མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་རྒྱལ་གསར་འགོད་པར་རུབ་རྡུང་།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་རྒྱ་ནག་ཀྲིག་ཅང་ཕན་ཧི་སྡེ་བའི་ནང་། རྒྱ་ཉེན་རྟོག་པས་ཕྱི་རྒྱལ་གསར་འགོད་པ་ཞིག་ལ་རུབ་རྡུང་བྱས་ཏེ།  པར་ཆས་ཀྱི་བྱང་བུ་དང་ཟིན་བྲིས་སོགས་བཙན་འཕྲོག་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ནའེ་དྷིར་ལན་ཌིའི་(Netherlands)གསར་འགོད་པ་ཋེ་ནེ་སི་(Remko Tanis)ལགས་རྒྱ་ནག་ཀྲིག་ཅང་ཝུན་ཀྲིག་གྲོང་ཁྱེར་ཙཱང་ནན་རྫོང་པན་ཧི་སྡེ་བའི་ནང་བསྐྱོད་དེ། རྒྱ་གཞུང་གིས་ས་ཁུལ་དེའི་ནང་མི་མང་གི་ས་ཞིང་བཙན་འཕྲོག་བྱས་པའི་རྐྱེན་གྱིས། ཉེ་ཆར་མང་ཚོགས་འདུ་འཛོམས་གྱི་ངོ་རྒོལ་ལས་འགུལ་བྱུང་པའི་གནས་ཚུལ་རྒྱུས་ལོན་ཆེད་ས་གནས་མང་ཚོགས་ལ་བཅར་འདྲི་བྱེད་སྐབས། དམག་ལྭ་གྱོན་མེད་པའི་རྒྱ་གཞུང་ཉེན་རྟོག་དམག་མི་མང་པོ་སླེབས་ཏེ། ས་གནས་མང་ཚོགས་དང་གསར་འགོད་པའི་མཐའ་སྐོར་ཏེ་རུབ་རྡུང་བྱས་ཡོད་པར་མ་ཟད། གསར་འགོད་པའི་པར་ཆས་ཀྱི་བྱང་བུ་དང་ཟིན་བྲིས་དེབ་སོགས་ཅ་དངོས་རྣམས་བཙན་འཕྲོག་བྱས་ཡོད་འདུག

གསར་འགོད་པ་ཋེ་ནེ་སི་ལགས་གསར་ལམ་ཁག་ཏུ་དེའི་སྐོར་གྱི་གནས་ཚུལ་བརྗོད་སྐབས། “ས་གནས་མང་ཚོགས་ལ་བཅར་འདྲི་བྱེད་སྐབས། དམག་ལྭ་གྱོན་མེད་པའི་ཉེན་རྟོག་དམག་མི་ ༡༠༠ ལྷག་སླེབས་ཏེ་མཐའ་སྐོར་རྗེས། གསལ་བཤད་གང་ཡང་མེད་པར་ཐད་ཀར་མང་ཚོགས་ལ་གཅར་རྡུང་སྐོར་གསུམ་བྱས་བྱུང་། ང་ལའང་མི་བཅུ་གྲངས་ཤིག་གིས་གཅར་རྡུང་བྱས་པ་མ་ཟད། པར་ཆས་ཀྱི་བྱང་བུ་དང་ཟིན་བྲིས་དེབ་སོགས་ཅ་རྣམས་བཙན་འཕྲོག་བྱས་སོང་། སྐབས་དེར་ང་ལ་རྨས་སྐྱོན་ཚབ་ཆེན་བཟོས་མ་བྱུང་ཡང་། ས་གནས་མང་ཚོགས་ལ་གཅར་རྡུང་དྲག་པོ་བྱས་ཏེ་རྨས་སྐྱོན་ཚབ་ཆེན་བཟོས་འདུག” ཅེས་བརྗོད་འདུག

ཨ་རིའི་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་གསར་འགོད་པ་སྲུང་སྐྱོབ་མཐུན་ཚོགས་ཀྱིས་ཀྱང་། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་རྒྱ་ནག་ནང་ལོག་ཏུ་བསྐྱོད་ཆོག་པའི་མིང་ཙམ་གྱི་རང་དབང་སྤྲད་ཡོད་ཀྱང་། ས་གནས་ས་ཐོག་ལ་སླེབས་རྗེས་གསར་འགོད་པར་འཇིགས་སྐུལ་དྲག་རྡུང་བྱེད་ཀྱིད་ཡོད་ལ། ལྷག་པར་དུ་གནས་ཚུལ་མཁོ་སྤྲོད་གནང་མཁན་ས་གནས་མང་ཚོགས་དང་རྒྱ་རིགས་གསར་འགོད་པ་ཚོར་སྲོག་ཉེན་གྱི་འཇིགས་པ་འཕྲད་བཞིན་སྟབས།   ཁོ་ཚོའི་ངོས་ནས་རྒྱ་ནག་ནང་ཕྱི་རྒྱལ་གསར་འགོད་པར་ཉེས་རྡུང་གཏོང་བཞིན་པ་དེར་བློ་འཚབ་ཡོད་པ་དང་། དེ་ནི་གསར་འགོད་པའི་གནས་ཚུལ་མཁོ་སྒྲུབ་ཀྱི་ལས་དོན་ལ་ཆེད་དམིགས་བཀག་འགོག་བཟོས་པ་ཞིག་ཡིན་སྐོར་བརྗོད་འདུག  

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱ་ནག་ནང་ཡང་བསྐྱར་ཧྤ་རན་སིའི་གསར་འགོད་པ་ཞིག་དང་ཁོང་གི་ལག་རོགས་གཉིས་ལ་རྒྱ་ནག་ཉེན་རྟོག་པས་གཅར་རྡུང་བྱས་པའི་གནས་ཚུལ་བྱུང་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།
 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༥ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

མཆན། 5

  1. སེང་གདོང་སྐྱབས ། says:
    ལོ་ 14 སྔོན།

    བཟང་གི་་་་་་་གསར་འགོད་པར་རུབ་རྡུང་བྱེད་པ་ནི་རྒྱལ་སྤྱིའི་སྒང་དུ་རང་ཉིད་ཀྱི་རུལ་སུངས་ཀྱི་ངོ་གདོང་ཕྱི་ལ་བསྟན་པ་དངོས་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་དམར་རང་གི་དམར་རྗེན་སྟོན་ས་མ་ནོར་བ་རེད། ཧ་ཧ་ཧ་ཧ།

    Reply
  3. དོན་འགྲུབ། says:
    ལོ་ 14 སྔོན།

    ངོ་ཚ་མེད་པའི་ཁྱི་དང་འདྲ་བའི་རྒྱ་དམར་གཞུང་འདི་ཚང་་་་་་་་་་

    Reply
  4. ཀླུ་ བློ་བསམ། says:
    ལོ་ 14 སྔོན།

    འགྲིག་འདུག དེང་སྐབས་ཀྱི་དྲག་སྤྱོད་པ་དེ་ཚོས་གཅིག་ནས་རྒྱལ་ཁབ་དང་གཉིས་ནས་རང་གི་མི་རིགས་འཛམ་བུ་གླིང་ལ་མགོ་འཇོག་ས་མེད་པ་བཟོ་གི་འདུག འདི་ལྟ་བུ་བོད་ནང་ལ་སུས་ཀྱང་མི་མཐོང་བའི་ལྐོག་གྱུར་ཞིག

    Reply
  5. ཤིང་ལོ། says:
    ལོ་ 14 སྔོན།

    ཡར་ལ་རྭ་ཅོ་གཡུག མར་ལ་རྐང་པ་གཡུག་དང་། ཉིན་གཅིག་ཁྱི་ཚང་སང་ཁ་ལོ་སྒྱུར་ཡོང་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese