་དམར་ཤོག་དྲུང་ཆེར་བསྐོ་བཞག་གནང་འདུག  ཉེ་ལམ་སི་ཁྲོན་ཞིང་ཆེན་གྱི་དཔོན་རིགས་འདུ་འཛོམས་ཚོགས་འདུ་ཞིག་གི་ཐོག  ལིག་ཙོ་མིན་གྱིས། རྔ་པ་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་བདེ་འཇགས་སྲུང་སྐྱོབ་ལ་ཆིག་སྒྲིལ་གྱི་ནུས་པ་འདོན་དགོས་ཚུལ་དང་། ལས་དོན་གྱི་ཁ་ཕྱོགས་དང་དམིགས་ཡུལ་གསལ་བོ་ཡིན་པའི་སྐབས་སྤྱི་ཚོགས་སྟེང་གནས་ཚུལ་གང་མང་ཞིག་འབྱུང་བཞིན་པ་དེ་ནི། ནུས་ལྡན་གྱི་ཁྲིམས་ལག་བསྟར་བྱེད་མིན་ལ་རག་ལས་ཡོད་སྐོར་དང་། རྒྱལ་ཁབ་ཁ་བྲལ་དང་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་བའི་རིགས་སྔོན་འགོག་གིས། སྤྱི་ཚོགས་བརྟན་བརླིང་དང་མེས་རྒྱལ་ཁ་བྲལ་གཏོང་ཐབས་ཀྱི་འཆར་ངན་བཅང་མཁན་རྣམས་རྩ་མེད་གཏོང་དགོས་པ་དང་། རྒྱལ་ནང་དང་ཕྱི་ཕྱོགས་ཀྱི་དགྲ་བོར་རྒོལ་ལན་སྤྲོད་དགོས་པའི་གཏམ་བཤད་ཅིག་སྤེལ་ཡོད་སྟབས། གནད་དོན་དབྱེ་ཞིབ་པ་ཚོས། ཁོང་གི་གསར་དུ་བསྐོ་བཞག་བྱས་རྗེས་ཀྱི་གཏམ་བཤད་ལ་གཞིགས་ཏེ། མ་འོངས་པར་རྔ་པ་ཁུལ་ལ་སྔར་ལས་ལྷག་པའི་དྲག་གནོན་དང་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

རང་ལོ་ ༥༤ ཡིན་པའི་ལིག་ཙོ་མིན་ནི། ཕྱི་ལོ་ ༡༩༥༧ ལོར་རྒྱ་ནག་ཧྲན་ཏུང་ཞིང་ཆེན་གྱི་མི་ཡིན་ཞིང་། ཆུང་དུས་རྒྱ་ནག་ནང་ཁུལ་དུ་སློབ་སྦྱོང་དང་། ཕྱིས་སུ་ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་དུ་ལོ་ ༥ རིང་ཆབ་སྲིད་དང་ཁྲིམས་ལུགས་ཆེད་ལས་ཐོག་སློབ་སྦྱོང་གནང་རྗེས། ནུབ་བྱང་སྲིད་ཁྲིམས་སློབ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བ་མ་ཟད། ༡༩༨༤ ལོ་ནས་བཟུང་ཁྲོན་ཆིན་གྲོང་ཁྱེར་མི་དམངས་ཞིབ་བཤེར་ཁང་གི་གཙོ་འཛིན་དང་ཁྲོན་ཆིན་རོན་ཁྲང་རྫོང་མི་དམངས་ཞིབ་བཤེར་ཁང་གི་འགན་འཛིན་གཞོན་པ། རྗེས་སུ་ཞིབ་བཤེར་འགན་འཛིན་དང་དམར་ཤོག་དྲུང་ཆེ་བཅས་ལས་སྣེ་རིམ་པའི་ཐོག་ལས་ཀ་བྱས་འདུག་ལ།  ༡༩༩༢ ལོར་སི་ཁྲོན་ཞིང་ཆེན་དུ་གནས་སྤོར་རྗེས་སྔ་ཕྱི་སི་ཁྲོན་མི་དམངས་ཞིབ་བཤེར་ཁང་རུལ་སུངས་བཀག་སྡོམ་ཚན་པའི་འགན་འཛིན་གཞོན་པ་དང་འགན་འཛིན། ཁྲིན་ཏུའུ་གྲོང་ཁྱེར་མི་དམངས་ཞིབ་བཤེར་ཁང་གི་ཞིབ་བཤེར་འགན་འཛིན་དང་དམར་ཤོག་འཐུས་མི། སི་ཁྲོན་ཞིང་ཆེན་ཁྲིམས་ལུགས་ལྷན་ཁང་གི་དམར་ཤོག་དྲུང་ཆེ་བཅས་ཀྱི་འགན་འཁུར་མྱོང་བ་དང་།  ཉེ་ལམ་སི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ལྷན་ཁང་གི་འགན་འཛིན་དང་དམར་ཤོག་དྲུང་ཆེའི་ལས་གནས་ནས་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་གནང་འདུག

 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༨ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 3

  1. ཤིང་ལོ། says:
    ལོ་ 14 སྔོན།

    ཡང་གཞི་རྩ་རུལ་བའི་ཁྱི་སྤྱང་ཞིག་ཡིན་ས་རེད། བློ་ཁ་ཞི་བ་དང་། ཀུན་ཕན་ཅན་དུ་འགྱུར་བར་ཤོག

    Reply
  2. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    མ་གཞི་གསར་འགྱུར་ཚང་མ་ཧ་ཅང་ལེགས་པས་རྗེས་སུ་ཡི་རང་ཁོ་ན་ལས་མེད་ཀྱང་། འདི་རིགས་ལ་འབྲེལ་ཡོད་གསར་འགྱུར་འབྲི་སྐབས་ཞེ་སའི་མཚམས་ཟིན་པ་གལ་ཆེ་སྟེ། ཞེ་ས་དང་ཞེ་ས་མིན་པའི་ཚིག་གིས་ལངས་ཕྱོགས་མཚོན་གྱིན་ཡོད་པས་སོ། །
    དཔེར་ན། བསྐོ་བཞག་གནང་་་་་་་་སློབ་སྦྱོང་གནང་རྗེས་་་་་་་་་་་་་་་་་ཕྱག་ལས་གནང་འདུག སོགས་ལ་དོ་སྣང་གནང་རོགས།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ༼རང་ལོ་ ༥༤ ཡིན་པའི་ལིག་ཙོ་མིན་ནི། ཕྱི་ལོ་ ༡༩༥༧ ལོར་རྒྱ་ནག་ཧྲན་ཏུང་ཞིང་ཆེན་གྱི་མི་ཡིན་ཞིང་།༽
    ༼ཉེ་ལམ་སི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ལྷན་ཁང་གི་འགན་འཛིན་དང་དམར་ཤོག་དྲུང་ཆེའི་ལས་གནས་ནས་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་༽
    ༢༠༡༢ ལོའི་ཕྱི་ཟླ་༢ པའི་ཚེས་༡༧ ཉིན་ནས་ཨ་མདོ་རྔ་བའི་མི་སེར་ཆགས་པ་རེད། ཧ་ཧ་ཧ
    རྩེད་མོ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese